སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བཙན་ཐང་གཡུ་ཡི་ལྷན་ཁང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-28 10:43:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     བཙན་ཐང་གཡུ་ཡི་ལྷ་ཁང་ནི་སྤྱི་ལོའི་དུས་རབས་བརྒྱད་པར་བོད་རྒྱལ་ཁྲི་རལ་པ་ཅན་གྱི་བཙུན་མོ་དཔལ་གྱི་ངང་ཚུལ་གྱིས་ཕྱག་བཏབ་པ་དང་ཕྱིས་རིམ་བཞིན་རྒྱ་བསྐྱེད་བྱུང་ཡོད། ལྷ་ཁང་འདིའི་མཚན་ལ་གཡུ་ཡི་ལྷ་ཁང་ཞེས་ཐོགས་ཤིང་། ལྷ་ཁང་ལ་གཡུ་ཡི་རྒྱ་ཕིབས་པ་དང་དེའི་མཐའ་སྐོར་དུ་གཡུ་ལྟར་བསྔོ་བའི་ནེའུ་གསིང་གི་བསྐོར་པ་དང་ཡང་ན་ཆེ་བསྟོད་ཀྱི་སྒོ་ནས་བཏགས་པ་སྟེ་རྒྱུན་མི་འདྲ་བ་ཁག་གསུམ་ཙམ་མཆིས་སོ།།
     ལྷ་ཁང་འདི་ཉིད་ཕྱག་བཏབ་ནས་ད་བར་ལོ་ངོ་ཆིག་སྟོང་ལྷག་གིས་ལོ་རྒྱུས་ལྡན་ཞིང་ནང་རྟེན་གཙོ་བོ་ཙན་དན་ལས་གྲུབ་པའི་རྣམ་པར་རྣམ་པར་སྣང་མཛད་དང་དེའི་གཡས་སུ་ཐུབ་དབང་། གཡོན་དུ་མར་མེ་མཛད། བྱང་སེམས་བརྒྱད། སྒོ་སྲུང་དང་བཅས་པ་གཞན་ཡང་ཙན་དན་དཀར་དམར་གྱི་ཀ་བ་ལ་བསམ་ཡས་འཆིམས་ཕུ་ནས་གདན་དྲངས་པའི་རྡོ་ཡི་ཀ་བཀྱག་དང་བསྐོར་ཁང་ཕྱི་ནང་བར་གསུམ་ཡོད་ཅིང་བཟོ་བཀོད་ཁྱད་དུ་འཕགས་ཤིང་ལོ་རྒྱུས་ཀྱི་རིན་ཐང་གཞལ་བར་དཀའ་བ་བརྗོད་ཀྱིས་མི་ལངས་པ་ཡོད་མོད། དམངས་གཙོའི་བཅོས་བསྒྱུར་གྱི་རྗེས་མི་བཞི་ཤོག་ཁས་རྒྱལ་ཡོངས་ཁ་ལོ་བསྒྱུར་བའི་ལོ་བཅུའི་ཟང་ཟིང་ནས་ལྷ་ཁང་འདི་ཡང་ཕྱི་ནང་གཉིས་ཀ་རྩ་མེད་དུ་སོང་ནས་དད་ལྡན་མི་མང་རྣམས་འཕངས་སེམས་དང་སྐྱོ་སྣང་གཉིས་ཅིག་ཅར་དུ་མྱོང་དགོས་བྱུང་། དེའི་རྗེས་ཏང་གི་སྐབས་བཅུ་གཅིག་པའི་སྲིད་ཇུས་ཀྱི་འོད་སྣང་རྒྱལ་ཡོངས་ཁྱོན་ལ་ཁྱབ་པ་དང་ཆབས་ཅིག་ཆོས་དད་རང་མོས་ཀྱི་སྲིད་ཇུས་བཟང་བོའི་ཁྲིད་སྟོན་འོག་གྲོང་ཚོ་འདིའི་གྲོང་མི་ཟླ་བ་ཚེ་རིང་ལགས་ཀྱི་གཙོ་བོའི་འགན་འཁུར་འོག1988ལོར་བཙན་ཐང་ལྷན་ཁང་འདི་ཉིད་སྔོན་མའི་བཟོ་དབྱིབས་དང་རྒྱ་ཁྱོན་ཇི་བཞིན་གསར་བསྐྲུན་གནང་བའི་ལྷ་ཁང་གི་རྒྱ་ཁྱོན་རྨིད་ངོས་སྙོམ་གྲུ་བཞི་མ81070.657ཡོད་པ་དང་ནང་རྟན་དུ་སྨན་འདམ་ལས་གྲུབ་པའི་རྣམ་པར་སྣང་མཛད་དེའི་གཡས་སུ་ཐུབ་དབང་ཡོན་དུ་མར་མེ་མཛད། བྱང་སེམས་བརྒྱད། སྒོ་སྲུང་གཉིས་བཅས་དང་གསེར་ཟངས་ལས་གྲུབ་པའི་སྤྱན་རས་གཟིགས་ཕྱག་བཞི་པ། ཤཱཀྱ་ཐུབ་པ་སློབ་དཔོན་རིན་པོ་ཆེ་བཅས་བཞུགས་ཤིང་ལྷ་ཁང་འདི་ནི་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏན་འཁེལ་གནང་པ་དང་དེའི་ནང་བདག་སྐྱོང་བྱེད་མི་གཏན་འབེབས་མི་སྣ་གསུམ་ལས་ཆོས་བྱེད་མི་སྣ་གཅིག་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་ནས་མི་སྣ་གཉིས་བཅས་ཐུན་མོང་དུ་བདག་གཉེར་བྱེད་བཞིན་ཡོད་པ་དང་བོད་ཚེས་བཅུ་དང་བཅོ་ལྔ་སོགས་ལ་དད་ལྡན་མང་ཚོགས་ཁྲི་ལ་ཉེ་བས་ཆོས་ལུགས་བྱེད་སྒོ་སྤེལ་གྱི་ཡོད་པ་བཅས་སོ།།
    དེབ་ཐེར་ནང་ཕན་ཚུན་ཡང་མི་མཐུན་པ་མང་དུ་མཆིས་པས་དེ་དག་གི་བཤད་རྒྱུན་ཡོང་རྫོགས་བཀོད་པ་ན་དེ་བས་རྙོག་འཛིང་ཅན་དུ་འགྱུར་ཉེན་ཆེ་ཞིང་ཞིབ་ཏུ་དཔྱད་པ་ལ་རང་ཉིད་ཡོན་ཚད་དམན་ཞིང་ཆ་རྐྱེན་ཞན་པ་དང་དུས་ཚོད་ཐུང་བ་བཅས་ཀྱིས་རྐྱེན་པས་འདི་ཙམ་ཞིག་ཕབ་པ་ལགས་སོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...