སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དམའ་འབྲིང་སློབ་མའི་སེམས་ཁམས་འཕེལ་ཚུལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-11-6 10:01:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
      དམའ་འབྲིང་སློབ་མ་ནི་སྤྱིར་བཏང་དུ་ལོ11 12 13 14 15བར་ཡིན། ཏག་ཏག་ན་ཆུང་གི་དུས་སམ་སློབ་ཞུགས་བར་མའི་དུས་ཡིན། ན་ཆུང་གི་དུས་ནི་ལོ་ཆུང་དུས་ནས་ན་གཞོན་དུས་ཀྱི་བར་བརྒལ་གྱི་དུས་རིམ་ཡིན་ལ། དེ་བས་དུས་རིམ་འདིའི་སློབ་མར་བྱིས་པའི་ཤས་ཕྱེད་ཀ་དང་དར་མའི་ཤེས་ཕྱེད་ཀའི་ཁྱད་ཆོས་ལྡན་ལ། དེ་ནི་ལུས་སེམས་འཕེལ་རྒྱས་ཆེས་ཆེ་བའི་དཀྱོགས་མཚམས་ཀྱི་དུས་རིམ་ཤིག་ཀྱང་ཡིན། དེས་སློབ་མའི་སེམས་ཁམས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ཆེས་གལ་ཆེ་བའི་གོ་གནས་ཟིན་འདུག 
      མིའི་སྐྱེས་གཟུགས་ནི་སྐྱེས་པ་ནས་དར་མའི་བར་སྐྱེས་ལུགས་འཕེལ་རྒྱས་སྐབས་རེར་མྱུར་བ་དང་ལན་རེར་དལ་བ་དང་། དེའི་ནང་ཡང་རྩེའི་དུས་སྐབས་གཉིས་ཡོད་དེ། ཡང་རྩེའི་དུས་སྐབས་དང་པོ་ནི་མངལ་སྦྲུམ་པ་ནས་ལོ་གཉིས་བར་ཡིན་ལ་དུས་རིམ་འདིའི་མིའི་སྐྱེས་ལུགས་འཕེལ་ཚུལ་ཧ་ཅང་མྱུར། ཡང་རྩེའི་དུས་སྐབས་གཉིས་པ་ནི་དམའ་འབྲིང་སློབ་མའི་སྐབས་ཀྱི་ན་ཆུང་གི་དུས་སྐབས་ཡིན། དུས་སྐབས་འདིའི་སྐབས་ཀྱི་མིའི་དབང་རྩའི་རིམ་པ་འཕེལ་བའི་ངོ་བོ་ཧ་ཅང་མངོན་གསལ་ཡིན་ལ། གཙོ་བོ་ནི་གཤམ་གྱི་ཕྱོགས་གཉིས་ནས་གསལ།
དང་པོ། དམའ་འབྲིང་སློབ་མའི་ལུས་ཁམས་འཕེལ་ཚུལ་གྱི་ཁྱད་ཆོས་གཙོ་བོ།
གཅིག  དབང་རྩའི་མ་ལག་འཚར་ལོངས་བྱུང་གྲུབ་ལ་ཉེ་བ། 
      ན་ཆུང་དུས་ནི་ཀླད་པའི་ནུས་མཐུ་མངོན་གསལ་འཕེལ་རྒྱས་འགྲོ་བ་དང་སྐྱེས་གཟུགས་འཕེལ་བ་ཅུང་རྙོག་འཛིང་ཅན་གྱི་ཀླད་ཤུགས་ངལ་རྩོལ་བ་དང་། ཀླད་པའི་ཕྲ་ཕུང་ཅུང་སྟོབས་ཆུང་བ་དང་བྱ་བའི་ཧུར་བརྩོན་རང་བཞིན་ཞན་པ། ཐང་ཆད་སླ་བ། དཀའ་སྡུག་དང་བཟོད་བསྲན་གྱི་གོ་རིམ་གཏན་འཇགས་དང་བཏང་སྙོམས་ཀྱི་ཚད་དུ་མི་སླེབས་པ། ཧོལ་རྒྱུགས་བྱེད་སླ་བ་དང་ཧུར་ཐག དེ་བས་ངལ་རྩོལ་སྙོམས་སྒྲིག་དང་། སློབ་སྦྱོང་བྱ་བའི་འགན་འཁུར་དེ་འདྲ་མི་ལྗིད་པ། གཉིས་ཉལ་དུས་ཚོད་ཚད་དང་རན་པ་རྒྱུན་འཁྱོངས་བྱེད་པ་དང་། འཕྲོད་བསྟེན་གོམས་གཤིས་ལེགས་པོ་ཆགས་རྒྱུ་སོགས་ལ་དོ་སྣང་བྱེད་དགོས།
གཉིས། སྐྱེ་སྒོ་སྨིན་པ།
      སྐྱེ་སྒོ་སྨིན་པ་ནི་ན་ཆུང་དུས་ཀྱི་གཟུགས་ཁམས་འཚར་ལོངས་ཀྱི་གལ་ཆེ་བའི་ཁྱད་ཆོས་ཤིག་ཡིན་ལ། དུས་སྐབས་དེར། སྐྱེ་འཕེལ་གཤེར་རྨེན་ཐོག་མར་འགོ་བརྩམས་ནས་བྱེད་ནུས་ལྡན་པར་གྱུར་ལ། སློབ་མ་མོའི་སྐྱེ་སྒོ་དེ་སློབ་མ་ཕོ་ལས་ལོ1ནས2ཀྱིས་སྨིན་སྔ་བ། སློབ་མ་མོ་ནི་ལོ11ནས12ནས་འགོ་བརྩམས་ཏེ་སྐྱེ་སྒོ་སྨིན་པའི་དུས་སྐབས་ལ་ཐོན་ལ། སློབ་མ་ཕོ་ནི་ལོ13ནས14ལ་ཐོན་པ་ན་ད་གཟོད་སྐྱེ་སྒོ་སྨིན་པའི་དུས་སྐབས་ཡིན། དེ་དང་མཉམ་དུ། སྐྱེས་པའི་གཤིས་ཀ་དང་བུད་མེད་ཀྱི་གཤིས་ཀ་ཚང་མ་མངོན་གསལ་ཅན་དུ་འགྱུར་ཡོད། ན་ཆུང་དུས་ནི་སྐྱེ་སྒོའི་ངར་སྐྱེད(སྐུལ་འདེད)ཀྱི་ཚོར་བ་ཧ་ཅང་རྣོ་བའི་དུས་སྐབས་ཤིག་ཡིན། ཁོ་ཚོར་མཚོན་ན་སྐྱེ་སྒོའི་སྐྱེ་ལུགས་སྒུལ་ཤུགས་དང་ཉམས་ལེན་དེ་ཚང་མ་གསར་བ་ཡིན་པའི་གྲུབ་ཆ་ཤིག་ཡིན། དེའི་བྱིས་པའི་ཐོག་མའི་སྐྱེས་ཁམས་བཏང་སྙོམས་དེ་རྙོག་འཛིང་ཅན་དུ་གཏོང་བ། གལ་ཏེ་འོས་འཚམས་ཀྱི་སློབ་གསོའི་མཛུབ་སྟོན་གྱི་མི་འདང་དུས་ཕལ་ཆེར་མཇུག་འབྲས་མི་བཟང་བ་འབྱུང་། དེ་བས་ཁྱིམ་བདག་དང་དགེ་རྒན་གྱིས་ན་ཆུང་དུས་ཀྱི་སློབ་མའི་སྐྱེས་གཟུགས་ནར་སོན་པ་དང་སློབ་གསོ་འཕེལ་བའི་འགྱུར་ལྡོག་ལ་དོ་ཁུར་བྱེད་དགོས། དུས་ལྟར་ཁོ་ཚོའི་འགྲོ་འདུག་དང་འབྲེལ་བའི་སྐྱེས་ཁམས་འཕྲོད་བསྟེན་ཤེས་བྱ་དང་སྐྱེ་སྒོའི་ཤེས་བྱའི་སློབ་གསོ་བཏང་སྟེ། ཁོ་ཚོ་བདེ་ཐང་ངང་ནར་སོན་དུ་འཇུག་དགོས།
གཉིས་པ། དམའ་འབྲིང་སློབ་མའི་སེམས་ཁམས་འཕེལ་ཚུལ་གྱི་ཁྱད་ཆོས་གཙོ་བོ།
     གཅིག བསམ་གཞིགས་འཕེལ་ཚུལ་གྱི་ཁྱད་ཆོས་གཙོ་བོ།
     བསམ་གཞིགས་ནི་སེམས་ཁམས་འགུལ་བསྐྱོད་ཡོངས་ཀྱི་ལྟེ་བ་དང་གྲུབ་ཆ་གཙོ་བོ་ཡིན། སེམས་ཁམས་འགུལ་བསྐྱོད་སྣ་ཚོགས་ཁྲོད་ཚང་མར་བསམ་གཞིགས་ཀྱི་གྲུབ་ཆ་ཡོད། ཞིབ་འཇུག་ལྟར་ན། ན་ཆུང་རྣམས་ནི་བསམ་གཞིགས་མྱུར་བར་འཕེལ་རྒྱས་དང་བསམ་གཞིགས་སྐྱེད་པར་ངོ་བོ་འགྱུར་བའི་འཕོ་འགྱུར་དུས་སྐབས་ཤིག་ཡིན། ཕའེ་ཡ་ཅེའི(皮亚杰)བསམ་པར་ན་ཆུང་དུས་ཀྱི་བསམ་གཞིགས་ནི་དངོས་སུ་རྩིས་རྒྱག་བསམ་གཞིགས་ཀྱི་དུས་རིམ་ནས་ཕྱི་ཚུལ་རྩིས་རྒྱག་གི་དུས་རིམ་དུ་འཇུག་པའི་སྐབས་ཡིན་ཟེར། ན་ཆུང་གི་དུས་དང་ལོ་ཆུང་གི་དུས་ནི་བསམ་གཞིགས་འཕེལ་རྒྱས་ཀྱི་ཆུ་ཚད་ཧ་ཅང་མི་འདྲ་སྟེ། སློབ་ཆུང་བྱིས་པའི་བསམ་གཞིགས་ནི་དོན་དངོས་འཆར་སྣང་བསམ་གཞིགས་ནས་སྤྱི་མཚན་དུ་གྱུར་པའི་གཏན་ཚིགས་བསམ་གཞིགས་ཀྱི་ཐོལ་བརྒལ་གྱི་ཐོག་མའི་རྣམ་པ་ཡིན། དམའ་འབྲིང་དུ་ཐོན་པ་ནས་སློབ་མའི་སྤྱི་མཚན་དུ་གྱུར་པའི་གཏན་ཚིགས་བསམ་གཞིགས་ཀྱི་འགོ་བརྩམས་ཏེ་ལྟོས་འཇོག་གི་ཁྱད་དུ་འཕགས་པའི་དགེ་མཚན་འཛིན་བཞིན་ཡོད། ཁོ་ཚོ་ནི་རྒྱུན་ཆད་མེད་པར་བྱ་དངོས་དང་ཁ་བྲལ་ཆོག་ལ། དེ་ལས་སྤྱི་མཚན་དུ་གྱུར་པའི་བརྗོད་གཞིའི་གཞི་འཛིན་ས་བྱས་ནས་རིགས་འདེད་དང་བསམ་གཞིགས་བྱས་ཆོག འདི་ནི་བསམ་གཞིགས་འཕེལ་རྒྱས་སྟེང་གི་ངོ་བོ་འགྱུར་བའི་རིམ་པ་ཞིག་ཡིན་ལ་དེ་ནི་དམའ་འབྲིང་སློབ་མའི་བསམ་གཞིགས་འཕེལ་རྒྱས་སྟེང་གི་ཁྱད་ཆོས་ཤིག་ཀྱང་ཡིན། དམའ་འབྲིང་གི་སློབ་མའི་བསམ་གཞིགས་འཕེལ་རྒྱས་ཀྱི་ཁྱད་ཆོས་ནི་མཚན་ཉིད་རྒྱུས་ལོན་སྟེང་མཚོན་པར་བྱེད་ལ་ལུགས་འདེད་བརྡར་གཅོད་དང་གོ་བ་ལེན་པའི་ནུས་པའི་འཕེལ་རྒྱས་ཀྱི་ཆུ་ཚད་སྟེང་མངོན། ཤེས་བྱ་རྒྱུད་ཆད་མེད་པའི་འཕེལ་རྒྱས་དང་བསྟུན་ནས་ཁོ་ཚོའི་སྤྱི་མཚན་དུ་གྱུར་བའི་མདོར་བསྡུས་ཀྱི་ཆུ་ཚད་ཀྱང་ཇེ་མཐོར་སོང་ཡོད་ལ་མཚན་ཉིད་གྲངས་ཀའི་གོ་བ་ལེན་ཚད་ཀྱང་ཇེ་མཐོར་སོང་ཡོད། ཁོ་ཚོས་གོ་བ་བླངས་པའི་ཐ་སྙད་ལ་གཤམ་གསལ་གྱི་ཁྱད་ཆོས་ལྡན་དེ། དམའ་འབྲིང་ལོ་རིམ་དང་པོའི་སློབ་མས་ཐོག་མའི་སྤྱི་མཚན་ཐ་སྙད་ལ་གོ་བ་ལེན་པའི་དུས་སྟེ། གཞི་རྩ་འཛིན་མི་ཐུབ་ལ་གཙོ་ཕལ་གྱི་དབྱེ་བ་ཡང་དེ་འདྲ་འབྱེད་མི་ཐུབ། དམའ་འབྲིང་ལོ་རིམ་གཉིས་པར་ཐོན་པ་ན་སྤྱི་མཚན་རགས་བསྡུས་ཀྱི་ནུས་པའང་ཇེ་མཐོར་འགྲོ། ཡིན་ཡང་རྙོག་འཛིང་གི་སྤྱི་མཚན་ཐ་སྙད་མངོན། དེ་ནི་ཉམས་མྱོང་གི་རྒྱབ་རྟེན་གྱིས་མ་འདང་བས། རྒྱུན་དུ་གོ་བ་བླངས་པ་དེ་འདྲ་ཡང་དག་ཅིག་མིན། སྐབས་འདིར། གོ་དོན་གྱི་རྒྱུན་ཆད་མེད་པའི་འཕེལ་རྒྱས་དང་བསྟུན་ནས་སློབ་མའི་ཡུན་གྱིས་ཐ་སྙད་རྣམས་ངེས་གཏན་གྱི་མ་ལག་ཅིག་ཏུ་བསྒྲིགས་ཐུབ་པ་དང་དེ་ནས་འགོ་བརྩམས་ཏེ་རྒྱུས་ལོན་བྱས་པའི་ཐ་སྙད་རྣམས་མ་ལག་ཅན་དུ་བསྒྱུར་བ་རེད། ཡིན་ནའང་དུས་རིམ་འདིའི་ནང་གི་སློབ་མའི་རང་རྟོགས་ཀྱིས་ཐ་སྙད་གཞིར་བཟུང་ནས་བརྡར་གཅོད་དང་རིགས་འདེད་བྱེད་པ་དང་། འོན་ཀྱང་ཁོ་ཚོར་སྔར་བཞིན་དོན་དངོས་འཆར་སྣང་གི་རྒྱུ་ཆའི་རྒྱབ་རྟེན་དགོས། གོ་བ་ལེན་པའི་ནུས་པ་ཇེ་མཐོར་འགྲོ་བ་ནི་དམའ་འབྲིང་སློབ་མའི་བསམ་གཞིགས་འཕེལ་རྒྱས་ཀྱི་ཁྱད་ཆོས་ཤིག་ཡིན། ཞིབ་འཇུག་ལས། དམའ་འབྲིང་ལོ་རིམ་གཉིས་པའི་རྗེས་ནས་སློབ་མས་གཏམ་རྒྱུད་དང་དཔེར་བརྗོད་ལས་གོ་བ་ལེན་པ། གཏམ་རྒྱུད་ཀྱི་དོན་དངོས་གོ་རིམ་དང་དྲང་ཐད་སྣང་ཚུལ་ལས་གྲོལ་ཐུབ་པ་དང་བྱ་དངོས་ཀྱི་ནང་གི་འབྲེལ་བའི་གོ་བ་ཇེ་མཐོར་འགྲོ་བ། རྒྱུ་འབྲས་དང་ལྡོག་ཕྱོགས་ཀྱི་འབྲེལ་བ། གཙོ་ཕལ་གྱི་འབྲེལ་བ། ཁོང་གཏོགས་འབྲེལ་བ་དང་འགལ་ཟླའི་འབྲེལ་བ་སོགས་འཚོལ་ཐུབ།
      དམའ་འབྲིང་རིམ་པའི་སློབ་མའི་བསམ་གཞིགས་ཀྱི་ཁེར་རྐྱང་རང་བཞིན་དང་སུན་འབྱིན་རང་བཞིན་ཡང་མངོན་གསལ་གྱིས་འཕེལ་རྒྱས་འགྲོ རྒྱུན་ལྡན་གྱི་གནས་ཚུལ་འོག ཁེར་རྐྱང་གི་བསམ་གཞིགས་ནུས་པའི་འཕེལ་རྒྱས་ཀྱི་ཆུ་ཚད་ནི་ལོ་ཚད་འཕར་བ་དང་བསྟུན་ནས་རྒྱུན་ཆད་མེད་པར་ཡར་འཕེལ་བ་དང་། ཁོ་ཚོ་དང་འབྲེལ་བའི་གནད་དོན་ཐག་གཅོད་དང་མི་སྣའི་གདེང་འཇོག བྱ་དངོས་ཀྱི་དྲང་འཁྱོག་སོགས་ལ་ཁོ་ཚོར་རང་ཉིད་ཀྱི་ལྟ་སྟངས་ཡོད། གནད་དོན་ལ་དབྱེ་ཞིབ་བྱེད་དུས་རྒྱུན་དུ(ངའི་བསམ་པར)དང་ཡང་ན(ངའི་ལྟ་ཚུལ་ལ)སོགས་ཀྱིས་རང་ཉིད་ཀྱི་ལྟ་སྟངས་གྲུབ་ཡོད། ཁོ་ཚོར་བསླབ་དེབ་དང་དགེ་རྒན་གྱི་འགྲེལ་བཤད་བྱས་པའི་བྱ་དངོས་ཀྱིས་ཡིད་མི་མགུ་བར་རང་ཉིད་ཀྱི་བསམ་བློ་གཏོང་བར་དགའ། དེ་ནས་འགོ་བརྩམས་ཏེ་ནོར་འཁྲུལ་སུན་འབྱིན་གྱི་རྣམ་འགྱུར་གྱིས་ཉེ་འཁོར་གྱི་ཡོད་ཚད་ལ་ལྟ་སྟངས་འཛིན་པ་དང་། སྙིང་སྟོབས་ཆེར་བསྐྱེད་ཀྱིས་རང་ཉིད་ཀྱི་ལྟ་བ་འདོན་ལ། འཚོལ་ཞིབ་དང་། དོགས་པ་ཟ་བ། རྩོད་པ་དང་དགག་སྒྲུབ་སོགས་ལ་དགའ་བའོ།། འོན་ཀྱང་དུས་རིམ་འདིའི་ནང་གི་སློབ་མའི་གནད་དོན་ལ་བསམ་བློ་གཏོང་བར་ངོས་གཅིག་རང་བཞིན་ཅན་དུ་འགྱུར་སླ་བ། ཡོད་ཚད་ལ་དོགས་པ་ཟ་བ། མཐོང་མྱོང་བའི་གནད་དོན་ལ་ཨུ་ཚུགས་བྱེད་པ་བཅས་ཡིན།
      གཉིས། ཡིད་འགྱུར་འཕེལ་འགྱུར་གྱི་ཁྱད་ཆོས་གཙོ་བོ།
      སེམས་ཁམས་རིག་པ་ལ་ལའི་བཤད་རྒྱུར་ན་ཆུང་གི་དུས་ལ(རླུང་དམར་གྱི་དུས་སྐབས)ཟེར་ལ། (རླུང་དམར་གྱི་དུས་སྐབསཝ(སེམས་སྐྱོ་ཡིད་འཆོར་གྱི་དུས་སྐབས)ཞེས་པ་འདི་ནི་གཙོ་བོ་ན་ཆུང་རྣམས་ཀྱི་བརྩེ་སེམས་ཁྱད་ཆོས་ཀྱི་སྙིང་བསྡུས་ཡིན། ཁོ་ཚོའི་བརྩེ་སེམས་དེ་འགུལ་སླ་ལ། གཏན་འཇགས་མིན་པ། འགུལ་ཚད་ཆེ་བ། ཉམས་མྱོང་དྲག་པ། སྣེ་གཅིག་ནས་སྣེ་གཞན་ཞིག་ལ་དྲག་པའི་སྒོ་ནས་འགུལ་སླ་བའི་དུས་ཤིག་ཡིན། སེམས་ཁམས་རིག་པ་བའི་ཞིབ་འཇུག་ལས། དམའ་འབྲིང་རིམ་པའི་སློབ་མར་མཚོན་ན། སློབ་མ་མོ་ལོ11ནས13དང་སློབ་མ་ཕོ་ལོ13ནས15བར་ནི་བརྩེ་སེམས་ཀྱི་རང་བསྐྱེད་རང་བཞིན་དང་ཚོར་སྣང་རང་བཞིན་མངོན་གསལ་དུ་འགྲོ་སླ་བའི་དུས་ཡིན་ལ། སེམས་ཁམས་རིག་པ་བ་མི་ཉུང་བ་ཞིག་གི་བསམ་པར་ན་ཆུང་གི་དུས་ནི་བརྩེ་སེམས་འཕེལ་ཚད་ཆེས་དཀའ་བ་དང་། མི་རྣམས་ཆེས་སེམས་འཁྲུག་པའི་ན་ཚོད་ཀྱི་དུས་རིམ་ཤིག་ཡིན། ན་ཆུང་གི་བརྩེ་སེམས་ལ་ཧོལ་རྒྱུགས་རང་བཞིན་གྱིས་ཕྱུག་པ་དང་། ལུགས་མཐུན་སྤྱང་གྲུང་གི་བརྩེ་སེམས་ཉུང་བ། རྒྱུན་དུ་བྱ་བ་ཆུང་ངུ་ཞིག་ལའང་ཧོལ་རྒྱུགས་དང་འུད་སྒྲོག་བྱེད་པ། མི་གཞན་ལ་འཁོན་འཛིང་བྱེད་པའམ་ཡང་ན་སྤྲོ་ཉམས་རང་བཞིན་ཅན། སྐབས་ལན་རེར་མིག་གིས་མ་མཐོང་བའམ་གསལ་ཆ་མེད་པའི་གནས་ཚུལ་འོག་བྱ་བ་སྐྱུགས་བྲོ་བ་མང་པོ་བྱེད་པ། ཐ་ན་མཇུག་འབྲས་ཀྱང་ཚབས་ཆེན་འབྱུང་བའོ།།
      སྐབས་ལན་རེར་གློ་བུར་བྱུང་བའི་དོན་དག་ལས་སེམས་སྡུག་པ་དང་སེམས་མི་བདེ་བ། ཚད་ལས་རྒལ་བའི་ཁོང་ཁྲོ་ལངས་པ་དང་ཐ་ན་ཀུ་རེའང་ཐལ་དྲག་པར་བྱེད་པ། སྐབས་ལན་རེར་སྤྱི་ཚོགས་ཀྱི་འགལ་ཟླ་ཤེས་པ་ལས་ཡིད་སྐྱོ་བ་དང་སྡུག་བསྔལ་གྱིས་མནར་བ་སོགས་སོ།།
      དམའ་འབྲིང་སློབ་མའི་བརྩེ་སེམས་ཀྱི་ཁྱད་ཆོས་འདི་དག་གིས་རྒྱུན་དུ་དགེ་རྒན་དང་ཁྱིམ་བདག་ལ་བློ་མི་བདེ་བར་བྱེད་པ་དང་། སློབ་གསོ་པས་ངེས་པར་དུ་དམའ་འབྲིང་སློབ་མའི་བརྩེ་སེམས་སེམས་ཁམས་ཀྱི་ཁྱད་པར་གྱི་འགལ་ཟླ་རྟོགས་པར་བྱེད་དགོས། དམའ་འབྲིང་སློབ་མའི་བརྩེ་སེམས་ནི་འཕོ་འགྱུར་བྱུང་སླ་བ་དང་། གཡོ་འགུལ་འཇགས་མིན། གཙོ་བོ་ནི་སྐྱེས་ལུགས་ཀྱི་རྣམ་པ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་ཤེས་རྟོགས་གོ་རིམ་ཕྱོགས་གསུམ་བཅས་ཀྱི་རྒྱུ་རྐྱེན་ཁྱད་པར་བའི་གྲུབ་ལ། སྐྱེས་ལུགས་ཀྱི་སྟེང་ནས་བཤད་ན། དམའ་འབྲིང་སློབ་མའི་སྐྱེ་སྒོ་སྨིན་པའི་གོ་རིམ་ནི་མྱུར་བར་བྱེད་པ། སྐྱེ་སྒོའི་ཁུ་བ་འབྱུང་བའི་ཤུགས་རྐྱེན་ཐེབས་པ། ཀླད་པའི་སེམས་ཤུགས་ཀྱི་དབང་རྩའི་འགུལ་སྐྱོད་ལ་ཚད་མཐོ་བའི་རང་བཞིན་ལྡན་པ། ཀླད་ཆེན་གྱི་སྐྱི་ལྤགས་རིམ་པའི་ཀླད་པའི་སེམས་ཤུགས་དེ་གནས་སྐབས་སུ་བཏང་སྙོམས་བྱེད་མི་ཐུབ་པ། བཏང་སྙོམས་འདིའི་གཏོར་བརླག་གིས་ཐད་ཀར་དམའ་འབྲིང་སློབ་མའི་བརྩེ་སེམས་གོ་རིམ་ལ་ཤུགས་རྐྱེན་ཐེབས་པ། སྤྱི་ཚོགས་ཀྱི་སྟེང་ནས་བཤད་ན། དམའ་འབྲིང་སློབ་མའི་རྒྱུན་ཆད་མེད་པར་ནར་སོན་པའི་གོ་རིམ་གྱིས་རང་ཉིད་ཀྱི་རེ་སྙེག་དེ་རྒྱུན་པར་དངོས་ཡོད་སྤྱི་ཚོགས་དང་ཕན་ཚུན་འགལ་འདུག དེ་བས་ཁོ་ཚོའི་རང་ཉིད་ཀྱི་རེ་སྙེག་དེ་མངོན་འགྱུར་བྱེད་པར་དགའ་བར་འདུག འགལ་བ་འདིས་དམའ་འབྲིང་སློབ་མར་བརྩེ་སེམས་འཕེལ་རྒྱས་བྱུང་བར་དཀའ་ངལ་འབྱུང་བར་རྒྱུ་རྐྱེན་གལ་ཆེན་བཟོས། ཤེས་རྟོགས་ཀྱི་སྟེང་ནས་བཤད་ན། དམའ་འབྲིང་སློབ་མར་ཤེས་རྟོགས་ཀྱི་ཉམས་མྱོང་གིས་མི་འདང་བ། དེ་ལས་དབྱེ་འབྱེད་ཀྱི་བསམ་པའི་དབུལ་བ། བྱ་དངོས་ཀྱི་ལྟ་སྟངས་དེ་རྒྱུན་པར་ཐལ་ཆེ་བ་དང་། ཐལ་དྲག་པའི་ལམ་དུ་ཞུགས་པ། རང་ཉིད་ཀྱི་དགོས་མཁོ་དེ་འོས་འཚམས་ཡིན་མིན་དང་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་མིན་ལ་མི་བལྟ་བ། ཤེས་རྟོགས་མི་གསལ་བ་སོགས་བྱས་ཏེ་བརྩེ་སེམས་འཕེལ་རྒྱས་ཀྱི་གནད་དོན་སྣ་ཚོགས་བྱུང་བ་རེད།
      གསུམ། རང་ཉིད་ཀྱི་འདུ་ཤེས་འཕེལ་བའི་ཁྱད་ཆོས།
      རང་ཉིད་ཀྱི་འདུ་ཤེས་ནི་མི་ལ་ཁྱད་པར་དུ་ལྡན་པ་ཞིག་སྟེ། འོན་ཀྱང་མིའི་རང་ཉིད་ཀྱི་འདུ་ཤེས་ནི་སྐྱེས་པ་ཉིད་ནས་ཡོད་པ་ཞིག་མ་ཡིན་སྟེ། དེ་ནི་སྤྱི་ཚོགས་ཀྱི་དོན་དངོས་གོ་རིམ་ཁྲོད་སྐད་བརྡ་དང་བསམ་བློའི་འཕེལ་རྒྱས་ལ་བརྟེན་ནས་འཕེལ་བ་ཞིག་སྟེ། དམའ་འབྲིང་སློབ་མ་ནི་རང་ཉིད་ཀྱི་འདུ་ཤེས་གལ་ཆེའི་དཀྱོག་མཚམས་ཤིག་ཡིན།
       1 དམའ་འབྲིང་སློབ་མའི(ནར་སོན་པའི་ཤེས་ཚོར)གྱི་བྱུང་བ། དམའ་འབྲིང་རིམ་པ་ནི་མི་ཞིག་གི་ལུས་གཟུགས་དང་སེམས་ཁམས་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་མྱུར་བའི་དུས་ཤིག་ཡིན་པས། ཁོ་ཚོའི་ཤེས་རྟོགས་ཀྱང་རང་ཉིད་ཀྱི་སྐྱེས་ལུས་ལྟར་མྱུར་བར་འཕེལ་རྒྱས་འགྲོ་བཞིན་ཡོད། སྐྱེ་སྒོ་སྨིན་པ་འགོ་བརྩམས་པ་ནས་བཟུང་། ངེས་གཏན་གྱི་ཤེས་རྟོགས་ནུས་པ་དང་སྒེར་ཚུགས་ཀྱིས་བྱ་བ་བསྒྲུབ་པའི་ནུས་པའི་སྣང་བ་ཞིག་ཀྱང་ཡོད། དམའ་འབྲིང་སློབ་མའི་འདི་འདྲའི་དར་མའི་སྣང་བ་ནི་ཁོ་ཚོ་རང་ཉིད་ཀྱི་འདུ་ཤེས་འཕེལ་རྒྱས་ཀྱི་ཁྱད་ཆོས་ཤིག་ཀྱང་ཡིན། གལ་ཏེ་དགེ་རྒན་དང་ཁྱིམ་བདག་གིས་དམའ་འབྲིང་སློབ་མའི་རང་ཉིད་འདུ་ཤེས་འཕེལ་རྒྱས་ཀྱི་ཁྱད་ཆོས་འདི་མ་རྟོགས་ན། ད་དུང་ཁོ་ཚོར་བྱིས་པའི་འདུ་ཤེས་འཛིན་ལ། ཁོ་ཚོའི་བསམ་ཚུལ་དང་སྤྱོད་སྟངས་ལ་བརྩི་བཀུར་མི་བྱེད་པ། ཁོ་ཚོའི་དགོས་མཁོ། དགའ་སྣང་དང་རེ་སྙེག་སོགས་སྣང་མེད་དུ་འཇོག་པ་དང་། ཡང་ན་འཚོ་བའི་སྟེང་ནས་ཁོ་ཚོར་ཚད་ལས་བརྒལ་བའི་བདག་སྐྱོང་བྱེད་པ། ཁོ་ཚོའི་དར་མའི་འདུ་ཤེས་ལ་གཏོར་བརླག་སོགས་བྱས་ཏེ་ཁོ་ཚོར་རང་གིས་རང་ལ་མཐོང་ཆུང་དང་སེམས་ཁྲལ་བྱེད་དུ་འཇུག་པ། ཐ་ན་རང་ཉིད་ཀྱི་ཕྱོགས་ལ་འགལ་རྐྱེན་སྣ་ཚོགས་བྱུང་བ་དང་ཁོ་ཚོའི་སློབ་གསོའི་བྱ་བའི་ལུགས་མཐུན་བོ་བོ་ཡང་བར་བྱེད་པ། དེ་ལས་དམའ་འབྲིང་སློབ་མའི་རང་གཤིས་ཀྱི་རྒྱུན་ལྡན་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པ་སོགས་སོ།།
      2 དམའ་འབྲིང་སློབ་མའི་རང་ཉིད་རྟོགས་པ། སློབ་ཆུང་བྱིས་པའི་རང་ཉིད་ཀྱི་ཤེས་རྟོགས་དང་རྣམ་འགྱུར་ནི་རབ་རིབ་ཤིག་ཡིན་ཏེ། རང་ཉིད་ནི་མི་ཅི་འདྲ་ཞིག་ཡིན་པའི་གནད་དོན་ཡང་རང་ཉིད་ཀྱིས་ཕྱིར་དྲན་བྱེད་པ་ཤིན་ཏུ་ཉུང་། དེ་ལས་རང་ཉིད་ཀྱི་ནང་སེམས་ཀྱི་འཇིག་རྟེན་དེ་ཤེས་རྟོགས་ཀྱི་ཁ་གཏད་ས་བྱེད་པའང་ཤིན་ཏུ་ཉུང་། དམའ་འབྲིང་སློབ་མའི་རང་ཉིད་ཀྱི་ཤེས་རྟོགས་འཕེལ་རྒྱས་ཁྲོད་རང་གི་ངོ་བོའི་འགྱུར་ལྡོག་བྱུང་ལ། ཁོ་ཚོའི་རང་ཉིད་ལ་དབྱེ་ཞིབ་དང་རང་ཉིད་ཤེས་རྟོགས། རང་ཉིད་ལ་གདེང་འཇོག་བྱེད་པ་སོགས་ལ་དགའ་སྣང་གཏིང་ཟབ་པ་སྐྱེས། ཁོ་ཚོ་མི་གཞན་དང་འབྲེལ་བའི་རང་ཉིད་ཀྱི་གདེང་འཇོག་ལ་ཡང་དེ་བས་ཡིད་འཇོག་ཅན་དུ་འགྱུར་ལ། ཁོ་ཚོའི་དེ་ནས་བཟུང་རང་ཉིད་ཀྱི་རང་གཤིས་ཁྱད་ཆོས་དང་ཕྱིའི་རྣམ་པ་ལ་ཡིད་འཇོག་བྱེད་པ་དང་རིམ་བཞིན་རང་ཉིད་ལ་རྒྱུས་ལོན་བྱེད་པའི་དགོས་མཁོ་དེ་བྱུང་བ་རེད། ཏག་ཏག་སྐབས་འདི་ནས་བཟུང་ཁོ་ཚོའི་འགོ་བརྩམས་ཏེ(རང་ཉིད་བསམ་པ)དང(མི་རང་ཉིད་མངོན་པར)བྱེད། དམའ་འབྲིང་སློབ་མའི་རང་ཉིད་ཤེས་རྟོགས་ཀྱི་བྱུང་བ་དང་རང་ཉིད་མངོན་པ་ཅི་ཡིན་ཡང་ཁོ་ཚོར་སློབ་གསོ་འཐོབ་པ་དང་རང་ཉིད་ཀྱི་སློབ་གསོ་རྒྱས་པའི་གལ་ཆེ་བའི་ཆ་རྐྱེན་ཞིག་ཡིན།
       3 དམའ་འབྲིང་སློབ་མའི་གདེང་འཇོག་གི་ནུས་པའི་འཕེལ་རྒྱས། དམའ་འབྲིང་སློབ་མའི་མི་གཞན་དང་རང་ཉིད་ལ་གདེང་འཇོག་བྱེད་པའི་ནུས་པ་དེ་སློབ་ཆུང་གི་བྱིས་པ་ལས་ཅུང་མཐོ་རུ་སོང་ཡོད་ལ། སློབ་ཆུང་གི་བྱིས་པའི་མི་གཞན་དང་རང་ཉིད་ཀྱི་གདེང་འཇོག་དེ་གཙོ་ཆེ་བ་ཁྱིམ་བདག་དང་དགེ་རྒན། དེ་ལས་ཡིད་རྟོན་རུང་བའི་མི་གཞན་པའི་གདེང་འཇོག་དེ་གཞི་འཛིན་ས་བྱེད། དམའ་འབྲིང་སློབ་མའི་བསམ་གཞིགས་ཀྱི་ཆུ་ཚད་ཇེ་མཐོར་སོང་བའམ། རང་ཉིད་ཀྱི་ཤེས་རྟོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས། ཁོ་ཚོའི་ཕ་མ་དང་དགེ་རྒན་གྱི་གདེང་འཇོག་དེ་སྟབས་བདེའི་ངང་བསྐྱར་ཟློས་མི་བྱེད། དེ་ལས་རང་རྟོགས་ཐུབ་པ་དང་། སྒེར་ཚུགས་ཀྱིས་མི་གཞན་དང་རང་ཉིད་ལ་གདེང་འཇོག་བྱེད་པ་རེད། དམའ་འབྲིང་སློབ་མའི་རང་ཉིད་གདེང་འཇོག་གི་ནུས་པ་ནི་མི་གཞན་ལ་གདེང་འཇོག་བྱེད་པའི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བ་ཞིག་ཡིན་ལ། ཐོག་མར་མི་གཞན་ལ་གདེང་འཇོག་བྱེད་ཤེས་པ་དང་། དེ་ནས་རང་ཉིད་ལ་གདེང་འཇོག་བྱེད་ཤེས་པ། ཁོ་ཚོའི་མི་གཞན་ལ་གདེང་འཇོག་བྱེད་རྒྱུ་ནི་ཅུང་སླ་བ་དང་དེ་ལས་རང་ཉིད་ལ་གདེང་འཇོག་བྱེད་པ་དེ་ཅུང་དཀའ་བ་རེད། དམའ་འབྲིང་སློབ་མར་རྒྱུན་དུ(གཞན་ཚུལ་ཤེས་ཀྱང་རང་ཚུལ་ལ་རྨོངས་པ)དང(གཞན་ལ་ནན་པོ་དང་རང་ལ་ཀུ་ཡངས)ཀྱི་ཕྱོགས་ལྷུང་ཡོད། དམའ་འབྲིང་སློབ་མའི་གདེང་འཇོག་ནུས་པ་ནི་སློབ་ཆུང་བྱིས་པའི་རྨང་གཞིའི་སྟེང་མངོན་གསལ་དུ་འཕེལ་རྒྱས་བྱུང་བ་ཡིན་ལ། འོན་ཀྱང་ནུས་པ་འདི་ནི་ད་དུང་དེ་འདྲ་ཞིག་སྨིན་མེད་དེ། སྤྱིར་བཏང་དུ་བཤད་ན་བདེ་བླག་གི་གནས་ཚུལ་འོག་ཁྱད་པར་དུ་གཅེས་ཕྲུག་ལང་ཤོར་དང་ཐད་ཆེ་བའི་བསྟོད་བསྔགས་ཁྲོད། རྒྱུན་དུ་ཚད་མཐོན་པོའི་སྒོ་ནས་རང་ཉིད་ལ་གདེང་འཇོག་བྱེད་པའི་ཞེན་ཕྱོགས་མངོན་སླ་བ་དང་། ང་རྒྱལ་དང་རང་རློམ་ཆེ་བ། མིག་མདུན་དུ་མི་མི་མངོན་པའི་ཀུན་སྤྱོད་དང་ལྡན་པ། དེ་ལས་གནས་བབ་ངན་པ་དང་དོན་རྐྱེན་ངན་པའི་གནས་ཚུལ་འོག་དང་། ད་དུང་ཚད་ལས་བརྒལ་བའི་སློབ་གྲྭའི་སྒྲིག་ལམ་དོ་དམ་འོག་རྒྱུན་དུ་རང་ཉིད་གདེང་འཇོག་གི་ཞེན་ཕྱོགས་ཀྱང་དམའ་དྲགས་པའི་གནས་ཚུལ་ཡང་འབྱུང་སླ་ལ། རང་དམན་གྱི་འདུ་ཤེས་འབྱུང་བ་དང་། སློབ་གསོ་བའི་ངེས་པར་དུ་བློ་གྲོས་ལྡན་པའི་སྒོ་ནས་དམའ་འབྲིང་སློབ་མའི་རང་ཉིད་ཤེས་རྟོགས་འཕེལ་རྒྱས་ཀྱི་ཁྱད་ཆོས་འདི་དག་ལ་ཁ་གཏད་དགོས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...