སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་ལས་དོན་གྱི་ཚོགས་འདུ་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-10-11 10:03:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་ལས་དོན་གྱི་ཚོགས་འདུ་བསྡུས།

     ཉེ་སྔོན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ཞིང་ཆེན་ཡོངས་ཀྱི་བོད་ལུགས་གསོ་རིག་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་ལས་དོན་ལ་སྐུལ་འདེད་བྱེད་པའི་ཚོགས་འདུ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་འགོ་གཙོ་དང་། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ལས་འཛིན་འགོ་ཁྲིད་ཀླུ་བྱམས་རྒྱལ་དང་། ཡུལ་ཤུལ་ཁུལ་བོད་སྨན་ཁང་། མགོ་ལོག་ཁུལ་བོད་སྨན་ཁང་། མཚོ་ལྷོ་ཁུལ་བོད་སྨན་ཁང་སོགས་ཁུལ་དྲུག་གི་བོད་སྨན་ཁང་གི་འགོ་གཙོ་དང་ཁྲི་ཀའི་བོད་སྨན་ཁང་། ཡ་རྫི་རྫོང་བོད་སྨན་ཁང་། དཔའ་ལུང་བོད་སྨན་ཁང་སོགས་རྫོང་རིམ་པའི་བོད་སྨན་ཁང6གི་འགོ་གཙོ་རྣམས་ཚོགས་འདུར་ཞུགས། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ལས་འཛིན་ལྷན་ཚོགས་རྒྱུན་ལས་ལས་འཛིན་པདྨ་རབ་བརྟན་གྱིས་ཚོགས་འདུར་འགོ་འཛིན་མཛད།
     ཚོགས་འདུའི་སྟེང་། 《མཚོ་སྔོན་བོད་ཀྱི་གསོ་རིག་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་པའི་ལས་ཀའི་ཇུས་གཞི》དང་། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དོན་གཅོད་ཐིང་གི་བསམ་འཆར་འགའ་ཞིག་པར་འགྲེམས་བྱས་པའི་རིམ་དབྱེའི་སྨན་བཅོས་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བའི་བརྡ་ཐོ》གསལ་འགྲེལ་བྱས། 《ཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དོན་གཅོད་ཐིང་གི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་ལ་སྐུལ་འདེད་དང་གོང་འཕེལ་གཏོང་བའི་ལག་བསྟར་ཇུས་གཞི་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《མཚོ་སྔོན་བོད་ཀྱི་གསོ་རིག་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་པའི་ལས་དོན་གྱི་ཇུས་གཞི》དང་། 《མཚོ་སྔོན་ཞིང་ཆེན་གྱི་མི་རིགས་གསོ་རིག་གི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་གྲོས་མཐུན་ཡི་གེའི》ནང་གྲོས་བསྡུར་བཟོ་བཅོས་བྱས།

     ཀླུ་བྱམས་རྒྱལ་གྱིས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་། ཁྲི་ཀ་རྫོང་བོད་སྨན་ཁང་། ཡ་རྫི་རྫོང་བོད་སྨན་ཁང་གཙོ་གནད་དུ་བཟུང་སྟེ་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་བྱས་ཚུལ་ངོ་སྤྲོད་གནང་། ཇི་ལྟར་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་མངའ་ཁུངས་ཀྱི་ལས་ཁུངས་དག་སྔར་བས་མཉམ་འབྲེལ་ལ་ཤུགས་སྣོན་རྒྱག་རྒྱུ་དང་། དེ་བཞིན་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་མཉམ་ལས་ལག་རྩལ་བླང་བྱར་གཞིགས་ཏེ་་གོམ་སྟབས་རྗེས་མར་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་གྲུབ་ཁུངས་སྡེ་ཁག་དག་གིས་ལག་རྩལ་རོགས་སྐྱོར་དང་མཛུབ་ཁྲིད་བྱེད་པ། མི་སྣ་ཟབ་སྦྱོང་། སྦྱོང་བརྡར་གྱི་སྐོར། འཆད་ཁྲིད་སྤེལ་བ། ཆེད་མཁས་ནད་བརྟག་སོགས་ཕྱོགས་མང་པོའི་ཐད་ནས་མཉམ་ལས་ལ་མི་སྒེར་གྱི་བསམ་འཆར་དང་གྲོས་གཞི་བཏོན། ཁོངས་གཏོགས་ལས་ཁུངས་སོ་སོས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ལས་ཀ་བྱེད་སྟངས་བརྒྱུད་ནས་གཞི་རིམ་སྨན་ཐོགས་དངོས་སུ་ཡོད་པར་བྱེད། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་མཉམ་ལས་བྱེད་པར་ཚན་ཁག་ནས་ཚན་ཁག་དང་། མི་ནས་མིའི་བར་ལ་སྦྲེལ་མཐུད་བྱེད། ཉལ་ཁང་ལྟ་ཞིབ། སྨན་བཅོས། མཉམ་བསྡུས་ནད་དཔྱད་དང་། དེ་ནས་ཕྱོགས་གཉིས་སྤོ་སྒྱུར་གྱི་ནད་བརྟག་སྨན་བཅོས་ཐོགས་མེད་བགྲོད་ལམ་འཛུགས་པ་སོགས་ཕྱོགས་མང་པོའི་ཐད་མཉམ་ལས་བྱས་ནས་སྨན་བཅོས་སྡེ་ཁག་སོ་སོ་གོང་འོག་རིམ་པ་བགར་ནས་ཕན་ཚུན་གྱི་སྨན་བཅོས་ལག་རྩལ་ཆུ་ཚད་མཐོར་འདེགས་དང་། རྒྱ་ཆེའི་ནད་པར་དེ་བས་ཞབས་ཞུ་ལེགས་པོ་བསྒྲུབ་པ་ཡིན།
     གྲོས་ཚོགས་ཀྱི་སྐབས་སུ་ཚོགས་ཞུགས་མི་སྣས་སྨན་ཁང་གི་ལས་ཀའི་དོན་དངོས་དང་ཟུང་སྦྲེལ་སྒོས་ཕྱོགས་གཉིས་སུ་སྨན་བཅོས་བརྗེ་སྒྱུར་བྱ་རྒྱུའི་འཚོལ་ཞིབ་དང་། རིགས་མཐུན་རྒྱབ་སྐྱོར་བཅས་བྱེད་པ། རྒྱང་བསྟེན་སྨན་བཅོས་ཀྱི་ཞབས་ཞུ། ཆེད་ཚན་འཛུགས་སྐྱོང་དང་དེ་བཞིན་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཆ་འཕྲིན་ཅན་གྱི་ལས་སྟེགས་འཛུགས་སྐྲུན་སོགས་ཀྱི་ཐད་ནས་བརྗེ་རེས་དང་མཉམ་ལས། ཐོན་ཁུངས་མཉམ་སྤྱོད་སོགས་ཀྱི་ཐད་གྲོས་བསྡུར་གཏིང་ཟབ་གནང་།
     ཚོགས་འདུའི་སྟེང་གཅིག་མཐུན་གྱི་ལྟ་བ་གྲུབ་པ་སྟེ། མི་རིགས་ཀྱི་གསོ་རིག་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་པ་ནི་གཞུང་གཉེར་སྨན་ཁང་བསྒྱུར་བཅོས་གཏིང་ཟབ་སྤེལ་བའི་གལ་ཆེའི་བྱ་ཐབས་ཤིག་དང་། མི་རིགས་ས་ཁུལ་གྱི་སྨན་བཅོས་ཐོན་ཁུངས་གོང་འོག་སྡེབ་སྒྲིག་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རིམ་དབྱེ་སྨན་བཅོས་ཀྱི་ལམ་སྲོལ་འཛུགས་རྒྱུ་དང་ཕན་ཚུན་བསྟེན་རེས་བཅས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། སླད་ཕྱིན་ཁོངས་ཞུགས་ལས་ཁུངས་ཁག་གིས་སྡེ་ཚན་གྱིས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་ལེགས་ཆར་བརྟེན་ནས་མང་ཚོགས་ཀྱི་ནད་ལྟ་དཀའ་བའི་གནད་དོན་ཐག་གཅོད་གང་ཐུབ་དང་། མང་ཚོགས་ལ་སྒོ་འགྲམ་ནས་ཀ་རིམ་པ་གསུམ་པའི་སྨན་ཁང་གི་སྤུས་ལེགས་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་དང་། མང་ཚོགས་བློ་ཡིད་ཚིམ་པ་དང་སྲིད་གཞུང་བློ་ཡིད་ཆེས་པ། ལས་བཟོ་བའི་ཡིད་བརྟན་པ་སྔོན་དཔག་གི་དམིགས་འབེན་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ཀྱི་སྨན་དང་སྨན་བཅོས་བྱ་གཞག་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་བྱ་དགོས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...