སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་གསོ་བ་རིག་པའི་སྨན་ལུམས།
རྩོམ་པ་པོ། ཚེ་སྒྲོན་གྱིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-12 9:08:00 རྩོམ་ཁུངས། བོད་ལྗོངས་འཕྲིན་དྲ། ཀློག་གྲངས།


ཁྱད་འཕགས་གསོ་རིག་ཤུལ་བཞག་རྒྱུན་འཛིན་བྱེད། ལུས་བདེ་སེམས་སྐྱིད་ཡོང་ཆེད་སྨན་ལུམས་རྒྱག


ཁྱད་འཕགས་གསོ་རིག་ཤུལ་བཞག་རྒྱུན་འཛིན་བྱེད། ལུས་བདེ་སེམས་སྐྱིད་ཡོང་ཆེད་སྨན་ལུམས་རྒྱག


ཁྱད་འཕགས་གསོ་རིག་ཤུལ་བཞག་རྒྱུན་འཛིན་བྱེད། ལུས་བདེ་སེམས་སྐྱིད་ཡོང་ཆེད་སྨན་ལུམས་རྒྱག

     འཕགས་ནོར་སྐྱེས་དངོས་ཚན་རྩལ་ཚད་ཡོད་ཀུང་སི་ནི་སྤྱི་ལོ་2017ལོའི་ཟླ་བ་བདུན་པར་གསར་འཛུགས་བྱས་པའི་བོད་ལུགས་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་བདེ་སྲུང་གི་དགོངས་པ་གཞིར་བཟུང་མིའི་ལུས་ཀྱི་བདེ་ཐང་སྲུང་བ་དང་ནད་རིགས་སྔོན་འགོག་གཞི་གཅིག་ཏུ་སྒྲིལ་བའི་སྨན་ལུམས་རྒྱག་ས་ཞིག་རེད།
     བོད་ལུགས་གསོ་བ་རིག་པའི་བསྐུ་མཉེའི་ཕན་ཡོན་གཙོ་བོ་ནི་ལུས་རྩུབ་པ་དང༌། ཁྲག་དང་ཁུ་བ་ཟད་པ། ལུས་སྟོབས་ཆུང་བ། རྒས་པ། མྱ་ངན་སེམས་ལས་ཆེས་པ། གཉིད་མེད་པ། འབད་རྩོལ་ཆེན་པོའི་བྱ་བས་ལུས་ངལ་ཞིང་དུབ་པ་དང༌། ཁྱད་པར་རླུང་གི་ནད་ལ་སྣུམ་བྱུག་པ་སོགས་ལས་ཚེ་ཡི་ཡུན་བསྲིང་བའི་ཐབས་མཆོག་ཞིག་ཡིན།
     འཕགས་ནོར་སྐྱེས་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་བདུད་རྩི་སྨན་ལུམས་ཆེན་མོ་ལྔ་ནི་ཤུག་པ་དང་བ་ལུ། མཚེ་ལྡུམ། མཁན་པ། འོམ་བུ་དང་རྩ་བ་ལྔ་ལ་སོགས་སྨན་སྣ་སུམ་ཅུ་ལྷག་ལས་གྲུབ་པ་ཞིག་དང་། བོད་ལུགས་གསོ་རིག་དཔལ་ལྡན་རྒྱུད་བཞིའི་དགོངས་པ་གཞིར་བཟུང་སྨན་གྱི་བཅུད་བདུད་རྩི་ལྔ་ལ་སོགས་པ་རང་བྱུང་སྨན་རྫས་སྣ་མང་དང་ཟས་རིགས་ལས་གྲུབ་པའི་བྱུག་པ་ཞིག་རེད།
 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...