སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྐྲན་འགོག་སྨན་རིགས17སྨན་བཅོས་འགན་བཅོལ་ནང་བཅུག་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-4 10:36:00 རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་དྲ་བ། ཀློག་གྲངས།
     སྐྲན་ནད་ཕོག་པའི་ནད་པའི་ཁུར་པོ་ཡང་དུ་གཏོང་ཆེད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྤྱི་ལོ༢༠༡༨ལོའི་ཟླ་བ་༡༠པར་སྐྲན་འགོག་སྨན་རིགས་བཅུ་བདུན་སྨན་བཅོས་འགན་བཅོལ་ནང་བཅུག་ཡོད་པ་རེད། མིག་སྔར་སྐྲན་འགོག་སྨན་རྫས་ཁག་བཅུ་བདུན་སྨན་བཅོས་འགན་བཅོལ་ནང་འཇུག་པའི་ལས་དོན་སྒྲུབ་ཟིན་པ་དང་། ས་ཁུལ་འགའ་རེའི་སྨན་སིལ་ཚོང་ཁང་ནས་ཀྱང་འབྲེལ་ཡོད་སྨན་རྫས་ཉོ་ཆོག
     རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་གོང་ཞུ་བྱས་པའི་གྲངས་གཞི་ལས་གསལ་བར། སྲིད་ཇུས་དེ་དོན་འཁྱོལ་བྱུང་བ་ནས་བཟུང་འགྲོ་གྲོན་རྩིས་ཞུ་བྱེད་མཁན་གྱི་མིའི་ཐེངས་གྲངས་དང་རྩིས་ཞུའི་དངུལ་གྲངས་ཡོངས་ཁྱབ་ཐོག་འཕར་བ་དང་། དེ་དག་ཁྲོད་འཕར་ཚད་མཐོ་བའི་ཞིང་ལྗོངས་དང་གྲོང་ཁྱེར་ནི། ཀྲེ་ཅང་དང་། ཀོང་ཏུང་། ཧྲང་ཧའེ། པེ་ཅིང་། ཅང་སུའུ་བཅས་ཡིན་ལ། སྤྱི་ལོ༢༠༡༨ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་དང་སྐྲན་ནད་ཆེད་ཚན་སྨན་ཁང་༨༠༢ཀྱིས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་གྲོས་འཇོག་སྐྲན་འགོག་སྨན་ཉོ་སྒྲུབ་བྱས་ཡོད་པ་དང་། དེ་དག་ཁྲོད་སྣ་རིགས་བཞི་ཡན་ཉོ་སྒྲུབ་བྱས་པའི་སྨན་ཁང་༢༥༩ཟིན་ཡོད་པ་རེད།
     ད་ལོ་སྐྲན་འགོག་སྨན་རིན་གཅོག་རྒྱུའི་ཐད་བྱ་ཐབས་གསར་པ་གང་ཡོད་དམ་ཞེ་ན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་སྨན་རྫས་ཞབས་ཞུ་དོ་དམ་སེའི་འགོ་འཛིན་ཞུང་ཤན་ཅུན་གྱིས། སྤྱི་ལོ༢༠༡༩ལོར་རེ་འཁོར་གསར་པའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་ལས་དོན་སྒྲུབ་རྒྱུ་དང་། མྱུར་སྐྱོབ་སྲོག་སྐྱོབ་ཀྱི་སྨན་རྫས་ཐད་རིགས་གཅིག་མཁས་པས་དཔྱད་ཞིབ་དང་སྨན་རྫས་ཞུགས་འཐུས་ཀྱི་གྲོས་མོལ་བརྒྱུད་སྨན་བཅོས་འགན་བཅོལ་ནང་འཇུག་རྒྱུ་རེད། སྨན་བཅོས་འགན་བཅོལ་ནང་འཇུག་བྱས་པ་བརྒྱུད། གྲངས་ཚད་དང་རིན་གོང་བརྗེ་བའི་བྱ་ཐབས་བརྒྱུད་ནས་སྐྲན་འགོག་སྨན་གྱི་རིན་གོང་ཆག་པ་བྱ་རྒྱུ་རེད་ཅེས་གསུངས་འདུག

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...