སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྦྲུམ་མའི་འཚོ་བཅུད་ལ་ཕན་པའི་ཟས་རིགས་བརྒྱད།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-11 9:16:00 རྩོམ་ཁུངས། བདེ་ཆེན་བོད་ཡིག་སྨྱན་བྱད། ཀློག་གྲངས།
     གཅིག རྒུན་འབྲུམ་སྐམ་པོ། འདིས་མངལ་སྦྲུམ་སྐབས་ཟུངས་ཁྲག་ཉམས་པ་དང་ལུས་པོ་སྐྲངས་པ་འགོག་ཐུབ།     
     གཉིས། ཙོལ་རིལ། འདིའི་ནང་དུ་འཚོ་བཅུད་རྫསCམང་པོ་ཞིག་འདུས་ཡོད།    
     གསུམ། སྟར་ཀ འདིས་མ་བུའི་ཀླད་པ་སྐྱེ་འཕེལ་བྱུང་བར་ཕན་ནུས་འདོན་ཐུབ།    
     བཞི།  ཞོ འདིས་ཕོ་རྒྱུ་བདེ་བར་གཏོང་ཐུབ།    
     ལྔ།  ཆུར་ར། འདི་ནི་འོ་སྤྲུ་ལས་བཟོས་པས་ལུས་པོར་ཕན་པའི་རྫས་འདུས་ཡོད།  
     དྲུག སིལ་ཏོག་ཀུ་ཤུ། འདིས་མངལ་ནང་གི་ཕྲུ་གུའི་རུས་པ་དང་སོ་བསྐྱེད་པར་ཕན།   
     བདུན། ཤིང་འབྲས་པན་ལིས། འདིས་ཕོ་ཁ་དང་མཁལ་མ། མཚེར་བ་སོགས་ཀྱི་སྟོབས་གསོ་ཐུབ་ལ། རྩ་ཁ་ཕྱེ་ཞིང་ཁྲག་གཅོད་པར་ཕན།
     བརྒྱད། གྲོ་རྐྱང་ལས་བཟོས་པའི་གོ་རེ། འདིའི་ལུས་པོ་ནང་གི་བཟའ་བཅའི་ཚི་སྣ་ཇེ་མང་དུ་གཏོང་ཐུབ་པར་བཤད་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...