སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་གིས་སློབ་མའི་གསོ་སྦྱོང་བྱེད་སྒོ་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-9 15:29:00 རྩོམ་ཁུངས། ནད་མེད་ཚེ་བསྲིང་ཞིབ་འཇུག་ཁང་། ཀློག་གྲངས།
     སྤྱི་ཟླ4བའི་ཚེས4ནས་ཚེས7བར། མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་གི་ནད་མེད་ཚེ་བསྲིང་དང་ཐུན་མོང་འཕྲོད་བསྟེན་ཁ་ཕྱོགས་ཀྱི་མཛུབ་སྟོན་སློབ་དཔོན་དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་ལགས་ཀྱི་ཐུགས་བཀོད་འོག་ནད་མེད་ཚེ་བསྲིང་དང་ཐུན་མོང་འཕྲོད་བསྟེན་ཞིབ་འཇུག་ཁ་ཕྱོགས་ཀྱི་དགེ་སློབ་ཡོངས་དམར་གཙང་རྫོང(平安县)དུ་ཉིན4རིང་ཆེད་དོན་གསོ་སྦྱོང་བྱེད་སྒོ་སྤེལ།
     ཐེངས་འདིའི་དམིགས་ཡུལ་གཙོ་བོ་ནི་ཤེས་རམས་དང་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་སྦྱོང་དང་ཚན་རིག་ཞིབ་འཇུག་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་དང་། ཁྱད་པར་དུ་ལོ་རིམ་རེ་རེའི་སློབ་སྦྱོང་གི་འགན་ཁུར་སྤུས་དག་ཅན་དང་ཆ་ཚང་ཅན། གཏིང་ཟབ་ཅན་བཅས་སུ་གཏོང་རྒྱུ་དེའོ།། སྦྱོང་བརྡར་སྐབས་ཆེད་དུ་བཀོད་སྒྲིག་བྱས་པའི་ཉིན་རེའི་ལས་རིམ་རེའུ་མིག་ལྟར་ཟླ4བའི་ཚེས5ཉིན་གྱི་དགོང་མོ་མཐར་ཕྱིན་སློབ་མ་གསུམ་གྱིས་མཐར་ཕྱིན་དཔྱད་རྩོམ་ལེགས་འགྲུབ་བྱུང་བའི་རྨང་གཞིའི་སྟེངpptའགྲེམས་སྟོན་བྱས་ཏེ་དཔྱད་རྩོམ་སྒྲོགས་སྦྱང་གི་སྟ་གོན་བྱས་པར། མཛུབ་སྟོན་སློབ་དཔོན་གཙོ་བྱས་སློབ་གྲོགས་ཚང་མས་སྒྲོགས་སྦྱང་མཁན་གྱིpptནང་དོན་ཐད་དཔྱད་འཇོག་གནང་ནས་མི་འདང་སའི་ནང་དོན་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ་རྒྱུ་སྤུས་དང་ལྡན་པའི་མཐར་ཕྱིན་དཔྱད་རྩོམ་ལེགས་འགྲུབ་འབྱུང་བའི་རེ་བ་བཏོན།
     ཟླ4བའི་ཚེས6ཉིན་གྱི་ཕྱི་དྲོ། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་ཚུལ་བཞིན་ཟུང་འབྲེལ་དང་མ་འོངས་པའི་ལས་ཞུགས་གསར་གཏོད་ཕྱོགས་ལ་ཁ་གཏད་དེ་ས་གནས་དེའི་མཚོ་ཤར་བོད་སྨན་ཁང་དུ་ལྟ་སྐོར་བྱས་ཏེ་སྨན་ཁང་གི་སྒྲིག་གཞི་དང་སྨན་སྦྱོར་བཟོ་ཐབས། དཔྱད་གཏོང་ལུགས་བཅས་ཀྱི་ཐད་ནས་སློབ་སྦྱོང་བྱས་ཏེ་མཐོང་རྒྱ་བསྐྱེད། 
     ཉིན་དེའི་དགོང་མོར2018ལོའི་ཤེས་རམས་དང་འབུམ་རམས་ཞིབ་འཇུག་སློབ་མ་རྣམས་ཀྱིས་སྟ་གོན་རང་བཞིན་གྱི་རྩོམ་བྱང་གཏན་ཁེལ་བྱས་ཏེ། སློབ་བུ་རེ་རེའི་དོན་སྙིང་ལྡན་པའི་རྩོམ་བྱང་ཞིག་གཏན་ཁེལ་བྱ་ཆེད་ཞིབ་འཇུག་ནང་དོན་རིགས་ལམ་རི་མོ་དང་སྦྱར་ནས་གཏིང་ཟབ་སྒོས་དབྱེ་ཞིབ་བརྒྱུད་དཔྱད་རྩོམ་གྱི་སྒྲོམ་གཞི་བསྒྲིགས། མཛུབ་སྟོན་སློབ་དཔོན་གྱིས་རྩོམ་བྱང་ལེགས་པོ་ཞིག་གཏན་ཁེལ་བྱ་རྒྱུར་བཏོན་པའི་རེ་བ་མཐོན་པོ་དང་གཟབ་ནན་གྱི་སློབ་ཁྲིད་རྣམ་འགྱུར། དངོས་ཡོད་སྤྱི་ཚོགས་དང་སྦྱར་ནས་བོད་ལུགས་གསོ་རིག་གི་ཁ་ཚ་དགོས་གཏུགས་ཀྱི་གནད་འགག་ཐག་གཅོད་བྱེད་དགོས་པ་དང་། བརྗོད་གཞི་དཀའ་གནད་ཅན་དག་དུས་རིམ་ཅན་གྱི་སློབ་སྦྱོང་འགན་ཁུར་བགོས་ཏེ། ཡིག་ཚང་ཞིབ་འཇུག་རྨང་གཞིར་བཟུང་ནས་བསླབ་ཚན་དཔྱད་རྩོམ་འགྲུབ་རྒྱུ་དང་བོད་ལུགས་གསོ་རིག་གི་མིག་སྔའི་གནས་བབ་རྒྱལ་སྤྱིའི་ཐུན་མོང་འཕྲོད་བསྟེན་དང་སྦྱར་ཏེ་སློབ་མ་གསུམ་པོའི་ཁ་བྱང་འདེམ་པར་དགོངས་འཆར་བསྩལ།
     དགེ་སློབ་ཡོངས་ཀྱིས་དམིགས་ཡུལ་ཡོད་པ་དང་དུས་ཚོད་ཀྱི་སྒྲིག་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་གི་འོས་འགན་གཏིང་ཟབ་ཏུ་གཏོང་བའི་བྱ་འགུལ་སྒྲུབ་བཞིན་ཡོད་ལ། ཟླ4བའི་ཚེས7ཉིན་ཆེས་མཐའ་འཇུག་གི་དཔེ་ཀློག་ཟིན་བྲིས་ཐད་ཀྱི་བསམ་བློ་བརྗེ་རེས་ཚོགས་འདུ་བསྡུས་ཏེ་ལོ་རིམ་གཉིས་པའི་སློབ་མས་གྲུབ་ཟིན་པའི་དཔེ་ཀློག་ཟིན་བྲིས་ལ་ལྟ་ཞིབ་དང་བསམ་བློ་བརྗེ་རེས་བྱས་པ་དང་། མཛུབ་སྟོན་སློབ་དཔོན་གྱིས་དཔལ་ལྡན་རྒྱུད་བཞི་རྩ་བར་བཟུང་ནས་ནད་མེད་ཚེ་བསྲིང་གི་གཞུང་ལུགས་ཁྱད་ཆོས་དང་འབྲེལ་ནས་དཔེ་ཀློག་ཟིན་བྲིས་ནི་དཔེ་དེབ་གང་ཀློག་པ་དེ་བཤུ་འབྲི་ཙམ་མ་ཡིན་པར་གནད་དོན་ཞིག་དཔེ་གཞུང་མང་པོ་དང་བསྡུར་བ་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་སྙིང་པོ་ལོན་དགོས་པ་དང་། དཔེ་ཀློག་གང་བྱ་བ་དེའི་རྩོམ་པ་པོ་དང་དཔེ་གཞུང་གི་ལོ་ཚིགས་བཅས་གོ་རིམ་དང་ལྡན་པའི་ཐབས་ལམ་མི་འདྲ་བ་སྣ་ཚོགས་ཀྱི་སྒོ་ནས་ཆུ་ཐིགས་བསགས་པའི་རྒྱ་མཚོ་ཡི་དཔེ་ལྟར་དཔེ་ཀློག་སྤུས་ལེགས་ཅན་དང་བེད་སྤྱོད་ཀྱི་རིན་ཐང་ལྡན་པའི་དཔེ་ཀློག་གོམས་སུ་འཇུག་དགོས་ཚུལ་གྱི་བཀའ་སློབ་གནང་།
     ཐེངས་འདིའི་སྦྱོང་བརྡར་མཇུག་རྫོགས་དུས་ནད་མེད་ཚེ་བསྲིང་དང་ཐུན་མོང་འཕྲོད་བསྟེན་ཞིབ་འཇུག་ཁ་ཕྱོགས་ཀྱི་སློབ་གྲོགས་ཡོངས་ཀྱིས་སློབ་སྦྱོང་གི་འབྲས་བུ་གཡུར་ཏུ་ཟ་བ་བླངས་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...