སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གི་འཕེལ་རྒྱས་གནས་ཚུལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-14 11:05:00 རྩོམ་ཁུངས། མཚོ་ལྷོ་བོད་ཡིག་སྨྱན་གསར། ཀློག་གྲངས།
     མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་ནི་སྤྱི་ལོ1955ལོའི་ཟླ10བར་བཙུགས་ཤིང་། 2011ལོའི་ཟླ11པའི་ནང་ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་གི་རིམ་པ་གསུམ་གྱི་ཚད་ལྡན་སྨན་ཁང་འབྲིང་གྲས་སུ་སླེབས། ལོ་འདི་འགའི་རིང་། སྔ་གཞུག་ཏུ་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་ནས་ཆེད་དུ་སྨན་ཁང་འདིར“རྒྱལ་ཡོངས་ཀྱི་རྒུད་སྐྱོབ་གནོད་འགོག་སྨན་ཁང”ཞེས་པའི་མཚན་སྙན་གནང་། 
     དེ་མིན་ད་རུང་ཐེངས་གསུམ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་ལེགས་སྡེ་ཁག”ཏུ་བདམས་པ་མ་ཟད། འཕྲོད་བསྟེན་པུའུ་སོགས་ཀྱིས་ཀྱང་“རྒྱལ་ཡོངས་འཕྲོད་བསྟེན་མ་ལག་ཡར་ཐོན་སྡེ་ཁག”དང་“རྒྱལ་ཡོངས་མི་དམངས་སེམས་བདེའི་དཔེ་སྟོན་སྨན་ཁང་”སོགས་ཀྱི་མཚན་སྙན་གནང་བ་མ་ཟད། ཐེངས་མང་པོར་ཞིང་ཆེན་དང་ཁུལ་རིམ་པའི་སྔོན་ཐོན་ལས་ཁུངས་སུ་ཡང་བདམས་མྱོང་།  
     ད་སྐབས་སྨན་ཁང་འདིར་ཆེད་མཁས་ལག་རྩལ་སྨན་པ543ཡོད་པ་དང་། དེའི་ནང་མཐོ་རིམ་ལས་ཐོབ་གོང་མ་ཅན་གྱི་སྨན་པ10དང་། མཐོ་རིམ་ལས་ཐོབ་འོག་མ་ཅན་གྱི་སྨན་པ61། འབྲིང་རིམ་ལས་ཐོབ་ཅན་གྱི་སྨན་པ73 བཅས་ཡོད། ཉེ་བའི་ལོ་འགའི་རིང་། མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གིས་“ནད་པ་དཀྱིལ་སྙིང་དུ་བཟུང་”ནས་ཏང་དང་སྲིད་གཞུང་གི་འཕྲོད་བསྟེན་བྱ་བའི་བྱེད་ཕྱོགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱས་ཤིང་། སྨན་རྫས་འཕྲོད་བསྟེན་ལམ་ལུགས་ལེགས་བཅོས་སུ་བཏང་སྟེ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
     མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་ཞབས་ཕྱིའི་ཁྱབ་ཁོངས་དེ་རང་ཁུལ་གྱི་རྫོང་ལྔའི་མི་གྲངས་འབུམ་ལྔར་ནད་གསོ་བྱེད་པ་ལས་གཞན་ད་དུང་མགོ་ལོག་དང་ཡུལ་ཤུལ་སོགས་སུའང་སྨན་བཅོས་ཞབས་ཕྱི་བསྒྲུབ་བཞིན་ཡོད་ལ། ལོ་རེའི་ནད་བརྟག་སྨན་བཅོས་སུ་འོངས་པའི་ནད་པ་ཁྲི13ལྷག་ལ་སླེབས་པ་མ་ཟད། ཞག་སྡོད་ནད་པ་མི་ཁྲི1དང5000ལྷག་ལ་སླེབས་ཡོད། 
     ལོ་རེར་ནད་པར་གཤག་བཅོས་ཐེངས2500བྱེད་ཀྱིན་ཡོད་ལ། དེའི་ནང་ནད་པ80%ཡི་ཞབས་ཕྱི་བྱ་ཡུལ་རོང་འབྲོང་མང་ཚོགས་ཡིན་པ་མ་ཟད།  སྨན་ཁང་འདིས་རྒྱལ་ལམ109དང214།  མཚོ་སྔོན་པོ་ཡུལ་སྐོར་བགྲོད་ལམ་སོགས་སུ་གློ་བུར་བའི་དོན་རྐྱེན་བྱུང་ན་མྱུར་སྐྱོབ་བྱེད་པའི་ལས་འགན་ཁུར་ནས་ལོ་རེའི་ནང་མྱུར་སྐྱོབ་བྱས་པའི་མི་གྲངས་ཐེངས་ཁྲི1.6ལ་སླེབས་པས། མཚོ་སྔོན་པོ་དང་མཚོ་བོད་གཞུང་ལམ་དུ་མྱུར་སྐྱོབ་བྱེད་པའི་སྨན་ཁང་ཆེས་ཐོག་མར་གྱུར་ཡོད། 
     སྔ་གཞུག་ཏུ་མ་དངུལ་འབོར་ཆེན་བཏང་ནས་ཕྱི་ནད་ཚན་ཁག་ཆེན་མོའི་ཐོག་ཁང་དང་། ཁོང་ནད་བྱིས་པའི་ཚན་ཁག་ཐོག་ཁང་།  མྱུར་སྐྱོབ་སྒོ་བསྟེན་ཐོག་ཁང་།  ཚན་ཁག་ཡོངས་ཀྱི་སྨན་པའི་གསོ་སྦྱོང་ཐོག་ཁང་སོགས་འཛུགས་སྐྲུན་བྱས་པས་སྔར་ལས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
     མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གིས་རྒྱང་འབྲེལ་སྨན་བཅོས་ལྟེ་གནས་བཙུགས་ཏེ།  ཞིང་ཆེན་རིམ་པའི་སྨན་ཁང་ཆེ་གྲས་རྣམས་དང་།  དེ་མིན། པེ་ཅིན་དང་ཅང་སུའུ།  ཞི་ཨན་སོགས་རྒྱང་ཐག་རིང་བོའི་སྨན་ཁང་ལ་མཉམ་འབྲེལ་བྱས་ནས་སྨན་བཅོས་བྱེད་པའི་ཐབས་ལམ་མངོན་འགྱུར་བྱུང་ཞིང་། བོད་ཁུལ་གྱི་ནད་པ་མང་པོ་ཞིག་གིས་ཞིང་ཆེན་ཕྱི་ནང་གི་སྨན་ཁང་ཆེན་མོ་དང་ཆེད་མཁས་སྨན་པར་ནད་སྟོན་སྨན་བཅོས་བྱེད་ཐུབ་པར་གྱུར་བས།  ནད་པ་གང་མང་ཞིག་ཐག་རིང་ལ་འགྲོ་བའི་ལམ་གླ་དང་སྨན་ཡོན་སོགས་ངོས་ཐད་ནས་གྲོན་ཆུང་བྱས་པས་ཕན་ཐོགས་ཆེན་པོ་བྱུང་བ་དང་། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ཀྱང་དགའ་བསུ་མི་དམན་པ་ཐོབ།
     2019ལོ་ནས་བཟུང་། མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གིས་ཅང་སུའུ་ཞིང་ཆེན་ཞིས་ཀྲིག་གྲོང་ཁྱེར་ལྟེ་གནས་སྨན་ཁང་དང་ཁ་གཏད་རོགས་སྐྱོར་བྱེད་པར་མཉམ་འབྲེལ་བྱས་ནས་ཅང་སུའུ་ཞིང་ཆེན་གྱིས་ཆེད་མཁས་སྨན་པ་བཟང་བོ་སྨན་ཁང་འདིའི་ཡོན་ཀྲང་དང་ཚན་ཁག་གཙོ་བོའི་འགན་ཁུར་མི་སྣར་གདན་འདྲེན་བྱས་ཏེ།  ལག་རྩལ་གསར་བའི་ཐབས་ལམ་ལ་བརྟེན་ནས་ཕྱི་ནད་ཚན་ཁག་དང་། ཁོང་ནད་ཚན་ཁག  མོ་ནད་ཚན་ཁག  སྦྲུམ་མའི་ཚན་ཁག  བྱིས་པའི་ཚན་ཁག་སོགས་ལ་ཞབས་ཕྱི་སྔར་ལས་བཟང་བོ་བསྒྲུབ་རྒྱུ་རེད། 
     རྗེས་ཕྱོགས་ནས་བཟུང་། མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གིས་ཕྱོགས་ཡོངས་ནས་སྨན་པའི་ཀུན་སྤྱོད་དང་སྨན་ཁང་ལམ་ལུགས་ལེགས་བཅོས་བྱས་ནས་ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱིས་ནད་ལ་སྟོན་པར་སྟབས་བདེ་གང་ལེགས་བསྐྲུན་རྒྱུ་མ་ཟད། དེ་མིན་སྨན་བཅོས་ལག་རྩལ་གསར་བ་ཁྱབ་བརྡལ་དུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཞབས་ཕྱིའི་འདོད་བློ་བསྐང་ཐུབ་པའི་སྨན་ཁང་བཟང་བོ་རུ་འགྱུར་བར་ཧུར་ཐག་བྱས་ཏེ། 2025ལོར་སླེབས་དུས་གཙང་གསུམ་འབྱུང་ཡུལ་གྱི་སྣ་འཛོམས་རང་བཞིན་ལྡན་པའི་སྨན་བཅོས་ཞབས་ཕྱིའི་ལྟེ་གནས་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་པར་འབད་བརྩོན་ཆེན་པོ་བྱེད་བཞིན་མཆིས། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...