སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་ཞིང་ཆེན་གྱི2019ལོའི་ཟླ8པའི་འགོས་ནད་གནས་ཚུལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-11 9:57:00 རྩོམ་ཁུངས། ཨ་མདོ་སྨྱན་གསར། ཀློག་གྲངས།
     མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནད་ཡམས་ཚོད་འཛིན་ཅུས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། 2019ལོའི་ཟླ8པའི་ཚེས1ཉིན་ནས་ཚེས31ཉིན་བར། ཞིང་ཆེན་ཡོངས་ཀྱིས་འགོས་ནད་ཀ་པ་དང་། ཁ་པ། ག་པ་བཅས་ཀྱི་ནད་པ3351དང་རྐྱེན་ལམ་དུ་ཤོར་བའི་ནད་པ4གསལ་བསྒྲགས་བྱས་པ་རེད།
     ཟླ་འདིའི་གསལ་བསྒྲགས་ནང་བྱི་རིམས་དང་སྐྱུག་བཤལ། དཔེར་མཚོན་མིན་པའི་འགོས་ནད་གློ་ཚད། བྱིས་པའི་སྦྲིད་ནད། མིར་འགོ་སླ་བའི་འདབ་ཆགས་ཆམ་རིམས། ཁྲག་ཐོན་ཚ་ནད། ཁྱི་སྨྱོན་ནད། ཀླད་ནད་ཁ་པ། ཏེན་ཀུའི་ཚ་ནད། ཀླད་རྒྱུངས་སྤྱི་མོའི་གཉན་ཚད་ཀྱི་ཡམས་ནད། ཉིན་བརྒྱའི་ལུ་ནད། མགྲིན་ནད། གཟུགས་གུག་ནད། ཁྲག་འཇིབ་འབུ་ཕྲའི་ནད། འདར་ནད། མི་ལ་འགོ་བའིH7N9འདབ་ཆགས་ཆམ་རིམས། མཛེ་ནད། རྒྱུ་ཚད་ཐོར་སིབ་ཅན་གྱི་ནད། རིམས་ནག བརླ་རྐང་སྦོམ་གྱུར་ནད་བཅས་ཀྱི་ནད་མེད་པ་ཕུད། དེའི་འཕྲོའི་འགོས་ནད་ཀ་པ་དང་། ཁ་པ། ག་པ་བཅས་ནད་རྟགས19ཚང་མ་གསལ་བསྒྲགས་ནང་ཡོད་པ་དང་། དེའི་ནང་ཀ་པའི་རིགས0དང་ཁ་པའི་རིགས2498ཡོད་ལ། ག་པའི་རིགས853ཡོད་པ་རེད།
     གསལ་བསྒྲགས་ནང་བྱུང་བའི་ནད་རིགས་སྔོན་མ་ལྔ་སྟེ་གློ་གཅོང་གི་ནད་དང་མཆིན་ནད་ལྡེམ་བུའི་ནད། རེག་དུག འགོས་ནད་རང་བཞིན་གྱི་ཁོག་པ་བཤལ་བའི་ནད་རིགས་གཞན་དག རྐང་ལག་དང་ཁ་ཡི་ནད་སོགས་ཀྱིས་གསལ་བསྒྲགས་བྱས་པའི་ནད་སྤྱིའི80%ཟིན་ཡོད་པ་དང་། གསལ་བསྒྲགས་ནང་མི་ཤི་བའི་གྲངས་ཀ་ཆེས་མང་བའི་ཨེ་ཛིའི་ནད་དང་གློ་གཅོང་ནད་གཉིས་ཀྱིས་གསལ་བསྒྲགས་ལས་ཤི་བའི་མི་གྲངས་སྤྱིའི100%ཟིན་འདུག

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...