སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་སྨན་གྱིས་ཁྲག་ཤེད་མཐོ་བའི་ནད་གསོ་ཐབས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-4 11:01:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ཁྲག་ཤེད་མཐོ་བའི་ནད་ནི་གཙོ་བོ་དར་མ་དང་རྒན་རབས་པར་བྱུང་བའི་ནད་རིགས་ཤིག་ཡིན་ཞིང་། མིའི་རིགས་ཤི་བའི་ནད་རིགས་གཙོ་གྲས་ཤིག་ཀྱང་ཡིན། དཔེར་ན་སྙིང་གཟེར་དང་ཀླད་པའི་ཁྲག་རྩའི་ནད་སོགས་བྱུང་བའི་རྒྱུ་རྐྱེན་གཙོ་བོའང་ཡིན། 1997ལོར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་གྲོང་ཁྱེར་ཁག་30ཡི་མི་གྲངས་950356ལ་དཔེ་འདེམས་བརྟག་དཔྱད་བྱས་པ་ན། རྒྱལ་ཡོངས་ལ་ཁྲག་ཤེད་མཐོ་བའི་ནད་ཕོག་པའི་བསྡུར་ཚད་ནི་11.88%ལ་སླེབས་ཡོད་ལ། དར་མ་དང་རྒན་རབས་པར་ནད་འདི་ཕོག་པའི་བསྡུར་ཚད་ནི་ཧ་ལམ་24%-40%ལ་ཟིན་ཡོད། 
     1997ལོའི་ལོ་མཇུག་ནས་རང་རྒྱལ་གྱི་ཁྲག་ཤེད་མཐོ་བའི་ནད་པ་མི་གྲངས་དུང་ཕྱིར་1.1ལ་སླེབས་ཡོད་ལ། ཆ་སྙོམས་མི་11དང་ཡང་ན་ཁྱིམ་ཚང་གསུམ་དུ་ཁྲག་ཤེད་ཆེ་བའི་ནད་པ་གཅིག་རེ་ཡོད། མིག་སྔར། རང་རྒྱལ་གྱི་ཁྲག་ཤེད་ཆེ་བའི་ནད་པའི་ཁ་གྲངས་ལོ་རེ་བཞིན་མི་ཁྲི་350ཡི་མྱུར་ཚད་ཀྱིས་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ཁྲག་ཤེད་མཐོ་བའི་ནད་ཀྱིས་སྙིང་དང་ཀླད་པ་མཁལ་མ་སོགས་ལ་གནོད་འཚེ་ཐེབས་བཞིན་ཡོད་པས་ནད་པ་དག་གི་འཚོ་བའི་རྒྱུ་སྤུས་མངོན་གསལ་དོད་པོས་ཇེ་ངན་དུ་བཏང་ཡོད། 
     སྙིང་རྒུད་པ་དང་གཟའ་གྲིབ། སྙིང་རྩ་འགགས་པ། གཅིན་དུག་ནད་བཅས་ནི་ཁྲག་ཤེད་མཐོ་བའི་ནད་ཀྱི་ནད་རྟགས་གཙོ་གྲས་ཡིན་པ་དང་། ཁྲག་ཤེད་མཐོ་བའི་ནད་ནི་ཤི་རྐྱེན་གཙོ་བོའང་ཡིན། 
     ནད་འདི་ཡིས་ཤི་བའི་བསྡུར་ཚད་ནི་མིའི་རིགས་ཤི་བའི་བསྡུར་ཚད་ཀྱི་བརྒྱ་ཆའི་མང་གྲས་ཟིན་ཡོད། ཉེ་ལམ་་རྒྱལ་ཕྱི་ནང་གི་མཁས་དབང་གང་མང་གིས་ཁྲག་ཤེད་མཐོ་བའི་ནད་ཀྱི་ཞིབ་འཇུག་ལ་བརྩི་མཐོང་ཆེན་པོ་བྱེད་བཞིན་ཡོད་མོད། ད་སྔའི་བར་དུ་ཁྲག་ཤེད་མཐོ་བའི་ནད་ཚོད་འཛིན་ཐུབ་པ་ལས་བཅོས་ཐུབ་བཞིན་མེད། སྔ་ལམ་ནས་རྒྱུན་རིང་བོར་ཕན་པ་ཡོད་པའི་སྒོ་ནས་ཁྲག་ཤེད་མཐོ་བའི་ནད་ཚད་བཀག་བྱེད་པ་དེ། འཚོ་བའི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བ་དང་། ཤི་བའི་བསྡུར་ཚད་ཇེ་དམའ་རུ་གཏོང་བ། གཅིན་དུག་ནད་དང་སྙིང་དང་ཀླད་པའི་ཁྲག་རྩའི་ནད་བྱུང་བའི་ཚད་གྲངས་ཇེ་ཉུང་དུ་གཏོང་བ་བཅས་ལ་ཕན་པ་བླ་ན་མེད་པ་ལྡན། བོད་སྨན་གྱིས་ཁྲག་ཤེད་མཐོ་བའི་ནད་ཀྱི་ངོས་འཛིན། ཁྲག་ཤེད་མཐོ་བའི་ནད་ནི་བོད་སྨན་གྱི་ཁྲག་རླུང་གི་ནད་དང་འདྲ་ལ། གཙོ་བོ་ནི་རླུང་འཁྲུག་པ་ལས་བྱུང་བའི་ནད་རིགས་ཤིག་ཡིན། གཞན་དུ་ཁྲག་རླུང་ལྡང་བའི་ནད་ཀྱང་ཟེར། རྒྱུ་མཚན་གང་མང་ཞིག་གིས་ཁོག་པའི་ནང་གི་རླུང་ཇེ་མང་དུ་སོང་བ་ལ་རླུང་ལྡང་བའི་ནད་ཀྱང་ཟེར་ལ། ལུས་ངག་ཡིད་གསུམ་གྱི་ངལ་རྩོལ་བྱས་དྲག་པ་དང་ཉི་མར་ལྡེ་བ། ཚ་ཐབ་ལ་སྲོ་བ་ཚད་ལས་བརྒལ་བ་ལས་བྱུང་བའི་ཁྲག་ཤེད་ནད་ལ་ཁྲག་འཕར་བའི་ནད་བྱ། ནད་རིགས་གཉིས་ཀྱི་མིང་ལ་ཁྲག་རླུང་ཐོག་བསྐྱིལ་བའི་ནད་དུ་བྱ། ཁྲག་ཤེད་མཐོ་བའི་ནད་ལ་ཕན་པའི་བོད་སྨན། བྱུ་རུའི་བདུན་ཅུ་རུལ་བུ་དང་སྨན་སྣ་18ཚང་བའི་ཙན་ཏན་དམར་པོའི་རུལ་བུ། སྨན་སྣ་25ཚང་བའི་སྐྱུ་རུ་རའི་རུལ་བུ་བཅས་ཏེ་བསྟེན་ཐབས་ནི། ཞོགས་པ་ཟ་མ་མ་བཟས་གོང་དུ། བྱུ་རུའི་བདུན་ཅུ་རུལ་བུ་གཅིག ཉིན་གོང་ཟ་མ་བཟས་རྗེས། སྨན་སྣ་18ཚང་བའི་ཙན་ཏན་དམར་པོའི་རུལ་བུ་གསུམ། དགོང་མོ་མ་གཉིད་གོང་དུ། སྨན་སྣ་25ཚང་བའི་སྐྱུ་རུ་རའི་རུལ་བུ་གསུམ་བཅས་སོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...