སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཐུམ་འབུའི་ནད་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས།
རྩོམ་པ་པོ། གངས་•སྨྱུག་འཛིན། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-12 9:13:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

ཐུམ་འབུའི་ནད་ཀྱི་ངོ་སྤྲོད།
     ཐུམ་འབུའི་ནད་ཅེས་པ་འདི་ནི་འབྲོག་ཁུལ་དུ་མཐོང་མང་བའི་མི་ལུས་ཀྱི་བདེ་ཐང་ལ་གནོད་འཚེ་བཟོ་མཁན་གྱི་ཚབས་ཆེན་ནད་རིགས་ཤིག་ཡིན་པ་མ་ཟད། ཕྱུགས་ལས་ཐོན་སྐྱེད་ལ་འགོག་རྐྱེན་ཡང་བཟོ་ཡི་ཡོད། ནད་རིགས་འདི་ནི་ཤ་གཟན་སྲོག་ཆགས་དང་རྩྭ་གཟན་སྲོག་ཆགས་ཀྱི་ཕུང་པོའི་ནང་དུ་ཡོད་པའི་གཞན་བརྟེན་གྱི་རྒྱུན་སྲིན་ལེབ་མོ་ཞིག་ཡིན། འདི་ནི་དལ་ལངས་རང་བཞིན་ཅན་གྱི་ས་མཐོའི་ནད་རིགས་ཤིག་ཏུ་ངོས་འཛིན་ཀྱི་ཡོད།

ཐུམ་འབུའི་ནད་འགོ་ཚུལ།
     རྒྱུན་སྲིན་ལེབ་མོ་འདི་ནི་ཁྱི་དང་སྤྱང་ཀི ཝ་མོ། འཕར་བ་སོགས་ཀྱི་རྒྱུ་ནག་གི་ནང་དུ་ཡོད་ལ་དུས་ཚོད་ངེས་ཅན་ཞིག་ལ་སྲོག་ཆགས་འདི་དག་ཀྱི་གཅིན་སྐྱག་དང་མཉམ་དུ་འབུ་སྒོང་འབོར་ཆེན་ཞིག་ཕྱིར་བཏང་ནས་ཉེ་འཁོར་གྱི་རྩྭ་ས་ཁག་ཏུ་འབག་བཙོག་བཟོ་ཡི་ཡོད། དེ་ལྟར་འབག་བཙོག་ཏུ་སོང་བའི་རྩ་ཆུ་དག་ནོར་ལུག་གིས་ཟོས་ནས་འབྲོག་པའི་སྒོ་ཟོག་ལའང་ནད་རིགས་འདི་འགོ་ཡི་ཡོད། མ་ཟད་རང་ཁྱིམ་གྱི་སྒོ་ཁྱིའི་མགོ་བོར་བྱིལ་བྱིལ་བྱེད་པ་དང་བརྩེ་བ་སོགས་བྱས་རྗེས་ལག་པ་མ་བཀྲུ་བར་ཐད་ཀར་ཟ་མ་ཟ་བ་སོགས་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་མ་བྱས་པའི་སྟབས་ཀྱིས་ནད་རིགས་འདི་འགོ་ཡི་ཡོད།

སྔོན་འགོག་བྱེད་ཐབས།
༡ རང་རང་གི་སྒོ་ཁྱི་བདག་བཟུང་ཡག་པོ་བྱས་ཏེ་སྒོ་ཁྱི་ལ་འབུ་མེད་པ་བཟོ་བྱེད་ཀྱི་སྨན་སྟེར་བ་དང་། སྒོ་ཁྱི་དག་ཁྱི་སྡོམ་ལ་འགྱུར་དུ་མི་བཅུག་པ།

༢ ཕྱུགས་ཟོག་གི་ཤ་རིགས་ཐད་ལ་འཕྲོད་བསྟེན་གྱི་ལྟ་སྐུལ་ནན་མོར་བྱེད་པ་དང་། ཐུམ་འབུའི་ནད་རིགས་ཡོད་པའི་སྒོ་ཟོག་གི་ནང་ཁྲོལ་གང་བྱུང་དུ་གཡུག་མི་རུང་ལ་རང་གི་སྒོ་ཁྱི་དང་ཁྱི་སྡོམ་སོགས་ལ་དེ་བས་སྟེར་མི་རུང་།

༣ གཙང་སྦྲ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཞིག་ཆགས་པར་བྱས་ནས་ཟ་མ་མ་ཟོས་སྔོན་ལ་ལག་པ་གཙང་མ་བཀྲུ་དགོས་ལ་རྒྱུན་དུ་རང་འབབ་ཆུ་ཁུངས་ལ་འབག་བཙོག་མི་ཡོང་བའི་སྲུང་སྐྱོབ་བྱེད་དགོས་ལ་ཆུ་གྲང་མོ་འཐུང་བ་དང་། རྗེན་ཟས་རིགས་ཀྱི་ཤ་དམར་ཟ་མི་རུང་།

༤ དུས་རྒྱུན་དུ་བདེ་ཐང་ཤེས་བྱའི་སྐོར་གྱི་རྒྱུན་ཤེས་དེབ་ཆུང་དག་མང་ཙམ་བལྟས་ནས་རང་ཉིད་དང་རང་གི་ཁྱིམ་མཚེས་སོགས་ཉེ་འཁོར་གྱི་ཞིང་འབྲོག་ཁུལ་གྱི་མི་རྣམས་ལ་བདེ་ཐང་ཤེས་བྱའི་འདུ་ཤེས་མཐོར་འདེགས་སུ་བཏང་ནས་ནད་རིགས་འདི་དག་གཏན་དུ་རང་ཉིད་དང་ཐག་ཇེ་རིང་དུ་གཏོང་དགོས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...