སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མདོ་སྨད་ཀླུ་ཚང་དུ་རྒྱ་ལོའི་སྨོན་ལམ་གྱི་གོས་སྐུ་བཤམས་པའི་མཛད་སྒོ་བསྡུས་པ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-2-10 10:32:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
མདོ་སྨད་ཀླུ་ཚང་དུ་རྒྱ་ལོའི་སྨོན་ལམ་གྱི་གོས་སྐུ་བཤམས་པའི་མཛད་སྒོ་བསྡུས་པ།
     སྤྱི་ཟླ2ཚེས9ཉིན་ཏེ་ལུགས་རྙིང་ཟླ་བ་དང་པོའི་ཚེས་བཅུ་གསུམ་ཉིན།མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་དུ་ཡོད་པའི་མདོ་སྨད་ཀླུ་ཚང་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་གིས་ལོ་རེར་ཐེངས་རེའི་གོས་སྐུ་གཤོམ་པའི་མཛད་སྒོ་སྤེལ་བ་རེད། ཞོགས་པ་སྔ་མོ་ནས་མི་རྣམས་ཀྱིས་གཟབ་འཆོར་སྤྲས་ཏེ་གོས་སྐུ་གཤོམ་ཡུལ་དུ་འགྲོ་དྲུག་སེམས་ཅན་བདེ་ཞིང་དར་རྒྱས་ཕུན་སུམ་ཚོགས་པར་ཡོང་བའི་གསོལ་བ་སྨོན་ལམ་འདེབས་པར་ཕྱིན་པ་རེད། 

ཡུལ་དངོས་ཀྱི་དད་ལྡན་མང་ཚོགས།
     ཀླུ་ཚང་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་ནི་མང་རྫོང་མང་ཆུ་གྲོང་བརྡལ་གྱི་ནུབ་བྱང་སྤྱི་ལེ2མཚམས་ཀྱི་ཐར་བ་རྩེ་རི་འདབས་སུ་ཆགས་ཤིང་། མཚོ་ངོས་ལས་རྨིད3080ཡོད། དགོན་པ་འདི་ཉིད་རྙེ་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་ཉི་མ(1850-1909)མཆོག་གིས1889ལོར་བཏབ་པ་ཡིན་ཞིང་། རྫོང་ཡོངས་སུ་ཆེས་ཆེ་བའི་རི་བོ་དགེ་ལྡན་པའི་དགོན་པ་ཡིན་པར་མ་ཟད། ཁུལ་ཡོངས་ཀྱི་གཞི་ཁྱོན་ཅུང་ཆེ་བའི་མཚན་ཉིད་གྲྭ་ཚང་ཡང་ཡིན། དགོན་པ་འདིས་ལོ་ཧྲིལ་བོར་རྒྱ་ལོའི་སྨོན་ལམ་དང་། གསུམ་པའི་སྒྲུབ་མཆོད། བཅུ་བའི་ལྔ་མཆོད་སོགས་ཆོས་ལུགས་ཀྱི་ཆོ་ག་རྒྱ་ཆེན་པོ་སྤེལ་བཞིན་ཡོད། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...