སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་མི་རིགས་མཐོ་འབྲིང་དང་པོས་རྒན་གསོ་ཁང་དུ་སྤྱི་ཚོགས་ཞབས་ཕྱིའི་བྱ་འགུལ་སྤེལ་བ།
རྩོམ་པ་པོ། ཟླ་བ་ཚེ་རིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-21 9:50:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་ལྷོ་མི་རིགས་མཐོ་འབྲིང་དང་པོས་རྒན་གསོ་ཁང་དུ་སྤྱི་ཚོགས་ཞབས་ཕྱིའི་བྱ་འགུལ་སྤེལ་བ།


མཚོ་ལྷོ་མི་རིགས་མཐོ་འབྲིང་དང་པོས་རྒན་གསོ་ཁང་དུ་སྤྱི་ཚོགས་ཞབས་ཕྱིའི་བྱ་འགུལ་སྤེལ་བ།


མཚོ་ལྷོ་མི་རིགས་མཐོ་འབྲིང་དང་པོས་རྒན་གསོ་ཁང་དུ་སྤྱི་ཚོགས་ཞབས་ཕྱིའི་བྱ་འགུལ་སྤེལ་བ།


མཚོ་ལྷོ་མི་རིགས་མཐོ་འབྲིང་དང་པོས་རྒན་གསོ་ཁང་དུ་སྤྱི་ཚོགས་ཞབས་ཕྱིའི་བྱ་འགུལ་སྤེལ་བ།


མཚོ་ལྷོ་མི་རིགས་མཐོ་འབྲིང་དང་པོས་རྒན་གསོ་ཁང་དུ་སྤྱི་ཚོགས་ཞབས་ཕྱིའི་བྱ་འགུལ་སྤེལ་བ།

     དེ་ཡང་རྗེ་ས་པཎ་གྱིས། བཟང་ལ་བཟང་ལན་ཡོད་པ་སྟེ། །དྲིན་གཟོ་མེད་པ་ངན་པ་ཡིན། །ཞེས་དང་། བྱས་པ་ཤེས་ཤིང་དྲིན་དུ་བཟོ། །ཕ་མ་ལ་གུས་རང་བཞིན་བཟང་། །ཞེས་གསུངས་པ་ལྟར། སློབ་མ་ཞིག་ཡིན་པའི་ཆ་ནས་དྲིན་ཆེན་གྱི་མིའི་དྲིན་ཤེས་ཤིང་དྲིན་བསམ་པ། དྲིན་གཟོ་བའི་འགན་འཁྲི་མི་བརྗེད་པ་དང་། ན་གཞོན་ཞིག་ཡིན་པའི་ཆ་ནས་རྒན་རབས་པར་རང་ཉིད་ཀྱི་བརྩེ་སེམས་ཕུལ་ནས་སྤྱི་ཚོགས་ལ་ཞབས་ཕྱི་བསྒྲུབ་རྒྱུ་ནི་བཟློག་ཏུ་མེད་པའི་འོས་འགན་ཞིག་ཡིན་པས། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་གུང་གཞོན་ཚོགས་པས་སློབ་མའི་བསམ་བློ་ཀུན་སྤྱོད་ཐད་ཀྱི་སློབ་གསོར་ཤུགས་སྣོན་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་སྐྱེད་སྲིང་བྱེད་པ། སྤྱི་ཚོགས་ཀྱི་ལག་ལེན་ནུས་པ་མཐོ་འདེགས་བྱ་ཆེད་སྤྱི་ཟླ12པའི་ཚེས20ཉིན་གྱི་ཕྱི་དྲོར་སློབ་མའི་དང་བླངས་པ་དྲུག་ཅུ་ལྷག་བཀོད་སྒྲིག་བྱས་ནས་གསེར་ཆེན་རྫོང་རྒན་གསོ་ཁང་དུ་རྒན་བཀུར་སྲོལ་བཟང་ལེགས་བསྐྱངས་ནས། །འཆམ་མཐུན་སྤྱི་ཚོགས་བསྐྲུན་ལ་བརྩོན། །ཞེས་པ་བརྗོད་གཞིར་བཟུང་ནས་བགྲེས་སོང་རྒན་པོ་རྣམས་ལ་ཞབས་ཕྱི་སྒྲུབ་པའི་སྤྱི་ཚོགས་ལག་ལེན་གྱི་བྱ་འགུལ་སྤེལ།
     རྒན་གསོ་ཁང་དུ་སློབ་གྲོགས་རྣམས་ཀྱིས་ལྷག་བསམ་རྣམ་དག་དང་མ་སྐུལ་དང་བླངས་སྒོས་རྒན་པོ་རྣམས་ཀྱི་མལ་ཁང་དང་ཕྱིའི་ཁོར་ཡུག་ལ་གད་བདར་གཙང་བར་བྱས་ཤིང་། ད་དུང་བགྲེས་སོང་རྒན་རྒོན་དེ་དག་རང་གི་ཕ་མ་ལྟ་བུའི་འདུ་ཤེས་བཟུང་ནས་སྐྲ་ཤད་པ་དང་རྐང་པ་བཀྲུ་བ་མ་ཟད། རྒན་པོ་རྣམས་དང་མཉམ་པོར་བསྡད་ནས་ཁོ་ཚོའི་འཚོ་བའི་གནས་ཚུལ་དང་ལུས་ཕུང་བདེ་ཐང་ཐད་ནས་གླེང་མོལ་མང་དུ་བགྱིས་པ་དང་། རང་རང་གིས་ཉོས་པའི་ཟས་རིགས་སྣ་ཚོགས་ལེགས་སྐྱེས་ཀྱི་ཚུལ་དུ་རྒན་པོ་རྣམས་ལ་ཕུལ།
     ད་དུང་སློབ་གྲོགས་རྣམས་ཀྱིས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ཚབ་བྱས་ནས་རྒན་པོ་རྣམས་ལ་དྲི་མེད་ལྷ་རྫས་ཁ་བཏགས་འཐེན་ནས་ཁོ་ཚོའི་སྐུ་ལུས་རྒྱལ་མཚན་བརྟན་པའི་སྨོན་འདུན་ཞུས་པ་མ་ཟད། སློབ་གྲོགས་གཡང་སྒྲོན་མཚོ་མོའི་སྙན་མོ་གླུ་ཡི་འགྱུར་ཁུགས་བསྡེབས་ནས་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་དམངས་གླུ་དང་དཀྲོལ་ལེན། གླུ་གཞས། ཨ་རྩེད། ཞབས་བྲོ་སོགས་གླུ་དང་གར་གྱི་མཆོད་པ་གྱ་ནོམ་པ་ཕུལ་བས་བགྲེས་སོང་རྒན་པོ་རྣམས་ཀྱི་སེམས་སུ་སྔ་ན་མེད་པའི་སྤྲོ་བས་བརྟས་ཤིང་། ཁོ་ཚོས་བསྔགས་བརྗོད་ཀྱི་མཐེ་བོང་མཁའ་རུ་བསྒྲེངས་ནས་སློབ་གྲོགས་རྣམས་ལ་ཡིད་འགུལ་ཐེབས་པའི་བསླབ་བྱ་མང་དུ་གནང་།
     རྒན་བཀུར་ཆུང་བྱམས་ནི་མི་རིགས་གང་དང་གང་ལ་མཚོན་ནའང་ཆེས་ལེགས་པའི་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་ཡིན་པས། ཐེངས་འདིའི་སྤྱི་ཚོགས་ལག་ལེན་གྱི་བྱ་འགུལ་བརྒྱུད་ནས་སློབ་གྲོགས་རྣམས་ལ་དུས་རབས་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་ཞབས་ཕྱིའི་འདུ་ཤེས། དྲིན་ཅན་གྱི་མིར་དྲིན་ལན་འཇལ་བ་སྟེ་དྲིན་གཟོའི་སློབ་གསོའི་ཐད་ནས་བློ་བསྐྱེད་མི་དམན་པ་ཐོབ་པས། སློབ་གྲོགས་ཀུན་ལ་འདི་ནི་བསླབ་དེབ་ཀྱི་ངོས་ནས་རྙེད་དཀའ་ཞིང་། ཐོབ་བྱ་ཆེས་མང་བའི་སློབ་ཐུན་གཅིག་རེད་སྙམ་པའི་སེམས་ཚོར་བྱུང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...