སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡུལ་ཤུལ་ཁུལ་གྱིས་དཀའ་ཁག་ཧ་ཅང་ཆེ་བའི་རྒན་པར་བོད་ལྭ་བྱིན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-8-16 9:13:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ཉེ་ལམ། ཡུལ་ཤུལ་ཁུལ་གྱི་དྭ་ཕྲུག་དབུལ་ཕོངས་སྙིང་རྗེ་རོགས་སྐྱོབ་ཚོགས་པས་སྔ་གཞུག་ཏུ་ཆུ་དམར་ལེབ་རྫོང་གཡུ་དགེ་གྲོང་རྡལ་དང་ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་གཉིས་ནས་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་དང་སྤྱི་ཚོགས་རྩ་འཛུགས་ཟབ་ཞུགས་བྱེད་པའི་སྤྱི་ཚོགས་ཞབས་ཞུ་དཔེ་སྟོན་རྣམ་གྲངས་ཏེ་ཡུལ་ཤུལ་ས་འགུལ་གྱི་གནོད་ཐེབས་ས་ཁུལ་གྱི་དཀའ་ཁག་ཧ་ཅང་ཆེ་བའི་ལྔ་སྐྱོང་རྒན་པར་དབྱར་ལྭ་སྟེར་བའི་མཛད་སྒོ་བསྡུས།
     མཛད་སྒོའི་སྟེང་། སྙིང་རྗེ་རོགས་སྐྱོབ་ཚོགས་པས་གཡུ་དགེ་གྲོང་རྡལ་གྱི་དཀའ་ཁག་ཧ་ཅང་ཆེ་བའི་ལྔ་སྐྱོང་རྒན་པ140དང་ཤར་མདའ་གྲོང་རྡལ་གྱི་དཀའ་ཁག་ཧ་ཅང་ཆེ་བའི་ལྔ་སྐྱོང་རྒན་པ34ལ་མི་རེར་དབྱར་ཁའི་བོད་ལྭ1དང་བོད་ལྭའི་སྟོད་གོས1བྱིན་ཞིང་། སྤྱིའི་རིན་ཐང་སྒོར140000རེད། དེས་དཀའ་ཁག་ཧ་ཅང་ཆེ་བའི་ལྔ་སྐྱོང་རྒན་པར་དབྱར་ཁར་ལྭ་བརྗེ་རྒྱུ་མེད་པའི་དོན་དངོས་གནས་ཚུལ་དེ་ནུས་ཡོད་སྒོས་ཐག་གཅོད་བྱས།
     སྙིང་རྗེ་རོགས་སྐྱོབ་ཚོགས་པའི་འགན་ཁུར་པས་བཤད་རྒྱུར། རྣམ་གྲངས་འདི་ནུས་ཡོད་སྒོས་ལག་བསྟར་བྱས་ཏེ་དཀའ་ཁག་ཧ་ཅང་ཆེ་བའི་རྒན་པ་རྣམས་ལ་ཏང་དང་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ལ་ཐུགས་ཁུར་དང་དྲོད་ཁོལ་སྦྱིན་པ་བརྒྱུད་སྒྲོག་བྱས་ལ། སྤྱི་ཚོགས་རྩ་འཛུགས་ཀྱིས་སྤྱི་ཚོགས་ཞབས་ཞུའི་ཁྲོད་ཟབ་ཞུགས་བྱེད་པ་དང་སྤྱི་ཚོགས་འཆམ་མཐུན་བྱ་བར་སྐུལ་འདེད་བྱེད་པའི་གལ་ཆེན་རང་བཞིན་དྲིལ་སྒྲོག་བྱས་ཟེར།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...