སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སེ་འབྲུ་བཅུ་པའི་ལྡེ་གུ
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-10 11:05:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
དང་པོ། གོ་དོན། 
༡.སྐྱེམས་འགྲེལ་ལས།
     འདག་པའམ་ལྡེ་གུ་སྟེ་ཞེས་གསུངས།
༢.གླིང་སྨན་པའི་དཀའ་འགྲེལ་ལས། 
     ལྡེ་གུ་ཞེས་པ་སྐྱོ་མའི་མིང་སྟེ།
     བྲང་ཏིའི་ལག་ལེན་པོད་དམར་ལས།
     གང་ཞིག་སྨན་རྣམས་ཕྱེ་མར་འཐག།
     མངར་དང་སྦྱར་བའི་སྐྱོ་མ་བྱ།།
     དེ་ལ་ལྡེ་གུ་ཞེས་བྱའོ།།
༣.གསོ་རིག་ཀུན་འདུས་ལས།
     ལྡེ་གུ་ཞེས་པ་ལྡག་རྒྱུ་ལ་འཇུག་སྟེ།དེ་ཡང་རྩ་ཚིགས་པགས་པ་ལ་སོགས་པར་རྙིང་ཞིང་ཞེན་པའི་ནད་ལྷག་འདོན་པར་བྱེད་པའི་ལྡེ་གུ་ཞེས་གསུངས།
གཉིས་པ། ལྡེ་གུའི་སྦྱོར་ལུགས།
གསལ་བཤད།
     སྐབས་འདིར་དྲོད་ཚད་ནི་དེང་སང་སྨན་ཁང་དང་བཟོ་གྲྭར་བེད་སྤྱོད་གཏོང་བའི་བར་ཚང་ཅན་གྱི་བཙོ་སྣོད(夹层锅用导热油)ཀྱི་སྣུམ་གྱི་དྲོད་ཚད་ལ་གོ
(༡)སྦྲང་རྩིའི་ཆུ་བཅད་ཐབས།
     སྦྲང་རྩི་ལྷོག་ཙམ་བསྐོལ་བ་ཚགས་སུ་དྲངས་པའི་དྭངས་མ་བསྐོལ་ཏེ་སྦྲང་དུག་ལེན་བྱེད་ཀྱི་ཚགས་ཤ་ཚིལ་མེད་རྡོག་པོ་གཅིག་དང་ཆང་རྒྱ་ཕྱེད་ཙམ་རྒྱབ་ནས་དུག་འདོན་བྱེད་པ། མཐར་ཤ་རོ་ནག་པོ(འཚིག་ན་ཐོར་ཏེ་སྦྲང་རྩིར་འདྲེས་འགྲོ)དོར་དགོས།མེ་ཚད་རན་པོས(100)སྦྲང་རྩི་བསྐོལ་ཞིང་ཡང་ཡང་དཀྲུགས་ཏེ་མ་འཚིག་པ་བྱ་དགོས།
༜སྦྲང་རྩིའི་ཆུ་ཆོད་པའི་རྟགས།
༡.སྦྲང་རྩིའི་མདོག་དམར་སྨུག་ཆགསཤིང་་་་་ཐིགསཔ་གཅིག་རྡོ་གྲང་གི་སྟེང་དུ་གཏིགས་ཚེ་རྡོག་པོར་དྲིལ་ཐུབ་པ།
༢.བཅག་ན་ཚགས་སྒྲ་ཡོད་པ།
༣.ཟོས་ན་སོ་ལ་མི་འབྱར་བ།
     ཆུ་ཐག་ཆོད་པའི་རྟགས་བྱུང་ཚེ་ཀ་ཏོ་ར་ལྟ་བུའི་སྣོད་གཙང་རྩི་བུད་མེད་པའི་མཐིལ་ལ་མར་ཅུང་ཟད་བསྐུས་ཏེ་ནང་དུ་བླུགས་ནས་ལག་པས་རེག་བཟོད་ཙམ་མ་ཆགས་བར་གྲང་དུ་གཞུག་དགོས།
༜སྦྲང་ཤད་རྒྱག་སྟངས།
     གོང་གི་སྦྲང་རྩི་ལག་པས་རེག་བཟོད་ཙམ་བྱུང་དུས་སྦྲང་ཤད་ཅེས་མི་གཉིས་ཕན་ཚུན་གྱིས་ཤུགས་བསྐྱེད་པའི་ངང་ནས་འཐེན་དགོས་ཤིང་།འཐེན་ན་ཆད་འགྲོ་ཞིང་བཅག་ཁ་དང་ཕྱིའི་མདོག་ཀུན་དཀར་པོར་མངོན་པའི་ཚེ་ཚད་ལོན་པར་བཞེད།དེ་རྗེས་ཞིབ་མོར་དབུར་ཏེ་སྨན་དུ་སྤྱོད་དགོས།
༜དོ་སྣང་བྱ་ཡུལ།
     ཆུ་མ་ཆོད་ན་སྦྲང་ཤད་ཅི་ཙམ་རྒྱབ་ཀྱང་ཐེབས་མི་འགྱུར།  གལ་ཏེ་ཆུ་ཆོད་དྲགས་ཚེ་སྦྲང་རྩིའི་མདོག་དམར་ནག་རྡོག་པོར་འདྲིལ་བས་སྦྲང་ཤད་རྒྱག་ཐབས་བྲལ།
(༢)བུ་རམ་གྱི་དུག་འདོན་ལས་སྣོན།
     བུ་རམ་སེར་སྐྱ་ཅན་དེ་ཉིད་སྤྱིར་བཏང་ལས་སྣོན་སྐབས་ཚང་མ་ཆུ་བཅད་དེ་སྦྱོར་དགོས་པ་སྟེ།བུ་རམ་དེ་ཉིད་གྲི་བཞོགས་པའམ་ཁྲམ་ཁྲུམ་བརྡུངས་ནས(ཆུ་ཅུང་ཟད་བླུགས་ནས)བསྐོལ།དེ་ནས་ཚགས་ལ་དྲངས་པའི་དྭངས་མ་དེ་སླར་ཡང་ཆུ་ཅུང་བསྲེས་ཏེ་མེ་ཤུགས་ཆུང་ངུས(100)བསྐོལ་ཏེ་དཀྲུགས་ནས་སྣ་མ་འཚིག་པར་གདུས། ཆུ་དག་ཆོད་ནས(མདོག་སེར་ཉམས་ཡོད་ཅིང་ཏོག་ཙམ་བླང་ནས་གྲང་ཚེ་ཕྱེ་མར་འཐག་ཐུབ་པ)ཕབ་སྟེ་གྲང་རྗེས་ཕྱེ་མ་བཟོས་ཏེ་སྨན་སྦྱོར་དུ་གཏོང་དགོས།
སེ་འབྲུ་བཅུ་པའི་ལྡེ་གུ
     རྒྱུད་ཀྱི་ཚ་སེལ་ལྡེ་གུ་བཅུ་གསུམ་དང་གྲང་སེལ་ལྡེ་གུ་ལྔ་ལས།(གྲང་སེལ་ལྡེ་གུའི་ཁོངས་སུ་གཏོགས) 
     རྒྱུད་ལས།
     སེ་འབྲུ་ཤིང་ཚ་སུག་སྨེལ་ཚ་བ་གསུམ།།
     ཁ་རུ་ཚ་དང་རུ་རྟ་ཙི་ཏྲ་ཀ།
     གཟེ་མ་བུར་སྦྱར་སྐྱ་རྦབ་རླུང་ཚབས་དང་།།
     མཁལ་མ་ཕོ་བ་རྒྱུ་ལོང་གྲང་བ་སེལ།།
     将石榴、桂皮、小豆蔻、高良姜、荜菠、胡椒、紫硇砂、厂木香、小米辣、疾藜和红糖为膏,主治浮肿,严重隆病,寒性肾病、胃病、肠道疾病。
དྲི་བ། སྐབས་འདིར་བསྟན་པའི་ཚ་བ་གསུམ་ནི་གང་དག་ཡིན་ནམ།
ལན། སྨན་སྒའམ་སྒ་དམར་དང་པི་པི་ལིང་།ཕོ་བ་རིས་བཅས་ཡིན།
     འབྲི་དང་མཛོ་མོའི་མར་གཉིས་ཡོད་ཅིང་དེང་སང་མཛོ་མར་ཅུང་འཕྲོད་པར་དགོངས་ནས་འདིར་མཛོ་མོའི་མར་བཙགས་བཅད་བྱས་པ་ཡིན།
(3)སྨན་རྒྱུ་ངོས་འཛིན
སེ་འབྲུ།
པི་པི་ལིང་།
ཙི་ཏྲ་ཀ
ཤིང་ཚ།
ཁ་རུ་ཚ།
གཟེ་མ།
དུག་འདོན་ལས་སྣོན།
     དུས་སུ་བཏུས་པའི་(ཟླ་བ7--9)གཟེ་མ་དེ་ཉིད་ལྕགས་སླང་ནང་སྲིད་པའི་བྱེ་ཞིབ་བླུགས་ལ་མེ་འཇམ་འབུད་པའི་བྱེ་ཚན་ནང་དུ་སེར་ཙམ་བརྔོས་རྗེས།(འཚིག་ན་ནུས་པ་ཉམས་པར་བཞེད)ཐང་རྐྱལ་སོགས་ཀྱི་ནང་དུ་བླུགས་ནས་འཕུར་མཉེད་བྱས་ཏེ་རྭ་རྣམས་བཅག་རྗེས་ལྷག་འཕར་གྱིས་ཕྱིར་དོར་ནས་སྨན་དུ་སྦྱོར་དགོས་པར་གསུངས་ཀྱང་ལག་ལེན་དངོས་ནང་ཅུང་བཅག་དཀའ་བར་སྣང་།
སྨན་སྒ高良姜
མིང་གི་རྣམ་གྲངས་སུ་སྒ་དམར།དོང་གྲ
ཕོ་བ་རིས།
རུ་རྟ།
རྒྱ་སུག་གམ་སུག་སྨེལ་ཆུང་བ།
(4)སྦྱོར་ཚད།
སེ་འབྲུ..6.... ཤིང་ཚ..4...  སུག་སྨེལ..5..
སྨན་སྒ...3.. པི་པི་ལིང..3.. ཕོ་བ་རིས..3.
ཁ་རུ་ཚ..0.6.རུ་རྟ..3...ཙི་ཏྲ་ཀ..1...
གཟེ་མ.....4......
རྒྱུད་དངོས་བསྟན་གྱི་སྨན་རྟ་བུ་རམ་ནི་གྲང་སེལ་ལ་དགོངས་པར་སྙམ།
སྐབས་འདིར་ནན་ཚོད་དང་རང་བཞིན།ནད་གཞིར་དམིགས་ནས་མངར་གསུམ་གཏོང་བ་སྟེ།
ཀ་ར...5... བུ་རམ...5.... སྦྲང་རྩི..5.. .
(5)ལྡེ་གུའི་སྦྱོར་ལུགས།
1.ཁ་རུ་ཚ་ཕུད་པའི་སྨན་རྒྱུ་གཞན་རྣམས་ཞིབ་པར་བཏགས་(ཚགས་མིག་ཨང་རྟགས་100ཅན)རྗེས་ཚད་བཞིན་གཞལ་ནས་སྣོད་གཙང་ནང་ལྷན་གཅིག་ཏུ་སྦྱར་ནས་ཕན་ཚུན་འདྲེས་སུ་འཇུག་དགོས།
2.དེ་རྗེས་སྔོན་ལ་བཙོ་སྣོད་ནང་དུ་རང་ནུབ་ཙམ་གྱི་ཆུར་མེ་ཤུགས་རན་པོས་ཆུ་ཚོད་2ཙམ་གྱི་རིང་(120ཡས་མས་)བསྐོལ་ནས་མཚམས་མི་འཇོག་པར་ཡང་ཡང་དཀྲུགས་དགོས་ཤིང་།དེ་ནས་ལྡེ་གུ་འཁོལ་ཚེ་གོང་གི་བཙགས་བཅད་ཀྱི་མར་དང་ལྷན་དུ་ཆུ་ཚོད་1རིང་མེ་ཤུགས་རན་པོས(100)་བསྐོལ་ནས་རྒྱུན་་ཆད་མེད་པར་དཀྲུགས་ནས་སྨན་ཀུན་མར་ཁུར་འཐིམ་པར་བྱེད་དགོས།
3.བཙོ་སྣོད་ལས་ཕབ་རྗེས་ལྡེ་གུ་ཆ་ཤས་བཞིར་དགོས་ཏེ་ཚ་བའི་ངད་ཡལ་ཚེ།ཁ་རུ་ཚ་སྤོས་ལྟར་བྲོ་བ་ཐོན་ཙམ་བཏབ།སྨན་རྟ་མངར་གསུམ་ལས་རྒས་པ་རླུང་གི་རང་བཞིན་ཅན་ལ་བུ་རམ་རྒྱ་མ་3བཏབ།དར་མ་མཁྲིས་པའི་རང་བཞིན་ཅན་ལ་ཀ་ར་རྒྱ་མ་3བཏབ།བྱིས་པ་བད་ཀན་རང་བཞིན་ཅན་ལ་སྦྲང་རྩི་རྒྱ་མ3བཏབ།འདུས་པའི་རང་བཞིན་ཅན་ལ་མངར་གསུམ་རྒྱ་མ་དོ་རེ་བཏབ།
གསུམ་པ། ལྡེ་གུའི་གཏོང་ལུགས།
(1)ཕོ་བའི་མེ་དྲོད་ཀྱིས་འཇུ་ཚོད་ཙམ་གྱི་ལྡེ་གུ་དུས་མེད་དུ་འདྲིས་གོམས་སྒོ་ནས་ཆ་སྐྱེད་དེ་བསྟེན་པར་བྱ།
(2)ཁྱེའུ་སུས་ཤིང་ནངས་པར་ཐོ་རངས་ཀྱི་དུས་ཕོ་བའི་བད་ཀན་འབྱང་ཞིང་ཟས་མ་ཟོས་པ་རྩ་སྒོ་རྣམས་ཀྱང་མ་འགགས་པ་དྲོད་དང་སྨན་གྱི་ནུས་མཐུ་ཆེ་བའི་དུས་སུ་བསྟེན་པར་བྱ་དགོས་པའང་ཡིན།
        གསོ་རིག་ཀུན་འདུས་ལས།
ཟུར་བཀོད།
(1)མཁྱེན་ནོར་དགོངས་རྒྱན་དུ་བཀོད་པའི་ཙི་ཏྲ་ཀ་དང་སུར་པན།སུར་སྔོན།
     ཙི་ཏྲ་ཀ小米辣
     སུར་སྔོན།青椒
     སུར་སྔོན།青椒
     སུར་པན།辣椒
(2)དྲི་མེད་ཤེལ་གྱི་མེ་ལོང་ལས།
     འདི་རྒྱ་གར་དང་། བལ་ཡུལ། རྒྱ་ནག་བཅས་ནས་ཐོན་པ་མང་ཞིང་། རང་ལྗོངས་ཀྱི་རྫ་ཡུལ་དང་སྤོ་བོ། མེ་ཏོག་སོགས་དྲོད་ཚད་ཆེ་བའི་ཡུལ་རྣམས་ཀྱི་ས་ཁད་རྨིས1000---2500བར་གྱི་ས་ཆའི་གྲོང་སྡེའི་ཉེ་འགྲམ་དང་། ནགས་འདབས།ལམ་ཟུར་བཅས་སུ་འཁྲུངས་པ་དང་ཞིང་དུ་ཡང་འདེབས་འཛུགས་ཀྱང་བྱེད་ཀྱི་ཡོད། སྐྱེ་ཡུལ་གྱི་ས་ཆའི་མཐོ་དམན་དང་དྲོད་ཚད་ཆེ་ཆུང་། རི་སྐྱེས་དང་ཞིང་སྐྱེས་སོགས་ཀྱིས་ཆེ་ཆུང་དང་ཁ་དོག་ལ་ཁྱད་པར་ཅུང་ཟད་ཡོད། རི་སྐྱེས་ནི་ལོ་མང་སྐྱེ་བའི་ཤིང་ཕུང་དང་། ཞིང་སྐྱེས་ནི་ལོ་གཅིག་སྐྱེས་བའི་སྔོ་ལྡུམ་ཡིན། ཞེས་གསུངས།
     ཙི་ཏྲ་ཀ小米辣
     སུར་པན།辣椒
     ཡང་དེ་ཉིད་ལས། གཞན་ཡང་ཞིང་སྐྱེས་སུར་པན་ཞེས་པ་རྣམ་པ་ཅུང་མི་འདྲ་བ་དུ་མ་ཡོད་ཀྱང་རྒྱུ་མཚན་ཕལ་ཆེར་འདྲ་བ་སྟེ་ཞེས་གསུངས་འདུག

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...