སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱུན་ལྡན་འཚོ་བའི་ནང་གི་འཛེམ་བྱ་འགའ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-1 10:59:00 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས།
ཉ་རུས་མིད་པར་ཟུག་སྐབས་ཚུའུ་འཐུང་བ།
     མི་འགས་ཉ་རུས་མིད་པར་ཟུག་སྐབས་ཚུའུ་བཏུངས་ན། ཉ་རུས་ཕྱིར་དོན་ཐུབ་ཅེས་བརྗོད་ཀྱི་ཡོད། དོན་དུ་ཚུའུ་ཡིས་ཉ་རུས་ཕྱིར་མི་དོན་པའི་ཁར་མིད་པའི་སྐྱི་ལྤགས་འཚིག་ཉེན་ཡོད།
ལག་པ་མི་འཁྲུད་བར་སྨན་གཏོང་བ།
     སྨན་མཁྲེགས་པོའི་རིགས་གཏོང་དུས་ལག་པ་མ་བཀྲུས་ཚེ། ལག་པའི་ངོས་ཀྱི་འབུ་ཕྲ་སྨན་དང་མཉམ་དུ་ཁར་ཤོར་ཏེ་སྨན་ནུས་ཇི་བཞིན་ཐོན་མི་ཐུབ། གལ་ཏེ་རིལ་བུ་ཆུང་བ་ཡིན་ན་ཐད་ཀར་ཁྱུར་མིད་གཏོང་དགོས་པ་དང་། རིལ་བུ་ཆེ་ཙམ་ཡོད་ཚེ་ཆེད་སྤྱོད་ཀྱི་སྣོད་དུ་ཞིབ་ཞིབ་བཟོས་ཏེ་ཟ་དགོས།
ཞོགས་ཟས་མི་ཟ་བའི་གོམས་གཤིས།
     མི་ཁག་གཅིག་གིས་ཞོགས་ཟས་སྣང་མེད་དུ་བཏང་ནས་མི་ཟ་བའམ་ཡང་ན་སྟབས་བདེ་པོ་ཞིག་ལས་ཟ་ཡི་མེད། དོན་དུ་ཞོགས་ཟས་རྒྱགས་པ་མ་བཟས་ན། ཕོ་བར་གནོད་འཚེ་ཤིན་ཏུ་ཆེ་ལ། མཁྲིས་རྡོ་ཆགས་སླ་བ་དང་རྒས་མགྱོགས་པའི་སྣང་ཚུལ་ཡང་ཐོན་སྲིད།
ར་བཟི་རྗེས་ཇ་གར་པོ་འཐུང་བ།
     ཇའི་ཉིང་ཁུ་དང་ཆང་རག་ཉིང་ཁུ་གཉིས་འདྲེས་ཚེ། རྫས་འགྱུར་གྱི་འགྱུར་བ་བྱུང་ནས་ར་དྭངས་རྒྱུ་ལྟ་ཅི་ར་བཟི་རུ་འགྲོ་ཉེན་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...