སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ2017ལོའི་བོད་བརྒྱུད་ནང་བསྟན་དགོན་པའི་དཔེ་ཁྲིད་དགེ་རྒན་ཟབ་སྦྱོང་འཛིན་གྲྭ་འཚོགས་པ།
རྩོམ་པ་པོ། རྡོ་རྗེ་དོན་འགྲུབ་། རྩོམ་སྒྲིག་པ། Michung དུས་ཚོད། 2017-7-11 8:33:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
     གསར་འགོད་པས་རྒྱུས་ལོན་པ་ལྟར་ན། 2017ལོའི་ཟླ7ཚེས3ནས་ཚེས6བར། མཚོ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་བྱ་བར་ཡར་སྐུལ་བྱེད་པ་དང་ལོ་རེའི་བྱ་བའི་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་བྱེད་ཆེད། ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་རྒྱབ་སྐྱོར་དང་། ཁུལ་འཐབ་སྒྲིལ་པུའུ། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཛུབ་སྟོན་དང་རོགས་རམ་འོག མཚོ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཉིན4རིང་ལ་མཚོ་ལྷོ་ཁུལ་གྲྭ་བཙུན་གསོ་སྦྱོང་ལྟེ་གནས་སུ་མཚོ་ལྷོ་ཁུལ་བོད་བརྒྱུད་ནང་བསྟན་དགོན་པའི་དཔེ་ཁྲིད་དགེ་རྒན་ཟབ་སྦྱོང་འཛིན་གྲྭ་འཚོགས། 

     ཐེངས་འདིའི་ཟབ་སྦྱོང་མཛད་སྒོའི་སྟེང་། ཁུལ་འཐབ་སྒྲིལ་པུའུ་དང་། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་མགོ་ཁྲིད་ཞུགས་པ་དང་། སློབ་སྦྱོང་ལ་ཤུགས་སྣོན་བྱེད་པར་རེ་བ་ནན་མོ་བཏོན་པ་དང་། རང་ཁུལ་གྱི་རྫོང5ནས་ཐོན་པའི་བོད་བརྒྱུད་ནང་བསྟན་དགོན་པ30ལྷག་གི་གྲྭ་བཙུན36ཐེངས་འདིའི་ཟབ་སྦྱོང་ལ་ཞུགས། ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཞིང་ཆེན་ཏང་གི་སློབ་གྲྭ་དང་མཚོ་སྔོན་དགེ་འོས་སློབ་ཆེན་སོགས་ནས་ཆེད་ལས་མཁས་པ་དང་དགེ་རྒན་ཆེན་མོ4གདན་འདྲེན་བྱས་ཏེ་སློབ་ཁྲིད་བྱས།

     ཐེངས་འདིའི་ཟབ་སྦྱོང་སྟེང་ཕྱོགས་གཅིག་ནས་ཆོས་ལུགས་དང་ལོ་རྒྱུས་ཀྱི་ཤེས་བྱ་སློབ་སྦྱོང་བྱས་བ་དང་། ཕྱོགས་གཞན་ཞིག་ནས་ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་ལ་སློབ་སྦྱོང་བྱས་བ་བརྒྱུད་ནས་ཁོ་ཚོའི་རྒྱལ་གཅེས་ཆོས་གཅེས་དང་མི་རིགས་མཐུན་སྒྲིལ། དགོན་པའི་དོ་དམ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་།
     ཟབ་སྦྱོང་མཇུག་རྫོགས་དུས་སློབ་སྦྱོང་གི་ངོས་ཟིན་བརྗོད་ནས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་སྤེལ་ཏེ་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བརྩི་ཁྲིམས་སྲུང་། མི་རིགས་མཐུན་སྒྲིལ་ཡར་སྐུལ་ལ་རང་ནུས་འདོན་རྒྱུའི་བསམ་པ་བསྟན། ཐེངས་འདིའི་ཟབ་སྦྱོང་ལ་འབྲས་བུ་ཅུང་བཟང་བོ་ཐོབ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...