སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱུན་སྤྱོད་སྨན་སྦྱོར་ནུས་པ་ཕྱོགས་བསྒྲིགས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-19 11:09:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
༡ དཀར་པོ་དྲུག་སྦྱོར།  六味白药散
མ་ཞུ་བ་དང་མིག་ལ་སྐྱ་རིབ་འབྱུང་།།
མེ་དྲོད་ཉམས་དང་བད་ཀན་སྨུག་པོ་ལ།།
ཐེངས་པས་ཆོག་པའི་སྨན་མཆོག་རྒྱལ་བོའོ།།
༢ ཀོ་བྱི་བདུན་པ།七味马钱子散
རླུང་གིས་ངན་ཁྲག་སྟོད་ལ་རྒྱས་པ་དང་།།
འབམ་རིགས་གྱེན་ལོག་སྟོད་འཚངས་སོགས་ལ་བསྔགས།།
༣ སྐྱུ་རུ་ཉེར་ལྔ།  二十五味余甘子丸
ཀ་ར་སྦྱར་བའི་སྐྱུ་རུ་ཉེར་ལྔ་འདི།།
ཁྲག་ཤེད་མ་ལུས་འཇོམས་པའི་སྤྱི་སྨན་ཡིན།།
གཏར་དགོས་གཏར་མི་རུང་ལ་སྨན་འདི་བསྟེན།།
སྟོད་གཟེར་ཁྲག་འཁྲུགས་ཚ་བ་སྟོད་རྒྱས་དང་།།
སྨུག་པོ་ཁྲག་རྒྱས་རོ་རྒྱབ་སྒལ་གཟེར།། 
ཁྲག་རུལ་དུད་ཁུ་སྐྱུགས་དང་ཕོ་མཆིན་ན།།
སྨུག་པོ་མཚོ་ཆེན་གྱེན་ཐུར་རྡོལ་བ་དང་།།
རྒྱས་འཁྲུགས་གབ་རྙིང་བྱེར་འཐབ་ལ་སོགས་པའི།།
འདུས་ནད་སྨུག་པོ་འཇོམས་པའི་སྨན་མཆོག་ཡིན།།
༤སྐྱེར་ཤུན་བརྒྱད་པ།八味小檗皮散
སྰ་རའི་མྱོང་གྲུབ་སྐྱེར་ཤུན་བརྒྱད་པ་འདིས།།
ས་བོན་ཁྲག་དང་བསྡོངས་ཏེ་འཛགས་པ་དང་།།
ཆུ་བཙགས་རྗེས་ལ་ཆུ་ཁ་ཚ་ཙག་བྱེད།།
མདོར་ན་ཁྲག་མཁྲིས་ལས་གྱུར་ཚ་འཛག་ཀུན།།                
སེལ་བར་སྨན་མཆོག་འདི་རང་ལྷག་པར་མཐོང།
༥ སྐྲན་འཇོམས་ཟླ་བསིལ།医痞月亮散
ཁྲག་སྐྲན་ཚ་སྐྲན་མཁྲིས་སྐྲན་འཇོམས་པའི་མཆོག
༦ཀླུ་བདུད་བཅོ་བརྒྱད།  十八位党参丸
ཀླུ་བདུད་བཅོ་བརྒྱད་ཆུ་སྐོལ་ཚན་མོས་དབུལ།།
མཛེ་དང་གཡན་པ་གླང་ཤུ་དྲེག་ནད་དང་།།  
ཟ་རྐོང་ཕོལ་འབྲས་གཉན་སྲིན་ཡ་མ་སོགས།།
ཆུ་སེར་ཚ་བའི་ནད་རིགས་ཡིན་ནོ་ཅོག།།
ཁྱད་པར་ཐིག་ནག་འབམ་དང་གྲུམ་བུ་འཇོམས།།
༧ཁྲག་གཅོད་གུར་བརྒྱད།八味西红花止血散
ཁྲག་གཅོད་གུར་གུམ་བརྒྱད་པ་ཚད་ལྡན་གྱིས།། 
སྨུག་པོ་གྱེན་དུ་རྡོལ་ལམ་ཐུར་དུ་རལ།། 
རྩ་ཆེན་མཚོན་གྱིས་བཅད་དམ་སྣ་ཁྲག་རྡོལ།།
ཁྲག་ཤོར་མ་ལུས་གཅོད་པའི་མན་ངག་ཡིན།།
༨ ཁྲག་འཁྲུགས་ཀུན་སེལ། 血骚普清散
ཁྲག་འཁྲུགས་ཀུན་སེལ་ཚད་ལྡན་སྦྱོར་བ་ཡིས།།
གཏར་དགོས་གཏར་མི་རུང་བའི་བདུད་རྩི་ཡིན།།   
ཁྱད་པར་གཟེར་གྱི་རིགས་བསྔགས་པ་ཡིན།།
༩ ཁྲག་ཚད་བཅུ་ཐང་།十味血热汤散
ཁྲག་ཚད་བཅུ་ཐང་བསྡུས་གྲང་བསྟེན་པ་ཡིས།།
ཁྲག་ཚད་སྟོད་གཟེར་མགོ་ན་མིག་སྤྲིན་དམར།།
ཚ་རྒྱས་སྐད་འགགས་ཟླ་མཚན་འགགས་ལ་ཕན།།
༡༠ མཁྲིས་ལས་རྣམ་རྒྱལ།三味蔷薇散
མཁྲིས་ལས་རྣམ་རྒྱལ་སྦྱོར་བ་ནི།།   
མཁྲིས་པའི་སྤྱི་སྨན་ངོ་མཚར་ཆེ།།
༡༡མཁྲིས་ཕྱེ་བདུན་པ།  七味熊胆散
མཁྲིས་ཕྱེ་བདུན་པ་ཞེས་གྲགས་སྦྱོར་བ་འདིས།།
རྒྱུ་ལོང་བསྣད་འགྲམས་ཁྲག་མཁྲིས་ཚ་འཁྲུ་གཅོད།།
༡༢ འཁྲུགས་གློ་ཀུན་སེལ། 清肺止咳散
འཁྲུགས་རིམས་སྤྱི་དང་ཁྱད་པར་འགྲམས་ལ་བསྔགས།།
གཞན་ཡང་འཁྲུགས་རྒན་གློ་རོ་ལུད་པ་ལུ།།
ཆམ་གཞུག་ལ་སོགས་ཀུན་ལ་མཆོག་ཏུ་གྱུར།།
༡༣ཁྱུང་ཆེན་བཅུ་བདུན།十七味大鹏散
མཁལ་མའི་དྲོད་ཉམས་ས་བོན་འཛག་པ་དང་།།
གཅིན་ལམ་གཉན་ཚད་གཅིན་འགགས་སོགས་ལ་ཕན།།
༡༤ ཁྱུང་ལྔ།五味麝香丸
བྱ་ཁྱུང་རྣམ་པ་ལྔ་ཡིས་རིལ་བུ་འདིས།། 
སྲོད་དུ་ལྔ་བདུན་དགུ་རྣམས་རིམ་པས་བཏང་།།
ཕོ་ལོག་སྲིན་ནད་གཉན་གཟེར་གག་ལྷོག་དང་།། 
ཁྱད་པར་ཆུ་སེར་མཛེ་ནད་འཇོམས་པའི་མཆོག།  
༡༥ཁྱུང་སྔོན་དགུ་བ།九味青鹏散
ཁྱུང་སྔོན་དགུ་བ་ཚད་ལྡན་སྦྱོར་བ་འདི་།།
རིམས་འཁྲུགས་གཉན་ཚད་སྤྱི་དང་ཁྱད་པར་དུ།།
གློ་ཆམ་གྲེ་བར་བབས་པའི་བདུད་རྩི་ཡིན།། 
༡༦གར་ནག་བཅུ་བ།十味黑冰片散
གར་ནག་བཅུ་བས་རླུང་དང་མ་ཞུ་སྐྲན།། 
གཞན་དབང་ལྡན་པའི་མཁྲིས་ཀུན་འདི་ཡིས་སེལ།།
མ་ཞུ་མཁྲིས་ལྡན་ནད་ལ་ཤིན་ཏུ་བསྔགས།།
ཁྱད་པར་གྲང་མཁྲིས་འཇོམས་པའི་གཉེན་པོ་ཡིན།།
༡༧ གི་ཝང་དགུ་བ།九味牛黄丸
གི་ཝང་དགུ་བ་གཞུང་བཞིན་སྦྱར་བ་འདིས།།
མཆིན་པ་བསྣད་འགྲམས་མཆིན་ཁྲག་རྒྱས་པ་དང་།།
མཆིན་ཚད་བད་ཀན་སྨུག་པོ་རྒྱས་པ་སེལ།། 
༡༨ གུར་གུམ་བཅུ་གསུམ།  十三味红花散
གུར་གུམ་བཅུ་གསུམ་མཆིན་རྒུད་སྦྱར་དུག་དང་།།
མཁལ་མ་བསྣད་འགྲམས་ཆུ་སྲི་ཚ་སྦོས་དང་།།  
ཡ་མ་ནག་པོའི་སྲིན་ནད་སེལ་བར་བྱེད།།
༡༩གུར་གུམ་མཆོག་བདུན།七味红花殊胜丸
གུར་གུམ་མཆོག་བདུན་མཆིན་ནད་གསར་རྙིང་དང་།།
མཆིན་པ་བསྣད་འགྲམས་ཁྲག་རྒྱས་མིག་སེར་སེལ།།
༢༠ གོ་ཡུ་ཉེར་བརྒྱད།  二十八味槟榔丸
གོ་ཡུ་ཉེར་བརྒྱད་འབྲས་བུ་སྐྲངས་པ་དང་།།
དཀར་དམར་གྲང་བ་འཛག་པའི་ནད་རིགས་དང་།།
མཁལ་མའི་དྲོད་ཤོར་དཔྱི་མིག་གཟེར་ལ་བསྔགས།།
༢༡གྱོང་རློན་བཅོ་བརྒྱད། 十八味润僵汤散
རྨ་རྙིང་རྨ་གསར་མཁལ་ནད་ཟླ་མཚན་འགགས།།
རྩ་དཀར་རྩ་ནག་དུག་རིགས་མ་ལུས་འཇོམས།
༢༢ གྲུབ་ཐོབ་རིལ་དཀར།  智托洁白丸
བད་ཀན་སྐྱ་སྨུག་ལྡན་འདུས་སོགས།།    
ནད་ཀུན་སྤྱི་སྨན་ངོ་མཚར་ཆེ།།
མཆོག་ཏུ་ཕོ་བའི་ནད་ལ་བསྔགས།།
༢༣ རྒ་ལོ་སྨན་མར།  七味血病丸
རྒ་ལོ་བ་ཡི་སྨན་མར་འདི།།    
བད་ཁྲག་ནད་ལ་མཆོག་ཏུ་བསྔགས།།
ཁྱད་པར་མན་ངག་ཁ་ཚར་གྱིས།།  
གཏར་དགོས་གཏར་མི་རུང་བ་དང་།།
བད་ཁྲག་བྱེར་བའི་གློ་ནད་དང་།།  
སྨན་རྟ་ཆང་གིས་བྱས་གྱུར་ན།། 
རིམས་མཇུག་ལུད་པ་བཅོས་བརྡུགས་སེལ།།
༢༤རྒུན་འབྲུམ་བདུན་པ།  七味葡萄散
རྒུན་འབྲུམ་བདུན་པ་ཚད་ལྡན་སྦྱོར་བ་འདིས།། 
གློ་ཡི་ནད་དང་དབུགས་མི་བདེ་བ་སེལ།།
༢༥གླང་མེ་བཅོ་བརྒྱད།十八味红花散
གླང་ཆེན་མེ་ཏོག་བཅོ་བརྒྱད་ཅེས་གྲགས་པ།།
མཆིན་ཁྲག་སྨུུག་པོ་རྒྱས་པ་སེལ་བའི་མཆོག།
༢༦ དངུལ་ཆུ་བཅོ་བརྒྱད།十八味欧曲散
དངུལ་ཆུ་བཅོ་བརྒྱད་ཅེས་སུ་གྲགས་པ་འདིས།
མཛེ་ནད་གཉན་སོགས་ཀུན་དང་གྲིབ་ལ་བསྔགས།།
༢༧གཅིན་སྙི་ཨ་རུ་བཅོ་བརྒྱད།  十八味诃子利尿散
གཅིན་སྙི་ཨ་རུ་བཅོ་རྒྱད་ཅེས།།     
མཁལ་ནད་རྩ་ནད་རྩ་འགྲམས་དང་།།
གཅིན་སྙི་ཟ་ཁུའི་ནད་རྣམས་དང་།།   
ས་བོན་འཛག་པ་གཅོད་པའི་མཆོག
༢༨ ཅུ་གང་ཉེར་ལྔ།二十五味竺黄胶囊
ཅུ་གང་ཉེར་ལྔས་གློ་གཟེར་ཁྲག་ཏུ་ལུ།།
གྱེན་ལ་མི་ཕེར་གློ་བརྒྱལ་ཆེ་བ་དང་།།
རོ་སྟོད་ཚ་ཁེག་ཆམ་རྒན་རུས་ཞེན་དང་།།
གློ་བར་ཚད་པ་ཞུགས་པའི་ནད་རིགས་སོགས།།                      
མདོར་ན་བྱང་ཁོག་སྟོད་ཀྱི་ཚད་པ་སེལ།།
༢༩ ཅོང་ཞི་ཉེར་གཅིག   二十一味寒水石散
སྨུག་པོ་གཡུལ་ལས་རྒྱལ་བའི་སྨན་མཆོག་འདི།། 
ཞལ་ཤེས་བཞིན་དུ་མ་ནོར་བསྟེན་གྱུར་ན།། 
བྲང་ཚ་ཆུ་སྐྱུར་མཁྲིས་པ་རྒྱ་བཤལ་སྐྱུག།།   
ཕོ་མཆིན་རོ་རྒྱབ་སྦྲགས་ཤིང་ཚིགས་པ་ན།།
ཁྲག་མཁྲིས་ཕོ་བར་ལྷུང་ངམ་སྟོད་དུ་གཟེར།།      
སྨུག་པོ་རྒྱས་དང་གབ་ཅིང་འཁྲུགས་པ་དང་།།
རང་གཞན་གནས་སུ་ཞེན་ཅིང་རྙིངས་པ་སོགས།།
འདུས་ནད་སྨུག་པོའི་རིགས་ཀྱི་སྨན་གཅིག་ཡིན།།
༣༠བཅོ་ལྔ་དྲག་སྦྱོར།།十五味黑药散
དྭགས་སྨན་བཅོ་ལྔའི་སྦྱོར་བ་འདིའི།།
ཕན་ཡོན་བསམ་གྱི་མི་ཁྱབ་སྟེ།། 
ཁྱད་པར་ཕོ་གཅོང་ནད་ལ་ཤིས།།
བད་ཀན་སྨུག་པོ་ཁྲག་སྐྱུག་དང་།།
རྒྱུ་ནད་རྟག་ཏུ་འཁྲུ་བ་དང་།།       
སྒྲེག་པ་མང་ཞིང་ཟས་མི་འཇུ།།
ཕོ་བ་སྟོང་འཁྲོག་བྱེད་པ་དང་།། 
ཕོ་ལོག་ཕོ་བ་སྤྱི་བྱི་དང་།།
ཕོ་སུལ་ལྕགས་ཀྱི་དྲེག་ཆགས་དང་།།
ཕོ་བ་དུག་ཐབས་མཆིན་ནད་དང་།།
མཆིན་པ་སྐྱེས་དང་འཕྱང་བ་དང་།།
མཆིན་ཆུ་ཟགས་བླུགས་ཤིང་སྒྲེག་པར་བཅས།།
རྒྱུ་གཟེར་གྲོལ་མ་གླང་གླང་ཐབས་རིགས།། 
འདྲིལ་བཅས་དྲུ་བུ་བསྒོང་བ་སོགས།།
མདོར་ན་ཕོ་ལོང་རྒྱུ་གཅོང་ལ།།      
སྨན་མཆོག་འདི་ལས་ལྷག་པ་མེད།།
རྣོ་བ་སྤུ་གྲིས་གཅོད་དང་མཚུངས།།  
སྨན་ནག་ཐུགས་ཀྱི་དཀྱིལ་དུ་ཆོངས།།
༣༡འཆི་མེད་སྲིན་སེལ།驱虫散
འཆི་མེད་སྲིན་སེལ་ཅེས་གྲགས་པས།།  
མགོ་སྲིན་ཁོང་སྲིན་སོ་སྲིན་དང་།།
གཞང་སྲིན་པགས་སྲིན་ལ་སོགས་པ།། 
ཚ་སྲིན་གྲང་སྲིན་བརྟག་མི་དགོས།།
མཆོག་ཏུ་གཉན་སྲིན་གླང་ཐབས་སེལ།།
༣༢འཆི་མེད་ཨར་བརྒྱད།   曲美啊杰
འཆི་མེད་ཨར་བརྒྱད་སྟོད་འཚངས་འཕྲལ་དུ་སེལ།།
སྟོད་ཀྱི་རླུང་ཁྲག་འཁྲུགས་པ་ལས་གྱུར་བའི།། 
ནད་རིགས་ཀུན་སེལ་བདུད་རྩི་འདིས་སྦྱར་དགེ།།
༣༣ ཏིག་ཏ་བརྒྱད་པ།八味獐牙菜丸  
ཏིག་ཏ་བརྒྱད་པ་ཞེས་སུ་གྲགས་པ་འདིས།། 
མཁྲིས་ཚད་མིག་ཆུ་ཤ་མདངས་སེར་བ་འཇོམས།།
༣༤ རྟ་ཟི་དམར་པོ།达斯玛宝丸
རིལ་བུ་རྟ་ཟི་དམར་པོ་འདི།།
ཚད་རིམས་གཉན་དང་བསྡོངས་པ་ཡི།།
བལ་ནད་འབྲུམ་པ་རྒྱུག་འགྱེལ་དང་།།
མིག་སེར་གག་ལྷོག་གཉན་སྐྲངས་སོགས།། 
རིམས་བཞི་བརྒྱ་རྩ་བཞིའི་ནད།།
ཐམས་ཅད་སེལ་བ་ཐེ་ཚོམ་མེད།།
སྐབས་མཚམས་ཐང་གིས་ཀ་བསྒྱུར་བྱ།།
༣༥སྟར་བུ་ལྔ་པ།五味沙棘散
སྟར་བུ་པཉྩའམ་སྟར་བུ་ལྔ་པ་ནི།།
གློ་ཚད་རྙིང་དང་ཚ་བ་གང་འཁྲུགས་དང་།།
གློ་བའི་རྣག་ཁྲག་འདྲེན་ཞིང་མགྲིན་པ་བདེ།།
གྲང་ཤས་ཆེ་ན་པི་ལིང་སྡིག་ལྩམ་བསྣན།།
༣༦ཐང་ཆེན་ཉེར་ལྔ།二十五味大汤散
ཐང་ཆེན་ཉེར་ལྔ་ཞེས་སུ་གྲགས་པ་འདིས།། 
དུག་དང་སྨུག་པོ་ཚད་རྙིང་བྱེར་བ་སྡུད།།
འདུ་བ་ཆ་སྙོམས་ཚ་གྲང་དང་ག་འབྱེད།། 
རླུང་མི་སྐྱེད་ཅིང་བད་བད་མཁྲིས་གཉིས་ཀ་སེལ།།
སྦྱོར་བའི་རྒྱལ་བོ་གདོང་ནག་མཁས་པའི་ལུགས།།
ཐང་དུ་གསུངས་ཀྱང་ཕྱེ་རིལ་ཆུ་སྐོལ་དབུལ།།
འདུས་རྟགས་ལུས་ལྕི་ཁ་སྐམ་དང་ག་འགག།
ཕོ་བ་ན་ལ་རྩ་ཆུའི་ཚ་བ་སྐྱེ།།
དེ་དུས་དངོས་གཞི་སྤྱི་སྨན་གང་འོས་བསྟེན།།
༣༧ ད་ལི་བཅུ་དྲུག十六味杜鹃散
ད་ལི་བཅུ་དྲུག་སྦྱོར་བ་འདི།།
སྦྲང་དང་བུ་རམ་རྟར་བསྐྱོན་པས།། 
སྨན་ནུས་མྱུར་དུ་འབྱིན་པར་བྱེད།།
མ་ཞུ་གླང་ཐབས་ཕོ་བ་སྦོས།།
ཚ་གྲང་འཇབའ་པའི་ནད་རྣམས་དང་།།
སྟོད་འཚངས་བད་རླུང་མགོ་འཁོར་དང་།།
གློ་ལུ་སྐད་འགགས་ལུས་པོ་སྐྲངས།།
སྐྱ་རྦབ་ས་ཆུ་མི་ཐུབ་པར།།
སླེབས་པས་ཆོག་པ་མྱོང་བྱང་ཡིན།།
༣༨ དུག་འཇོམས་ཆེན་མོ། 德君倩毛
དུག་སྨན་མང་སྦྱོར་ཆེན་མོ་ཞེས་བྱ་འདི།།
སྦྱར་དུག་གྱུར་དུག་རང་བཞིན་དངོས་ཀྱི་དུག།།
མཐོང་བའི་དུག་དང་རེག་པ་ཉི་ཟེར་དུག།། 
ཁ་རླངས་དུག་སོགས་དུག་རིགས་མ་ལུས་པ།།
གཏན་ནས་འཇོམས་ཤིང་གབ་ཚད་རྙིང་ཚད་རྣམས།།
གཏིང་འདོན་བྱེད་པའི་མན་ངག་ཁྱད་པར་འཕགས།།
 ༣༩ བདུད་རྩི་སུམ་སྦྱོར།  三味甘露散
བདུད་རྩི་སུམ་སྦྱོར་ཞེས་བྱ་སྟེ།།
ཞིབ་བཏགས་གར་ཆང་རྟ་ལ་བསྐྱོན།།
སྟོད་དུ་བད་ཁྲག་རྒྱས་པ་དང་།།
སྨད་དུ་མཆིན་ཁྲག་ལྷུང་བ་དང་།།
 བྲང་ཚ་ཆུ་སྐྱུར་སྐྱུགས་པ་དང་།།
མགོ་དང་ཡན་ལག་ལ་སོགས་ཀྱི།།
རུས་ཆག་ལུགས་སུ་འཛུད་པ་དང་།།
བད་མཁྲིས་ཟ་ཁུ་གཅོད་པའི་མཆོག།
༤༠ བདུད་རྩི་ལྔ་ལུམས།  五味甘露药汤散
བདུད་རྩི་ལྔ་ཡི་ལུམས་ཀྱིས་ནི།།
ལུས་སྤྱིའི་འདུ་བ་སྙོམས་བྱེད་ཅིང་།།
དྲེག་གྲུམ་ཡན་ལག་རེངས་འཁུམས་བརྐྱངས།།
ཀོ་ལེར་ན་སྐྲངས་འདོན་པའི་མཆོག།
དུག་དང་ཚ་བ་རྙིངས་རྙོགས་སོགས།།
ཤ་ལྤགས་རྩ་རུས་ལ་ཞེན་པ་།།
མ་ལུས་བ་སྤུའི་བུ་གར་འདྲེན།།
ཁ་བསྒྱུར་རིགས་མདས་དཔྱད་པར་བྱ།།
༤༡ བདེ་བྱེད་སྙོམས་ལྡན།   能安均宁散
བདེ་བྱེད་སྙོམས་ལྡན་ཞེས་བྱ་སྨན་གྱི་མཆོག།། 
བད་ཀན་སྐྱ་སྨུག་ལ་སོག་ས་བད་ཀན་རིགས།།
ཀྵ་ཡ་མིག་སེར་ལ་སོགས་མཁྲིས་པའི་རིགས།།
ལྷེན་དང་ལྕགས་དྲེག་མ་ཞུ་བ་རྣམས་དང་།། 
དུག་རོ་ལ་སོགས་ཕོ་བ་མཆིན་པའི་ནད།།
སྨུག་པོ་གབ་འགྱིང་ཆུ་སེར་པགས་ནད་རིགས།།
ཟ་འཕྲུག་སྐྱིགས་བུ་ལ་སོགས་གོང་བཤད་ནད།། 
ཀུན་ལ་འགྲོ་བའི་སྨན་མཆོག་དམ་པ་ཡིན།།
༤༢ དྲོང་སྲོང་ཨར་བརྒྱད།常松八味沉香散
དྲང་སྲོང་ཨ་གར་བརྒྱད་སྦྱོར་ནི།།
ཀ་ར་སྦྱར་བའི་ཁྲག་རླུང་འཐབ།།
མདུན་རྒྱབ་གཟེར་དང་གློ་སོགས་སེལ།། 
དྲང་སྲོང་མུ་ཁྱུད་འཛིན་གྱི་ལུགས།། 
དེ་ནས་དྲང་སྲོང་ཨར་བརྒྱད་ཟེར།།
༤༣དྲེག་ཐང་། 痛风汤散
དྲེག་ཐང་སུམ་སྦྱོར་དྲེག་ནད་སེརལ་བར་བྱེད།།
༤༤ ནག་པོ་དགུ་སྦྱོར། 防瘟九黑散
འགོག་སྨན་ནག་པོ་དགུ་སྦྱོར་ནི།།
ཕྱིར་བྱུགས་གཟའ་གཉན་ཀླུ་གསུམ་སྲུང་།།
ནང་བཏང་གག་ལྷོག་གཟེར་གསུམ་འཇོམས།།
ནང་རེ་རིག་བུ་རེ་རེ་བསྟེན།། 
འགོ་བའི་ནད་རིགས་ཐམས་ཅད་སྲུང་།།
༤༥ནག་མཚུར་སུམ་ཐང་།三味黑巩汤散
ནག་མཚུར་སེང་ཕྲོམ་ཨ་རུའི་གྲང་ཐང་གིས།།
མཁུར་བཀང་ཁ་ཡི་ཁྲག་ནད་ཟུག་གཟེར་འཇོམས།།
༤༦ ནོར་བུ་བདུན་ཐང་།། 七珍汤散
ནོར་བུ་བདུན་ཐང་བསྡུས་གྲང་བཏང་བ་ཡི།། 
ཕན་ཡོན་ཁྲག་དང་རླུང་དང་འཁྲུགས་གསུམ་ལ།།
ཆུ་དྭངས་ནོར་བུ་ཆུ་སྟེང་བཞག་པ་བཞིན།།  
དེ་རྣམས་རང་བཞིན་དྭངས་བར་འགྱུར་བ་ཡིན།།
དེ་ཕྱིར་འདིར་མིང་ནོར་བུ་ཆུ་དྭངས་ཟེར།། 
འདི་ལ་སྨིན་སྡུད་གསོད་པ་གསུམ་ག་ཚང་།། 
དེ་ལྟར་ཐང་ནི་ལན་འགའ་བསྟེན་པ་ཡིས།།
ཚ་བ་ཆུང་ངུ་ལམ་ནས་བཟློག་ཀྱང་སྲིད།།
༤༧ རྣོ་མཆོག་དྲུག་པ། 六锐散
ཁྲག་མཁྲིས་གཉན་སོགས་མགོ་བོ་ན་བ་དང་།།
ལིང་ཏོག་ལ་སོགས་མིག་གི་ནད་ལ་བསྔགས།།
༤༨ སྤང་རྩི་བཅུ་གཉིས།十二味翼首散
སྤང་རྩི་བཅུ་གཉིས་གཉན་ཚད་ཁྲག་དང་བསྡོངས།།
ལུས་འདར་གྲང་ཤུམ་ཆེ་ལ་མགོ་བོ་གཟེར།།
མཚན་གཉིད་མི་ཁུག་ཉིན་མོ་གཉིད་ཆེ་ལ།། 
རྐང་ལག་ཚ་ཚིགས་ལུས་ཀུན་རུས་ཟུག་ཆེ།།
གཉན་རིམས་གཉན་སྐྲངས་རྨ་ཤུ་ཡ་མའི་རིགས།།
ལྷག་པར་མིག་ནད་དམར་ཚག་སྐམ་ཚག་སེལ།།
༤༩སྤང་རྒྱན་བཅོ་ལྔ།十五味龙胆花丸
སྤང་རྒྱན་བཅོ་ལྔ་ཞེས་བྱའི་སྨན་མཆོག་འདིས།། 
ཆམ་ཚད་གྲེ་བར་བབས་དང་དབུགས་མི་བདེ།། 
བད་རླུང་སྟོད་དུ་འཁྱིམས་དང་གཟེར་ཆེན་དང་།། 
ཁྱད་པར་བད་ཚད་སེལ་བར་འདི་རང་བསྔགས།།
༥༠ སྤང་རྒྱན་བཅུ་བ། 十味龙胆花丸
བད་ཀན་ཚ་འགགས་གྲང་འགགས་དང་།།
མིད་འཆུས་སྐྱིགས་བུ་སྐོམ་དད་ཆེ།། 
གྲེ་བའི་ནད་རིགས་མ་ལུས་སེལ།།
༥༡ སྤོས་དཀར་བཅུ་བ། 十味乳香散
སྤོས་དཀར་བཅུ་བའི་ཚད་ལྡན་སྦྱར་བ་ཡིས།།
དྲེག་གྲུམ་ཆུ་སེར་ཀོ་ལེར་ཚ་འཁྱུག་འཇོམས།།
༥༢  སྤྲུ་ནག་ཉེར་དགུ 二十九味姜活散
སྤྲུ་ནག་ཉེར་དགུ་སླེ་ཏྲེས་ཐང་གིས་འཕུལ།།
བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་ནག་དང་།།
མཁྲིས་པ་རྩ་རྒྱུག་གཟེར་ཐུང་སུམ་འདྲིལ་སོགས།།
དུས་ངན་གཉན་རིགས་པར་པ་ཏ་ཞེས་པ།། 
བཅོས་དཀའ་འགྲོ་སྲོག་མྱུར་དུ་ལེན་བྱེད་པའི།། 
གཉན་ཚད་རླུང་གསུམ་འཐབ་པའི་ནད་ཀྱི་རིགས།། 
མི་བྱེར་བསྡུ་གསོད་མ་ལུས་བྱེད་པའི་མཆོག།
༥༣ ཕག་མོ་གྲུབ་པ 帕珠丸
ཕག་མོ་གྲུབ་པའི་སྦྱོར་བ་འདིས།།  
ཕན་ཡོན་ལྷེན་སྐྲན་མ་ཞུ་དང་།། 
བད་ཀན་སྐྱ་སྨུག་སྤོས་འདྲིལ་སྐྱུགས།།
མདོར་ན་ཚ་རིམས་གསར་མ་གཏོགས།། 
མ་ལུས་བ་མོར་ཉི་ཤར་བཞིན།། 
སྟོབས་འཕེལ་མདངས་རྒྱས་བཅུད་ལེན་འགྱུར།།
༥༤ བི་མ་ལ།  布码拉丸
བི་མ་ལ་ཡི་སྦྱོར་བ་འདི།།
གསོ་དཔྱད་བརྒྱད་ཁྲི་བཞི་སྟོང་ལས།།
ཁྱད་པར་སྙིང་རླུང་བཅོས་ཐབས་ནི།། 
རྟགས་ནི་སྙིང་མི་དགའ་བ་དང་།།
ཤེས་པ་འཕྱོ་ཞིང་བློ་འཚུབ་པ།།
དྲན་པ་མི་གསལ་བརྗེད་ངེས་ཆེ།།
ཡི་མུག་ག་ཆད་སྡོད་མི་ཚུགས།།
ཞེ་སྡང་བྱིང་རྒོད་དབུགས་སྣ་ཐུང་།།
ཚབས་ཆེ་བརྒྱལ་དང་སྣ་ཚོགས་ནད།།
འབྱུང་ཕྱིར་སྨན་གྱི་གསོ་ཐབས་བསྟན།།
༥༥བོང་ཁྲག་ཉེར་ལྔ། 二十五味驴血丸
མགྲིན་མཚལ་ཉེར་ལྔ་སེང་ལྡེང་ཁུ་བས་འཕུལ།།
སྐབས་སུ་སེ་འབྲུ་ལྔ་བ་བསྟེན་པ་ཡིས།། 
དྭངས་མ་གནས་འཇོག་ཆུ་སེར་རང་སེར་སྐེམ།།
དྲེག་དང་གྲུམ་བུ་མིང་གི་ལྷག་མར་བྱེད།།
༥༦  བོང་དཀར་བཅུ་གསུམ།十三味榜嘎丸
བོང་དཀར་བཅུ་གསུམ་ཚད་ལྡན་སྦྱར་བ་ཡིས།།
མཁྲིས་པའི་ཚད་པ་མ་ལུས་འཇོམས་པར་བྱེད།།
༥༧ དབང་ལག་བཅུ་བ།十味手掌胶囊
ས་བོན་ཉམས་དང་གྲང་གཞི་རྒྱུན་དུ་འཛག།།
ཟུངས་ཟད་ལུས་སྟོབས་སྐྱེད་པར་བྱེད་པའི་མཆོག།།  
༥༨  འབའ་སམ་སྨན་མར།  巴桑母酥油丸
འབའ་སམ་སྨན་མར་སྟོད་སྨད་ཀུན་ལ་བསྔགས།།
རོ་ཙ་མཁལ་ནད་ཟ་ཁུ་འདོད་ཉམས་སེལ།།
༥༩འབོལ་སྨན་བདུན་པ།  七味红花消肿散
ཕྱེ་མ་འབོལ་སྨན་བདུན་པའི་སྟེང་དུ་ནི།། 
ཆུ་མདོག་ལྗང་དང་སེར་དང་བར་ཆུ་ཡི།།
ཁ་ཚར་མན་ངག་ལྡན་པ་ཆུ་སྐོལ་གྱིས།། 
འཕུལ་ལམ་ཡང་ན་གོང་བཤད་ཐང་གིས་དབུལ།། 
ཚ་ཆུའི་ནད་རྟགས་ཆེ་ན་ཨ་ཅང་ཆེ།
ཚ་ཤས་ཆེ་ཙམ་ལ་ཡང་ཡུན་རིང་བསྟེན།།
དེ་ཡིས་དྲི་ཆུའི་བུངས་ཆེ་ཕོ་བ་བདེ།།
ཚ་བའི་ཆུ་དེ་ལྡན་ནམ་གྲང་ཆུར་བསྒྱུར།།
མ་གྱུར་སྲིད་ཀྱང་ཚ་ཆུའི་རླབས་འདིས་གཅོག། 
ལྡན་ནམ་གྲང་ཆུ་ལའང་ཞག་འགའི་བར།། 
མེ་དྲོད་གསོ་བྱེད་རྗེས་དང་སྨན་གཞན་གྱི།། 
ཐོག་མར་སྨན་འདི་གཏོང་བ་མྱོང་བའི་གནད།།
༦༠  བྱི་ཏང་བདུན་པ།  七味酸藤果
བྱི་ཏང་བདུན་པ་ཆུ་བསྐོལ་ཙ་མོས་དབུལ།། 
ཕོ་ལོང་སྲིན་ནད་གཞང་འབྲུམ་མ་ལུས་འཇོམས།།
༦༡  འབྲས་བུ་སུམ་ཐང།  三果汤散
འབྲས་བུ་སུམ་ཐང་གིས་རིམས་འཁྲུགས་ཚ་བའི་ནད།།
གསར་རྙིང་མ་ལུས་སེལ་ཞིང་སྨིན་པར་བྱེད།།
༦༢  བྲེ་ག་བཅུ་གསུམ།  十三味菥蓂丸
བྲེ་ག་བཅུ་གསུམ་ལྒང་བའི་ནད་རིགས་དང་།། 
མཁལ་རྐེད་འགྲམས་དང་འོར་དུ་ལྷུང་བ་དང་།། 
འབྲས་བུ་ཚ་གྲང་གང་གིས་སྐྲངས་པ་འཇོམས།།
༦༣ འབྲོང་ཁྲག་བརྒྱད་པ།八味野牛血散
འབྲོང་ཁྲག་བརྒྱད་པ་ཚད་ལྡན་སྦྱོར་བ་འདིས།། 
བད་ཀན་མིད་འཆུས་ནད་ལ་བདུད་རྩི་ཡིན།།
༦༤འབྲོང་རྩེ་ཨར་བརྒྱད། 仲泽八味沉香散
འབྲོང་རྩེ་ཨ་གར་བརྒྱད་པ་འདིས།།
ཁྲག་རླུང་སྤྱི་ཡིས་གཟེར་བ་དང་།།
སྙིང་རླུང་སྨྱོ་འབོག་མ་ལུས་སེལ།།
༦༥ མ་ནུ་བཞི་ཐང་། 四味藏木香汤散
མ་ནུ་བཞི་ཐང་རིམས་ཚད་སྨིན་པར་བྱེད།།
བད་ཀན་སྐྱ་སྨུག་སྟོངས་ཚད་ཁྲག་གཟེར་སེལ།།
༦༦ མན་ངག་བསིལ་སྦྱོར།秘诀清凉散
མན་ངག་བསིལ་བའི་སྦྱོར་བ་འདིས།།
དུག་སྨུག་མཁྲིས་པ་མཆིན་རྒྱས་དང་།།
ཁྲག་རྙིངས་སྟོད་རྒྱངས་གབ་ཅིང་ཞེན།།
མཆིན་མཚེར་བར་གྱི་བད་ཁྲག་རྒྱས།།
མཆིན་དྲི་ནང་གི་ནད་རྣམས་ལ།།
སླེབས་པས་ཆོག་པ་ཁོ་བོས་མཐོང་།།
༦༧དམར་པོ་སུམ་ཐང་། 三味红汤散
གློ་མཁལ་འགྲམས་ཚད་སྨིན་སྡུད་འབྱེད་པའི་མཆོག།། 
གཞན་ཡང་གློ་ནད་གསར་རྙིང་གང་ཡིན་ལ།།
འདི་ནི་ཐོག་མཐའ་བར་དུ་བསྔགས་པ་མཐོང།།
ཁྱད་པར་གློ་ནད་ཁྲག་ཏུ་ལུ་བ་ལ།།
འདི་ལས་ལྷག་པའི་ཐང་མཆོག་ཡོད་མ་ཡིན།།
༦༨ གཙོ་བོ་ཉེར་ལྔ།二十五味主药丸
གཙོ་བོ་ཉེར་ལྔ་མན་ངག་ཁ་ཚར་ཅན།།
ཚད་པ་ཆེ་ཆུང་གློ་དང་རུས་ལ་ཞེན།།
གློ་ཆེན་འགོག་དཀའ་དབུགས་ཐུང་གྱེན་མི་འཕེར།།
གློ་ཡིས་བརྒྱལ་ཞིང་འཚངས་ནས་དབུགས་སྡུད་དཀའ།།
འགུལ་ན་གློ་སྐྱུགས་བྱེད་ཅིང་ཉལ་མི་བདེ།།
ལུད་པ་མང་དུ་ལུ་ཞིང་སྣ་འཚུལ་འགགས།།
རོ་སྟོད་ཚ་ཞིང་བརྩེ་ལ་རྒྱངས་ཤིང་ཁེངས།།
ཚ་གཟེར་ཚ་སུབ་གློ་བ་ཁྲག་རྒྱས་སོགས།།
གློ་ནད་བརྒྱད་ལ་སྨན་འདི་སླེབས་པས་ཆོག།
༦༩གཙོ་བོ་བརྒྱད་པ། 八味主药散
རྗེའུ་གཙོ་བོ་བརྒྱད་པའི་སྦྱོར་བ་ནི།། 
དོན་སྣོད་གློ་མཆིན་ཁྲག་མཁྲིས་འཁྲུགས་རིམས་ཀྱི།།
ཚད་པ་གསེར་རྙིང་མ་ལུས་འཇོམས་པར་ངེས།། 
༧༠རྩ་ཐག་བཅུ་དྲུག   十六位马籣子丸
རྩ་ཐག་བཅུ་དྲུག་མྱོས་ཁུས་བཏང་བ་ཡིས།།
རླིག་པ་སྐྲངས་པ་རང་ཞིར་དག་ལ་འགྲོ།།
སྨད་ནད་མཁལ་རྩ་འགྲམས་དང་མཁལ་རླུང་སོགས།།
མ་ལུས་སེལ་བྱེད་གདམས་ངག་སྙིང་ནོར་རོ།།
༧༡  མཛོ་མོ་དྲུག་ཐང་། 六味锦鸡儿汤散
མཛོ་མོ་དྲུག་ཐང་ཞེས་སུ་གྲགས་པ་འདིས།།
མཁལ་འགྲམས་དཔྱི་གཟེར་དགྱེ་སྒུར་དཀའ་བ་སེལ།།
༧༢  ཞི་བྱེད་བཅུ་གཅིག    十一味能消散
ཞི་བྱེད་བཅུ་གཅིག་སྐྱེ་ཟུག་གཅོག་པ་དང་།། 
མོ་ནད་ཁྲག་སྐྲན་འདྲིལ་བ་བཤིག་པར་བྱེད།།
ཁྱད་པར་བཙས་རྗེས་སྲིན་གླང་འགྲིལ་རོ་ལ།།
འདི་ལས་ལྷག་པའི་གདམས་པ་གཞན་ན་མེད།།
༧༣  ཞི་བྱེད་དྲུག་པ། 六味安消散
ཞི་བྱེད་དྲུག་གི་སྦྱོར་བ་འདིས།།
མ་ཞུ་ཕོ་སྤོས་གླང་ཐབས་དང་།། 
ཐུར་སེལ་རྒྱུ་བ་ལོག་པ་དང་།།
བུ་དང་ཤ་མ་མ་ཐོན་དང་།། 
བཤང་འགགས་སོགས་ལ་ཤིན་ཏུ་ཕན།།
༧༤ ཟངས་ཐལ་ཉེར་ལྔ། 二十五味桑台丸
ཟངས་ཐལ་ཉེར་ལྔའི་སྦྱོར་བ་འདིས།། 
གློ་ཚད་ནད་རིགས་ཐངས་ཅད་དང་།།
ཁྱད་པར་དབུགས་འཚང་གློ་ནད་སེལ།།
༧༥ ཟས་སྨན་བཅུ་བ།  十味消食散
ཕོ་བའི་བད་ཀན་འཕེལ་བའི་ཟས་མི་འཇུ།། 
དང་ག་འགག་དང་གྱེན་སྐྱུག་ཐུར་དུ་འཁྲུ།།
སྨུག་པོ་ལ་སོགས་ཕོ་མཆིན་ནད་ལ་བསྔགས།།
༧༦ ཟླ་འོད་ནོར་ཁྱུང་།月光宝鹏丸
གཉན་རིམས་ཚད་གཟེར་ཚ་ཆུ་སྐྲན།།
སྲིན་དང་ཡ་མ་ཕོ་གླང་འབྲས།། 
གཟའ་མཛེ་ཆུ་སེར་མ་ལུས་འཇོམས།།
༧༧ ཟླ་ཤེལ་ཆེན་མོ། 大月晶丸
ཟུར་ལུགས་ཟླ་ཤེལ་ཆེན་མའི་སྦྱོར་བ་འདི།།
ནད་གཞིར་བསྟུན་ཏེ་རང་རང་སྨན་རྟས་འཕུལ།།
དུག་དང་སྨུག་པོ་ཁྲག་ཏུ་འཁྲུ་སྐྱུག་དང་།།
གབ་ཚད་ཚད་རྙིང་འགྲམས་འཁྲུགས་འཇབ་པ་དང་།།
མ་ཞུ་གླང་ཐབས་སྲིན་དང་ཆུ་སེར་སྐྲན།།
ལྡན་འདུས་ནད་རྣམས་འཇོམའ་པའི་རྡོ་རྗེ་ཡིན།།
༧༨ཟླ་ཤེལ་བདུད་རྩི་མ། 甘露月晶丸
ཟླ་ཤེལ་བདུད་རྩ་ཞེས་བྱ་ཕོ་མཆིན་ནད།།
དུག་དང་སྨུག་པོ་ཚད་པ་རྙིང་བ་དང་།།
མ་ཞུ་དུག་ཐབས་གློ་བུར་གཟེར་གྱི་རིགས་།།
མདོར་ན་ཚ་གྲང་ནད་རིགས་ཀུན་ལ་བསྔགས།།
གཞན་ཡང་འདི་ཡི་ཡོན་ཏན་ནི།།
ནད་རྙིང་རྩི་ལྟར་ལེན་པ་དག།།
ཟུངས་བདུན་སྐྱོན་བྲལ་འདུ་བ་སྙོམས།།
མིག་གསལ་ཡིད་བདེ་ནད་ཀུན་ཞི།།
རྒྱུན་དུ་བསྟེན་ན་བཅུད་ལེན་འགྱུར།།
༧༩འོལ་སེ་ཉེར་ལྔ།二十五味鬼臼丸
འོལ་སེ་ཉེར་ལྔ་ཚད་ལྡན་སྦྱོར་བ་འདིས།།
མོ་ནད་ཁྲག་ཚབས་རླུང་ཚབས་སྲིན་ཚབས་དང་།།
རྐེད་པ་རྐང་དང་རུས་ཚིགས་ཁོལ་ཞིང་ན།།
རྒྱུ་ཞབས་མཆིན་མཁྲིས་རོ་སྟོད་གཟེར་ཞིང་ན།།
ལྷག་པར་རོ་སྟོད་ཕྲག་དམིགས་འཁོར་བ་དང་།།
སྙིང་སྲོོག་རོ་སྟོད་གཟེར་འཁྱིམ་རྣ་བ་འོན།།
འདོམས་སྐྲངས་ཚང་ར་རྒྱུ་ཞབས་མཚན་མ་གཟེར།།
རྐང་བོལ་ཡན་ཆད་རུས་པ་འཁོལ་ཞིང་ན།།
ཀུན་སེལ་མན་ངག་འཛམ་གླིང་ནོར་ཕྱེད་གྲགས།།
༨༠གཡུ་དྲིལ་བཅུ་གསུམ།十三味青兰丸
གཡུ་དྲིལ་བཅུ་གསུམ་ཞེས་བྱ་སྨུག་པོ་དང་།། 
ཁྲག་མཁྲིས་བད་ཀན་ཕོ་བའི་ནད་ལ་ཕན།།
གྲང་རླུང་ལ་ཡང་མི་གནོད་སྤྱི་སྨན་ཡིན།།
༨༡གཡུ་ཁྱུང་ཁ་ཚར་ཅན།伊琼卡次金
གཡུ་ཁྱུང་ཁ་ཚར་མངལ་གྱི་སྐྲན་རིགས་དང་།།
སྣོད་མཁྲིས་གཉན་ཚད་རྒྱུ་ལྷག་གཉན་སོགས་སེལ།།  
༨༢རིལ་དཀར།  洁白丸
ཟས་འཇུ་སྦོས་གཟེར་སྒྲེག་སྐྱུག་བཤལ་བ་དང་།།
བཤང་གཅི་དུས་མིན་འབྱུང་དང་འགགས་པ་སེལ།།
༨༣ རུ་རྟག་དྲུག་པ། 六味光木香散
རུ་རྟ་དྲུག་པས་སྨུག་པོ་འཐབ་པའི་ནད།། 
གླང་ཐབས་སྒྲེག་སྐྱུགས་ཕོ་ཁར་ཟུག་པ་སེལ།།
༨༤ ལི་ཤི་དྲུག་པ།六味丁香散
ལི་ཤི་དྲུག་པ་ལོ་བརྒྱད་དྲི་ཆུས་དབུལ།།
གློ་ནད་གྲེ་བ་ཚ་སྐམ་སྐད་འགགས་སེལ།།
༨༥ ལུག་མེར་བདུན་པ། 七味螃蟹甲散
ལུག་མེར་བདུན་པའི་སྦྱོར་བ་འདིས།།
ཆམ་འི་གཞུག་གི་གློ་བརྒྱལ་ལ།།
སྨན་ཐུན་གསུམ་ལས་མང་མི་དགོས།།
༨༦ ལོ་གྱོན་མ།流感丸
ལོ་གྱོན་རིལ་བུས་ཆམ་རིམས་མགོ་གཟེར་དང་།།
གག་ལྷོག་གཉན་གཟེར་མཀལ་མཆིན་དུག་ནད་དང་།།
རྨ་འབྲུབ་གཉན་ཚད་རིམས་དང་དུག་ཚད་ཞི།། 
གཉན་འབྲས་འདུལ་ཞིང་མཁྲིས་སྐྲན་སྲིན་ནད་སེལ།། 
༨༧ ཤ་སྦྱོར་བརྒྱད་པ།   夏觉杰巴
ཝ་བ་འཇོམས་པའི་ཤ་སྦྱོར་བརྒྱད།།
ཕྱེ་མ་ལྟོ་ལྟོང་རུས་ཁུས་འཕུལ།།
ཉེར་དགུ་གནམ་སྟོང་སོགས་བཏང་བས།། 
ཝ་བ་ཐམས་ཅད་རང་ཞིར་འགྱུར།།
༨༨ ཤིང་ཀུན་ཉེར་ལྔ། 二十五味阿魏散
ཤིང་ཀུན་ཉེར་ལྔ་འདོན་བཞིའི་རྟར་སྐྱོན་གཏོང་།།
ཤ་ལྤགས་རྩ་རུས་ཞུགས་པ་ཕྱི་ཡི་རླུང་།།
དོན་ལྔ་སྣོད་དྲུག་ལ་ཞུགས་ནང་གི་རླུང་།།
སྲོག་འཛིན་ལ་སོགས་རྣམ་ལྔ་གསང་བའི་རླུང་།།
སྟོད་སྨད་བར་གསུམ་ཞུགས་པའི་རླུང་ལ་སོགས།།
རླུང་རིགས་སྨན་སྦྱོར་གཅིགགིས་འཇོམ་སཔར་བྱེད།།
༨༩ ཤུ་དག་བཞི་བ།  四味藏菖浦散
མ་ཞུ་སྐྱིགས་བུ་དབུགས་མི་བདེ་བ་དང་།། 
བད་རླུང་སྟོད་གཟེར་སྐྱ་རྦབ་གཞང་འབྲུམ་འཇོམས།།
༩༠སུག་སྨེལ་བཅུ་བ། 十味豆蔻丸
སུག་སྨེལ་བཅུ་བ་གཞུང་བཞིན་སྦྱར་བ་ཡིས།། 
མཁལ་ནད་གྲང་བ་རྡེ་ནད་ཆུ་འགགས་སེལ།།
༩༡ སེང་ལྡེང་ཉེར་ལྔ།   二十五味儿茶丸
ཆུ་སེར་ཤ་རུས་རྩ་རུས་ལ་ཁྱབ་ནས།།
ཡན་ལག་རེངས་འཁུམས་རུས་ཚིགས་ཁོལ་བུ་ན།།
དགྱེ་དགུ་མི་ཤེས་སྐྲངས་རྒྱས་སྐད་ངན་འཆོར།། 
ཉིན་གཉིད་མི་ཐུབ་མཚན་མོ་བྱ་ལྟར་ཡེར།།
གདུག་པ་དྲེག་གྲུམ་འཇོམས་པའི་གཉེན་པོ་ཡིན།།
༩༢སེ་འབྲུ་ལྔ་བ།  五味石榴散
སེ་འབྲུ་ལྔ་བས་བད་ཀན་ཟས་མི་འཇུ།། 
ཕོ་བའི་གྲང་སྐྲན་སྐྱུགས་དང་ཡི་ག་འཆུས།།
སྙིང་རླུང་མཁལ་རྐེད་ནད་ལ་མཆོག་ཏུ་ཕན།།
༩༣སེ་འབྲུ་དྭངས་གནས།安置精华散
སེ་འབྲུའི་སྦྱོར་བ་དྭངས་མ་གནས་འཇོག་འདིས།།
ཚ་གྲང་འཐབ་པའི་ཁ་འཛིན་མེ་དྲོད་གསོ།།
བད་ཀན་བེ་སྣབས་རྩ་སྦུབས་འགགས་པ་སེལ།།
དྭངས་མ་གནས་འཇོག་ལུས་ཟུངས་རང་སོར་འཇུག།
༩༤སེམས་ཀྱི་བདེ་སྐྱིད།安神散
གཞན་ཡང་སྨན་མཆོག་སེམས་ཀྱི་བདེ་སྐྱིད་འདི།།
རིལ་བུ་གསུམ་ལྔ་བདུན་ལ་སོགས་པ་ནི།།
ལུས་སྟོབས་སྦྱར་ལ་དགོང་དང་ཐོ་རེངས་དུས།།
ཤ་མར་བུར་རྙིང་ཆང་རྒན་འདུས་པས་འཕུལ།།
ཕན་ཡོན་རླུང་ལས་གྱུར་བའི་ནད་རྣམས་ཀུན།། 
དུས་མཐའི་མེ་དང་ཉེ་བའི་བ་མོ་བཞིན།།
ཐབས་འདིས་མི་འཇོམས་པ་ནི་ག་ལ་སྲིད།།
ཁྱད་པར་སྲོག་རྩར་རླུང་ཞུགས་སེམས་མི་བདེ།།
འཕྱོ་འདར་སྨྱོ་ལྐུགས་སྙིང་དཀྱིལ་ཆུ་བླུགས་འདྲ།།
དེ་ལྟའི་ནད་ལ་ཚུལ་འདི་བདུད་རྩི་ཡིན།།
༩༥ བསམ་འཕེལ་ནོར་བུ། 如意珍宝丸
བསམ་འཕེལ་ནོར་བུར་གྲགས་པའི་སྨན་མཆོག་འདིས།།
རིམས་འཁྲུགས་ཚ་བ་གསར་དང་རྙིང་པ་དང་།། 
དྲེག་གྲུམ་མཛེ་དང་རེངས་འཁུམས་མཁལ་རྩ་བསྣད།།
འགྲམ་འཁྲུགས་རྩ་ལ་བྱེར་ཞིང་ཞེན་པ་དང་།། 
བཅོས་མང་རྡུགས་པའི་ནད་གཞི་ཀུན་ལ་ཕན།། 
ཁྱད་པར་རྩ་དཀར་ནད་ཀྱི་གཉེན་པོ་ཡིན།།
༩༦གསལ་བྱེད་ལྕགས་རིལ།   明目丸  
གསལ་བྱེད་ལྕགས་རིལ་ཆེན་མོའི་སྦྱོར་བ་ནི།།
མིག་ནད་རབ་རིབ་ཕྱི་ནང་བར་འགྲིབསདང་།།
རྒྱལ་མོ་འདལ་དང་ཆུ་འཁྲུགས་རྩ་མདངས་ཉམས།།
ཤ་མཛེར་རྭ་དང་ལིང་ཏོག་རྩ་དྲ་སོགས།།
མིག་ནད་སུམ་ཅུའི་གཡུལ་ལས་རྣམ་པར་རྒྱལ།།
གཞན་ཡང་སྦྱར་དུག་རྙིང་བ་དང་།།
ལྡན་འདུས་འགྲམས་འཁྲུགས་ཤུ་བ་དང་།།
སྨུག་པོ་ཁྲག་སྐྱུགས་ཐམས་ཅད་སེལ།།
མཆིན་མཆེར་ཁྲག་བབ་མཁྲིས་པ་ཀྵ་ཡའི་རིགས།།
མ་ལུས་སེལ་བ་མྱོང་བའི་གྲུབ་པའོ།།
༩༧གསེར་ཐང་བཅོ་བརྒྱད།十八味金色散
གསེར་ཐང་བཅོ་བརྒྱད་ཁ་བསྒྱུར་རིགས་མདས་སྦྱར།།
འབམ་རིགས་གྱེན་ལོག་ཁྲག་མཁྲིས་འདུ་འཁྲུགས་ནད།།
སྟོད་གཟེར་དབུགས་ཐུང་རྔམ་རྒོད་ཀུན་ལ་ཕན།།
༩༨ གསེར་མདོག་ལྔ་བ།五味金色散
གསེར་མདོག་ལྔ་བས་ཕོ་བ་རྒྱུ་མའི་ཡུལ།།
མཁྲིས་རླུང་མ་ཞུ་མིག་སེར་ཀུན་ལ་བསྔགས།།
༩༩གསེར་མདོག་བཅུ་གཅིག   十一味金色散
གསེར་མདོག་བཅུ་གཅིག་ཅེས་གྲགས་སྦྱོར་བ་འདིས།། 
མཁྲིས་སྲིན་དུག་ཐབས་བད་མཁྲིས་མགོ་ནད་དང་།།
ཕོ་བ་རྒྱུ་མར་ཁྲག་མཁྲིས་ལྷུང་བ་དང་།།
སྣོད་ཀྱི་མཁྲིས་སྐྲན་མ་ཞུ་མིག་སེར་སེལ།།
ཁྱད་པར་ཡ་མ་ནག་པོའི་ཚད་ནད་འཇོམས།། 
མཁྲིས་པ་མིག་སེར་ཀྵ་ཡ་ནག་པོ་ལ།།
ཤིན་ཏུ་ཕན་པའི་མྱོང་གྲུབ་གདམས་པ་ཡིན།།
༡༠༠བསེ་རུ་ཉེར་ལྔ།  二十味鹿角丸
ཤ་རྭ་ཉེར་ལྔའི་སྦྱོར་བ་ཚད་ལྡན་འདིས།།
གུང་གཉིས་བ་འོ་དྲོན་མོས་ཕུལ་ལ་བཏང་།།
འདི་ཡི་ཕན་ཡོན་གློ་ནད་གསེར་རྙིང་དང་།། 
ཆམ་འཁྲུགས་བུང་ཚང་གློ་རྣག་ལ་སོགས་པ།།
མདོར་ན་གློ་རྣག་སྟོང་གི་སླེབ་ཆོག་ཡིན།།
༡༠༡ གསོ་བྱེད་ཉི་དཀྱིལ།日轮散
གསོ་བྱེད་ཉི་མའི་དཀྱིལ་འཁོར་ཞེས་བྱ་འདིས།།
འཕུལ་བྱེད་ཆུ་ཁོལ་ཚན་མོ་སྐབས་འགར་ཆང་།། 
མ་ཞུ་སྐྲན་དང་སྐྱ་རྦབ་འོར་དམུ་ཆུ།།
མཁལ་མའི་དྲོད་ཤོར་ས་བོན་ཉམས་འཛག་དང་།།
ཆུ་སྲི་མཁལ་རྐེད་ལྒང་བ་ཆུ་སོ་ཟུག།། 
ཚ་འཁྲུ་གྲང་འཁྲུ་གྲང་རྙོགས་གྲང་སྲིན་དང་།།
ཆུ་སེར་གྲང་བབས་གྲང་བའི་གྲུམ་བུ་སོགས།། 
གྲང་ནད་ཀུན་ལ་དུས་མཐའི་མེ་ལྟ་བུ།།
ཁྱད་པར་ཕོ་བའི་མེ་དྲོད་སྐྱེད་པར་བྱེད།། 
དྭངས་མ་གནས་འཇོག་ཆུ་སེར་ཚ་བ་སྐེམ།། 
ལུས་ཟུངས་བརྟས་བྱེད་ཚེ་རིང་བཅུད་ལེན་འགྱུར།།
༡༠༢སླེ་ཏྲེས་བདུན་ཐང་།七味宽筋藤汤散
སླེ་ཏྲེས་བདུན་ཐང་ཚ་བ་རྔུལ་དུ་དབྱུང་།།
ཚ་བ་སྨིན་གསོད་དུས་གཅིག་བྱེ་པ་ཡིན།།
༡༠༣ སྲོག་འཛིན་བཅུ་གཅིག  十一味维命散
སྲོག་འཛིན་བཅུ་གཅིག་ནུ་མཆིན་གཟེར་བ་དང་།།
སྙིང་སྲོག་གཟེར་དང་སྨྱོ་ལྐུགས་ནད་ལ་བསྔགས།།
༡༠༤ཨ་གར་བརྒྱད་པ།  八味沉香散
ཨ་གར་བརྒྱད་པའི་སྙིང་ལ་མཚོན་ཕོག་དང་།།
འགྲམས་འཁྲུགས་སྨྱོ་ལྐུགས་ནུ་མཆིན་གཟེར་བ་འཇོམས།།
༡༠༥ཨ་གར་བཅོ་ལྔ།十五味沉香散
ཨ་གར་བཅོ་ལྔའི་ཁྲག་རླུང་འཐབ་པ་དང་།།
རྒྱབ་མདུནན་གཟེར་དང་གློ་སོགས་སེལ་བར་བྱེད།།
༡༠༦ ཨ་གར་ཉི་ཤུ།二十味沉香散
ཨ་གར་ཉི་ཤུར་གྲགས་པའི་སྨན་མཆོག་འདིས།།
རླུང་ཁྲག་འཐབ་དང་གཟའ་ནད་རྩ་དཀར་དང་།།
སྲོག་རྩར་རླུང་ཞུགས་སྨྱོ་ལྐུགས་ཡན་ལག་སྦྲིད།། 
རླུང་བུས་ཚ་བ་བྱེེར་སོགས་ནད་རིགས་ལ།།
མན་ངག་འདི་ནི་བདུད་རྩི་ལྟ་བུ་ཡིན།།
༡༠༧ཨ་གར་ཉེར་བཞི།二十四味沉香散
བླ་མེད་ཁྲག་སྦྱོར་ཉེར་ལྔའི་སྦྱོར་བ་འདིས།། 
ཀླད་སྐྱོན་གྱིས་ནི་མགོ་གཟེར་མགོ་ཡུ་འཁོར།།
ཁ་མིག་ཡོ་དང་ཡན་ལག་སྦྲིད་ཅིང་འཁུམས།།
ལུས་འདར་གཡོ་ཞིང་ངག་ལྐུགས་སེམས་མི་བདེ།།
ཁྱད་པར་གྲིབ་ནད་ཀུན་ལ་བསྔགས་པ་ཡིན།།
༡༠༨ ཨ་གར་སོ་ལྔ།三十五味沉香散
ཚད་ལྡན་ཨ་གར་སོ་ལྔའི་སྦྱོར་བ་འདིས།། 
གཉན་ཚད་རླུང་གསུམ་འཐབ་དང་རི་ཐང་མཚམས།།
གློ་སྐམ་ཐེས་སྲུད་གྲུམ་བུ་བར་རྟ་དང་།།
སྙིང་ཚད་རླུང་ལྡན་རྣམས་ལ་བསྔགས་པ་སྟེ།།
སྨན་བཏང་ལོག་པའི་ཉེས་པ་འདིར་མི་འབྱུང་།།
དེ་ཕྱིར་སྟོད་འཚངས་ངོས་མ་ཟིན་པ་དང་།།
ཉེས་མེད་ཡིན་ཡང་ཕན་པ་ཉམས་མྱོང་གནས།།
༡༠༩  ཨ་རུ་བཅུ་བ།十味诃子散
མཁལ་མ་བསྣད་འགྲམས་ཆུ་སྲི་རྐེད་པ་འཁོར།།
བཤལ་འཕྱེས་མཁལ་ཚད་མ་ལུས་སེལ་བར་བྱེད།།
༡༡༠ ཨ་རུ་བཅོ་བརྒྱད།十八味诃子散
ཨ་རུ་བཅོ་བརྒྱད་ཆུ་ཚན་འཕུལ་བཏང་བས།། 
མཁལ་རྩ་འགྲམས་བྱེར་མཁལ་རྐེད་ན་བ་དང་།། 
ཚིགས་བྱེར་ལ་སོགས་མཁལ་ཚད་མ་ལུས་སེལ།། 
༡༡༡ཨིཎྜ་བཞི་ཐང་། 四味止泻木汤散
ཨིཎྜ་བཞི་ཐང་རྒྱུ་ལོང་སྣོད་ཚད་སེལ།།
དེ་ལ་ཀ་པེད་འབྲས་བཏབ་ཚ་འཁྲུ་གཅོད།།
༡༡༢གྲང་ཆེན་གྲང་སྦྱོར། 仁青常觉
རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ་ཡིས།།
བཞི་བརྒྱ་རྩ་བཞིའི་ནད་རྣམས་མ་ལུས་དང་།།
བཅོས་མང་བརྡུགས་པའི་ནད་རིགས་མཐའ་དག་ཀུན།།
རིན་པོ་ཆེ་ཡིས་མི་སེལ་འགའ་ཡང་ཡོད།།
ནད་གཞི་མེད་པའི་མི་ལ་བཅུད་ལེན་འགྱུར།།
ཁྱད་པར་འདུས་ནད་སྨུག་པོ་གཅོང་ནད་དང་།།
གྱུར་དུག་སྦྱར་དུག་ལ་སོགས་དུག་རིགས་ཀུན།།
ཚད་རྙིང་རིམས་ནད་མཆིན་ཚད་ཕོ་ཚད་དང་།།
དམུ་འོར་མཛེ་འབྲས་གག་ལྷོག་གཉན་སོགས་སེལ།།
ཚུལ་བཞིན་བསྟེན་པས་ཕན་ཡོན་མཐའ་ཡས་འགྱུར།།
༡༡༣དབང་རིལ་ཉེར་ལྔ། 二十五味马宝丸
རིན་ཆེན་དབང་རིལ་ཉེར་ལྔ་འདིས།།
ཕན་ཡོན་དུག་ནད་གསར་རྙིང་དང་།།
ཚད་པ་རྙིང་བ་རྣམས་ལ་ནི།།
སྡུད་དང་གསོད་དང་འཇོམས་པར་བྱེད།། 
འདི་ལས་ཟབ་པ་གཞན་ན་མེད།།
དུག་རིགས་སྤྱི་དང་ཁྱད་པར་དུ།།  
སྨུག་པོ་དུག་ཐབས་གསོ་དཀའ་ལ།།
ཡུན་བསྲིང་ཕན་པ་མྱོང་བས་གྲུབ།།
༡༡༤ བྱུ་དམར་ཉེར་ལྔ། 二十五味珊瑚丸
བྱུ་དམར་ཉེར་ལྔས་མགོ་ཡི་ནང་རྩའི་ནད།།
རྩ་དཀར་ཀླད་གཟེར་མགོ་འཁོར་གཉའ་རེངས་དང་།།
ལྟག་པ་དགྱེ་དགུ་བརྒྱལ་འཐིབས་མ་ལུས་སེལ།།
༡༡༥ བྱ་ཁྱུང་བཅུ་གསུམ། 萨热十三味鹏鸟丸
སྭ་རའི་བྱ་ཁྱུང་བཅུ་གསུམ་སྦྱོར་བ་འདི།།
ཚན་ཆུ་སྐོལ་རླུང་ལྡན་མྱོས་ཁུས་དབུལ།།
ཕྱི་ནང་རྩ་དཀར་ནད་རིགས་ཀུན་ལ་བསྔགས།།
གཟའ་དང་ཀླུ་གདོན་བཅོས་བརྡུགས་གཉེན་པོ་མཆོག།
༡༡༦ རིན་ཆེན་མང་སྦྱོར།  仁青芒交
རིན་ཆེན་མང་སྦྱོར་ཆེན་མོ་ཞེས་བྱ་འདིས།།
སྦྱར་དུག་གྱུར་དུག་རང་བཞིན་དངོས་ཀྱི་དུག།
ཉི་ཟེར་རེག་དུག་ལ་སོགས་དུག་རིགས་ཀུན།། 
མ་ཞུ་གླང་ཐབས་ཁྲག་མཁྲིས་བད་སྨུག་དང་།།
ཚད་རྙིང་རྨ་རིགས་དམུ་འོར་མཛེ་འབྲས་གསུམ།།
ཕལ་ཆེར་གྲང་སྦྱོར་ཉིད་དང་ཁྱད་པར་མེད།།
༡༡༧  མུ་ཏིག་བདུན་ཅུ། 七十味珍珠丸
ཕན་ཡོན་རིན་ཆེན་སྤྱི་བཞིན་ཁྱད་པར་དུ།།
དུག་དང་ཚད་པ་རྩ་རུ་བྱེར་བ་དང་།། 
རྩ་དཀར་འགྲམ་འཁྲུགས་བརྒྱལ་གཟེར་སྨྱོ་འབོག་དང་།།
རླུང་ཁྲག་གཟའ་གྲིབ་ཀླད་སྐྱོན་དབང་བོ་ཉམས།། 
རླུང་ནད་རྩར་བསྡོངས་གཞོགས་ཕྱེད་ཉམས་དང་ཡོ།།
མགོ་འཁོར་ངག་ལྐུགས་གཉིད་ཡེར་དབང་བོ་འཁྲུལ།།
ཁྲག་མཐོའི་སྙིང་ནད་ལ་སོགས་མ་ལུས་འཇོམས།།
༡༡༨  མུ་ཏིག་ཉེར་ལྔ། 二十五味珍珠丸
མུ་ཏིག་ཉེར་ལྔ་ལུགས་བཞིན་སྦྱར་བ་ཡིས།།
ཕྱི་ནང་རྩ་ནད་ཁ་མིག་ཡོ་ལ་འཕྲིག། 
དྲན་ཉམས་ལྐུགས་སམ་ཡང་ན་དབང་བོ་འཁྲུལ།།
ཡན་ལག་བཤལ་སྦྲིད་ཚོར་མེད་ཉིང་ལག་འདར།།
རེངས་འཁུམས་དྲི་ཆུ་བླུགས་སམ་ཡང་ན་སྡོམ།། 
ཚ་གྲང་རྩ་དཀར་མ་ལུས་འཇོམས་པའི་མཆོག།
༡༡༩བཙོ་བཀྲུ་ཟླ་ཤེལ། 坐珠达协
རིན་ཆེན་བཙོ་བཀྲུ་ཟྣལ་ཤེལ་ཆེན་མོ་འདིས།།
དུག་སྨུག་ཁྲག་ཏུ་འཁྲུ་སྐྱུགས་ཚད་རྙིང་དང་།།
མ་ཞུ་གླང་ཐབས་བྲང་ཚ་ཕོ་མཆིན་ན།།
ཟས་དུག་སྲིན་ནད་ཆུ་སེར་ཁོང་སྐྲན་དང་།།
སྐྱ་རྦབ་འོར་དང་ལྡན་འདུས་ནད་ལ་བསྔགས།།
༡༢༠གཡུ་རྙིང་ཉེར་ལྔ།  二十五味松石丸
ཕན་ནུས་ལེ་བརྒན་རྒྱས་དང་ལྡེམ་བུ་དང་།།
དུག་ཐབས་ཆུ་ཤོར་རྐུན་བུ་འོར་ལྷུང་དང་།།
ཁ་ལུད་གཞུང་རེངས་མཆིན་གྲུམ་ནག་པོ་དང་།།
མཆིན་ནད་ཧལ་སྐེམ་མཆིན་དྲི་དཀར་ནག་དང་།།
གནད་མཆིན་རྩ་བྱེར་མཆིན་ཚད་མ་ལུས་འཇོམས།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...