སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་གྱིས་ནང་བསྟན་བགྲོ་གླེང་སྐབས་བརྒྱད་པ་ཚོགས་པ།
རྩོམ་པ་པོ། འབྲུག་བྱམས་རྒྱལ། རྩོམ་སྒྲིག་པ། Michung དུས་ཚོད། 2017-5-8 9:04:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
         གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཟླ5བའི་ཚེས3ཉིན་ནས་ཚེས5ཉིན་བར། མཚོ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཏེ། ཁུལ་ནང་བསྟན་གྲྭ་བཙུན་གསོ་སྦྱོང་ལྟེ་གནས་སུ་མཚོ་ལྷོ་ཁུལ་ནང་བསྟན་བགྲོ་གླེང་སྐབས་བརྒྱད་པ་ཚོགས་པ་དང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཨ་རོལ་ཚང་གིས་གཏམ་བཤད་པ་དང་། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འབྲུག་བྱམས་ཀྱིས་གཏམ་བཤད་དང་ཚོགས་འདུ་ལ་མགོ་འཛིན་བྱས་ལ། ཁུལ་ཡོངས་ཀྱི་དགོན་པ30ལྷག་དང་། བླ་སྤྲུལ་དང་། དགེ་བའི་བཤེས་གཉེན་གྲྭ་བཙུན་བཅས་བསྡོམས་པའི་མི45ལྷག་ཚོགས་འདུར་ཞུགས་ཡོད།
       ཚོགས་འདུའི་སྐབས་སུ། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་འཐབ་སྒྲིལ་པུའུ་ཡིས་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལ་སྔ་ན་མེད་པའི་མཐོང་ཆེན་བྱས་ཡོད། ཚོགས་མི་ཡོངས་ཀྱིས་དགོན་པའི་ཕྱིའི་འཛུགས་སྐྲུན་གཙོའམ་ནང་གི་འཛུགས་སྐྲུན་གཙོ། གྲྭ་བའི་གྲངས་ཀ་གཙོའམ་སྤུས་ཀ་གཙོ་བོའི་ཕྱོགས་ནས་བགྲོ་གླེང་བྱས་པ་དང་། ནང་བསྟན་ཆོས་གཞུང་གིས་སྤྱི་ཚོགས་འཆམ་མཐུན་དང་དུས་རབས་འཕེལ་རྒྱས། དག་གཙང་དཔལ་ཡོན་གྱི་ནང་དོན་སྔོག་འདོན་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་ཚུལ་ཁྲོད་ཁྱད་པར་ཅན་གྱི་ནུས་བ་འདོན་སྤེལ་བྱེད་དགོས་པའི་ཐད་ནས་བགྲོ་གླེང་ནན་མོ་བྱས།
          ཐེངས་འདིའི་བགྲོ་གླེང་བརྒྱུད་དེ། བསམ་བློ་མཐུན་སྒྲིལ་དང་གོ་རྟོགས་ཇེ་མཐོ། ངེས་ཟིན་ཇེ་ཟབ་ཏུ་སོང་བ་མ་ཟད། དགོན་པའི་ཆོས་ཁྲིམས་དང་སྒྲིག་ལམ། ཆོས་སྤྱོད་དང་སྡོམ་ཁྲིམས། བསླབ་པ་སློབ་གཉེར། གྲྭ་བའི་སྤུས་ཀ་སོགས་ཕྱོགས་གང་ཐད་ནས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་རྒྱུར་ནུས་པ་ཆེན་པོ་ཐོན། མདོར་ན། ནང་བསྟན་ཆོས་གཞུང་འདི་སྤྱི་ཚོགས་རིང་ལུགས་དང་མཐུན་སྦྱོར་བྱུང་བའི་བྱ་བའི་སྟེང་ལ་མདུན་སྐྱོད་ཆེན་པོ་བྱུང་བ་དང་། ཐེངས་འདིའི་བགྲོ་གླེང་སྟེང་བསམ་བློ་གཙང་མ་དང་ཀུན་སློང་ཡང་དག་གི་བསམ་སྦྱོར་མཚོན་ཡོད་ལ་དགོན་སྡེའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བའང་མཚོན་ཡོད།
བགྲོ་གླེང་གི་པར་རིས་བདམས་བཀོད།
འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བགྲོ་གླེང་བྱེད་བཞིན་པ།
བློ་བཟང་སྙན་གྲགས་ལགས་ཀྱིས་བགྲོ་གླེང་བྱེད་བཞིན་པ།
ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་བགྲོ་གླེང་བྱེད་བཞིན་པ།
ཚུལ་ཁྲིམས་ཉི་མ་ལགས་ཀྱིས་བགྲོ་གླེང་བྱེད་བཞིན་པ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...