སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སོ་ཡག་པོ་འཁྲུད་ན་མིད་པར་འབྲས་སྐྲན་ཕོག་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-28 9:22:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     འཁྲུད་པ་དེ་ནི་སོ་ཁོ་ན་སྲུང་སྐྱོང་བྱས་པ་ཙམ་མ་ཡིན་པ། ཨ་རིའི་ཞིབ་འཇུག་མི་སྣས་ཤེས་རྟོགས་བྱུང་གསལ། ཁའི་འཕྲོད་བསྟེན་ཡག་པོ་བྱས་ན། གཅིག་བྱས་ན་མིད་པར་འབྲས་སྐྲན་ཕོག་པའི་ཉེན་ཁ་ཆུང་དུ་ལྡབ་གཉིས་ལྷག་ཙམ་གཏོང་ཐུབ་ཀྱི་རེད།
     ཉིའུ་གཡོད་སློབ་ཆེན་གྱི་ཞིབ་འཇུག་མི་སྣས《འབྲས་སྐྲན་ཞིབ་འཇུག》ཅེས་པའི་ཟླ་རེའི་དུས་དེབ་ཐོག་ཏུ་སྙན་ཞུ་བཀོད་པར། ཁོང་ཚོས་མི་ཁྲི་12.2ཀྱི་ཁའི་མ་དཔེར་དབྱེ་ཞིབ་བྱས་ཤིང་། དེའི་ཁྲོད་ཀྱི་ཞིབ་འཇུག་བྱ་ཡུལ་མི་106ལ་དེའི་རྗེས་ཀྱི་ལོ་10ནང་མིད་པར་འབྲས་སྐྲན་ཕོག་པ་རེད། ཞིབ་འཇུག་མི་སྣས་ཁའི་ནང་དུ་རྙིལ་ཚད་དང་འབྲེལ་བའི་འབུ་ཕྲ་ཁ་ཤས་དེ་དག་གལ་ཏེ་འདུས་ཚད་ཅུང་ཆེ་ན། མིད་པར་འབྲས་སྐྲན་ཕོག་པའི་ཉེན་ཁ་མཐོ་རུ་21%འགྲོ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་བ་རེད།
     ཞིབ་འཇུག་འདིར་གཙོ་ཁྲིད་བྱེད་མཁན་དགེ་རྒན་ཆེ་མོ་བ་ཞིག་གིས་མིད་པར་འབྲས་སྐྲན་ཐོག་མ་ཕོག་པའི་ན་ལུགས་ན་སྟངས་མངོན་གསལ་དོད་པོ་མིན་པས། མི་མང་པོའི་ནད་ངོ་ཟིན་དུས་མིད་པར་འབྲས་སྐྲན་ཕོག་ནས་ཡུན་ཅུང་རིང་པོ་དང་ཡུན་རིང་པོ་སོང་བ་ཡིན་པས། འཚོ་གནས་ཐུབ་ཚད་མཐོན་པོ་མེད་པ་རེད་ཅེས་བཤད་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...