སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སུམ་པའམ་སམ་བྷའི་སྒྲུབ་གནས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-18 11:45:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     སྒྲུབ་གནས་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་མཁར་ནས་ཤར་ཕྱོགས་སུ་སྤྱི་ལེ33ཙམ་གྱི་མཚམས་དང་། ཀ་རིང་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ30ཡས་མས་ཀྱི་མཚམས་ན་ཡོད། གནས་འདིའི་ཐོག་མའི་མཚན་ལ་སྟོད་ཀྱི་ལྷ་རིའམ་ཐོད་ཀྱི་ལྷ་རི་ཞེས་འབོད་པར་གྲགས། ཡུལ་འདིའི་སྔགས་འཆང་རྒན་རབས་རྣམས་ཀྱི་གསུང་རྒྱུན་ལ། ཕལ་ཆེར་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་ལ་ཁམས་ཕྱོགས་ཀྱི་བླ་མ་ཞེ་ཆེན་ནམ་ཁམས་པ་ཞུ་བ་ཞིག་ཐོག་དང་པོར་གནས་འདིར་ཕེབས་པའི་དུས་ན། འདི་གའི་བྲག་རྡོའི་སྟེང་དུ་དཔལ་ཨོ་རྒྱན་ཆེན་པོའི་སྐུ་བརྙན་རང་བྱོན་དང་། ཞབས་རྗེས་རང་བྱོན། ཕྱག་རྗེས་རང་བྱོན་སོགས་བཞུགས་པའི་གྲུབ་རྟགས་མང་པོ་གཟིགས་ཏེ་གནས་འདི་ལ་ཨོ་རྒྱན་སམ་བྷ་ཝའི་སྒྲུབ་གནས་སམ་སམ་བྷའི་སྒྲུབ་གནས་ཞེས་པའི་མཚན་གསོལ་བར་གསུངས། དེ་ནས་བཟུང་སམ་བྷའི་སྒྲུབ་གནས་ཞེས་པའི་མཚན་སྙན་གྱི་རོལ་མོ་མདོ་སྨད་སོགས་སུ་ཁྱབ་པར་གྱུར་ཏོ།། གནས་མཆོག་འདི་རུ་སྔ་ཕྱིར་ཁམས་ཕྱོགས་ཀྱི་བླ་མ་ཞེ་ཆེན་ནམ་ཁམས་པ་དང་།  ཨ་ལགས་མགོན་རྒྱ་གྲགས་པ་རྒྱ་མཚོ་ཚང་། ཨ་ཆུང་གནམ་རྫོང་ཕྱོགས་ཀྱི་རྫ་ཁྲོད་བླ་མ་ཆོས་དབྱིངས་རང་གྲོལ་ཚང་། ནེའུ་ལུང་སྐུ་ཕྲེང་ལྔ་བ་བསྟན་འཛིན་མཆོག་ལྡན་ཚུལ་ཁྲིམས་རྒྱ་མཚོ་ཚང་། དཔའ་ལུང་རྫོང་བྲག་དཀར་རྒྱའི་བླ་མ་ཀ་རིང་རྟ་མགྲོན་རྡོ་རྗེ་བདུད་འདུལ་ཚང་།  སྒོ་མེ་ཏིང་ཀྱཱ་སྐུ་ཕྲེང་བདུན་པ་ཀུན་བཟུང་སྙན་གྲགས་རྒྱ་མཚོ་ཚང་སོགས་དམ་པ་དུ་མས་ཞབས་ཀྱི་རི་མོ་བཀོད་ཅིང་སྒྲུབ་པ་མཛད་དེ་བྱིན་གྱིས་བརླངས་མྱོང་བར་གྲགས་སོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...