སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འཛམ་གླིང་འདུལ་འདྲིལ་གཅོང་ནད་ཀྱི་འགོག་བཅོས་ཉིན་མོ།
རྩོམ་པ་པོ། གངས་སྨྱུག་འཛིན། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-8 11:22:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
འཛམ་གླིང་འདུལ་འདྲིལ་གཅོང་ནད་ཀྱི་འགོག་བཅོས་ཉིན་མོ།
བོད་ཡིག འཛམ་གླིང་འདུལ་འདྲིལ་གཅོང་ནད་ཀྱི་འགོག་བཅོས་ཉིན་མོ།
དབྱིན་ཡིག  World Tuberculosis Day
གཏན་འཁེལ་དུས་ཚོད། 1995ལོ་མཇུག
དུས་ཆེན་དུས་ཚོད། ལོ་ལྟར་སྤྱི་ཟླ3ཚེས23ཉིན།
གཏན་འཁེལ་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས།
     འཛམ་གླིང་འདུལ་འདྲིལ(World Tuberculosis Day)ལམ་འཛམ་གླིང་འདུལ་འདྲིལ་གཅོང་ནད་འགོག་བཅོས་ཞེས་པ་ནི་ལོ་ལྟར་སྤྱི་ཟླ་3ཚེས་23ཉིན་གཏན་འཁེལ་བྱས་པ་དང་། འདི་ནི་1882འཇར་མན་གྱི་སྐྱེ་དངོས་ཕྲ་རབ་རིག་པ་མཁས་ཅན་ལུའོ་པོ་ཐེ་· ཁོའོ་ཧོ་ཡིས་འདུས་འདྲིལ་ནད་ཀྱི་ནད་འབུ་གསར་རྟོགས་ཐུབ་པས་རྐྱེན་གྱིས་ཁོང་གི་དྲན་གསོའི་ཉིན་མོ་ཞིག་ཡིན་ཟེར་ཡང་ཆོག
     1993 ལོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དབྱིན་ཇིའི་ལོན་ཏོན་དུ། འཚོགས་ཆེན་སྐབས་46པར་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱིས་“གོ་ལ་ཧྲིལ་པོའི་འབྲས་གཅོང་ནད་ཛ་དྲག་གི་བསྒྲགས་གཏམ་》 སྤེལ་བར་མ་ཟད། ཧུར་བརྩོན་གྱིས་དྲིལ་བསྒྲགས་བྱས་ནས་ནད་གཞི་འདི་འགོག་བཅོས་བྱེད་དགོས་པའི་གལ་ཆེན་རང་བཞིན་གྱི་བླང་བྱ་སྟོན་པ་རེད།
ནད་གཞི་འདི་ནི་གློ་བ་སོགས་ཀྱི་ནང་དུ་མཛེར་རྡོག་མཁྲེགས་པོ་མང་པོ་ཡོད་པའི་དལ་བ་རང་བཞིན་ཅན་གྱི་གཅོང་ནད་འབུ་ཕྲ་ཡོད་པའི་འགོས་ནད་རིགས་ཤིག་ཡིན། ནུབ་ཕྱོགས་པས་ནད་དེའི་མིང་ལ་Tuberculosisཟེར་གྱི་ཡོད།
     ནད་གཞི་འདིའི་འགོས་རིམས་གཙོ་བོ་ནི།  མཁའ་རླུང་དང་། དེ་བཞིན་ཁྲག་ལམ་བརྒྱུད་ནས་འགོས་ཁྱབ་འགྲོ་བ། གློ་བ་དང་། རུས་པ། རྒྱུ་མ། ཀླད་པ། མཁལ་མ། རུས་ཚིགས་སོགས་ལ་ནད་གཞི་འདི་ཕོག་སླ་པོ་ཡོད།
     ནད་རྟགས།  ལུས་ཀྱི་ཤེད་ཤུགས་ཉམས་པ། དང་ག་ཞེན་པ་དང་། སྒྱིད་ལུག་པ། འགའ་ཞིག་ཤ་སྐམ་ནས་ལུས་ཀྱི་ལྗིད་ཚད་ཆག་པ། ཚ་བ་རྒྱས་པ། ནུབ་མོ་མལ་སའི་ནང་རྔུལ་གྲང་བརྒྱབ་ནས་གྱོན་གོས་ཀྱང་ལུས་པོར་འབྱར་ཡོང་བ། ལུད་པ་དཀར་པོ་འབྱག་བག་ཅན་ལུ་བ་དང་། ནད་པ་འགའ་ཞིག་ལ་དེ་བས་ཚབས་ཆེ་བ་ཁྲག་སོགས་ཀྱང་ལུ་བ། དབུགས་སྣ་ཐུང་བ། བུད་མེད་རྣམས་ཟླ་མཚན་མི་སྙོམས་པ་དང་། ཟླ་མཚན་འགགས་པ་སོགས་ཡོད། བོད་ལུགས་གསོ་རིག་གི་དྲི་ཆུར་བརྟག་སྐབས། མདོག་དམར་སེར་ཅན་ལ་ཀུ་ཡ་སྤྲིན་དང་འདྲ་བའི་མངོན་རྟགས་ཡོད་པའོ། །
     བཅོས་བྱ་ཐབས་ནི། སྨན་བཅོས་དུས་ཡུན་རིང་པོ་རྒྱུན་འཁྱོངས་བྱེད་པའི་སྟེང་དུ་འཚོ་བཅུད་ཡོད་པའི་ཁ་ཟས་ཚད་རན་པོ་ཟ་བ་དང་། ནད་ཚབས་ཆུང་བ་རྣམས་འོས་འཚམ་གྱི་འགུལ་བསྐྱོད་ཅུང་ཙམ་བྱེད་ན་ཕན་པ་མི་དམན་པ་ཞིག་ཡོད་འོན་ཀྱང་ཚབས་ཆེན་ནད་རིགས་རྣམས་ངལ་གསོ་གཙོ་བོར་བྱས་ནས་སྨན་བཅོས་བྱེད་རྒྱུ་གལ་ཆེའོ།།
     བོད་སྨན་བཏང་ན། གཙོ་བོ་ཉེར་ལྔ་ཁ་ཚར་ཙན་དང་། བསེ་རུ་ཉེར་ལྔ། བསིལ་བཅུད་བཅོ་ལྔ། ཟངས་ཐལ་ཉེར་ལྔ། ཅུ་གང་ཉེར་ལྔ་སོགས་གཏོང་བ་དང་། ནད་པ་འགའ་ཞིག་ཁྲག་ལུ་བ་སོགས་ཀྱི་གནས་ཚུལ་ཡོད་པས་དེ་དག་ལ་གུར་བརྒྱད་ཁ་ཚར་གཏོང་བ་སོགས་སྨན་པའི་བཀའ་བཞིན་སྨན་གཏོང་དགོས།
     ནུབ་སྨན་བཏང་ན།  异烟肼、福利平、乙胺丁醇、སོགས་སྨན་པའི་བཀའ་བཞིན་སྨན་གཏོང་དགོས།
     གོང་གསལ་གྱི་ནུབ་སྨན་འདིའི་རིགས་ཞོར་སྐྱོན་མང་པོ་ཡོད་སྟབས་མཆིན་པ་སོགས་ཞོར་སྐྱོན་མི་འབྱུང་བའི་ཆེད་དུ་ངེས་པར་དུ་护肝片ཞེས་པའི་སྨན་འདི་རྒྱུན་ཆད་མེད་པར་གཏོང་དགོས་ལ་ལྷག་པར་དུ་ནུབ་སྨན་ཟ་མཁན་ཞིག་ཡིན་ན་ཟླ་བ་རེ་རེའི་ནང་མཆིན་ནུས་རྒྱ་སྐད་དུ་肝功ཞེས་པ་དེ་ཐེངས་གཅིག་བརྟག་དཔྱད་བྱེད་དགོས་པའོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...