སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡུལ་ཤུལ་གྱི་སྟོན་པའི་གོས་སྐུ་ཆེན་མོས་འཛམ་གླིང་ཟིན་ཐོ་སྐྲུན།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-7-24 16:11:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


སྟོན་པའི་གོས་སྐུ་ཆེན་མོ།

    སྤྱི་ཟླ7པའི་ཚེས19ཉིན། འཛམ་གླིང་ཐོག་ཆེས་ཆེ་བའི་གོས་སྐུ་ཆེན་མོ་སྟེ《སྟོན་པའི་གོས་སྐུ་ཆེན་མོ།》ཡི་འཛམ་གླིང་ཟིན་ཐོའི་བདེན་སྤྲོད་བྱེད་སྒོ་དེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དཔལ་ཐང་རྩྭ་ཐང་དུ་སྤེལ་ཞིང་། དབྱིན་ཇིའི་ལུན་ཏུང་དབང་གྲགས་བདེན་དཔང་ལས་ཁུངས་འཛམ་གླིང་ཟིན་ཐོའི་བདེན་དཔང་པ་ཕཱན་ཧྲུའུ་ནཱ་དང་ཀྲུང་གོའི་འཐུས་ཚབ་པ་ཝང་ཅིན་གཉིས་ཀྱིས་གོས་སྐུ་ཆེན་མོ་འདི་འཛམ་གླིང་ཟིན་ཐོའི་བདེན་དཔང་ཐོབ་པ་ཁྱབ་བསྒྲགས་བྱས།

སྟོན་པའི་གོས་སྐུ་ཆེན་མོ།
    མིག་སྔའི་འཛམ་གླིང་གི་ཆེས་ཆེ་བའི་གོས་སྐུ་ཆེན་མོ་འདིའི་ཇུས་འགོད་དང་སྒྲིག་སྦྱོར་ནི་སྤྱི་ལོ་2003ནས་མགོ་བརྩམས་པ་དང་། གོས་སྐུ་ཆེན་མོ་འདིའི་འགན་འཛིན་པ་ནི་ཡུལ་ཤུལ་ཁུལ་གྱི་བོད་ལྭ་ཇུས་འགོད་པ་ཕུར་བུ་སྒྲོལ་མ་ཡིན། འཚེམ་དྲུབ་ཀྱི་མགོ་མ་བརྩམས་པའི་སྔོན་དུ་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་སྤུས་དག་རས་རྒྱུ་བསྡུ་ཉོ་དང་གྲ་སྒྲིག་ཚགས་དམ་བྱས་ཤིང་སྤྱི་ལོ2015ལོར་ལེགས་པོར་གྲུབ་པ་ལགས།

སྟོན་པའི་གོས་སྐུ་ཆེན་མོ།
    རྒྱུས་ལོན་པ་ལྟར་ན། གོས་སྐུ་ཆེན་མོ་འདི་དུས་ཡུན་ལོ་ངོ་དགུའི་རིང་གི་དཀའ་ཚེགས་བརྒྱུད་ལེགས་འགྲུབ་བྱུང་བ་ཞིག་ཡིན་ལ། འཛམ་གླིང་ཟིན་ཐོའི་བདེན་སྤྲོད་མི་སྣས་ཡུལ་དངོས་སུ་ཚད་འཇལ་བྱས་པ་བརྒྱུད་འདིའི་སྤྱིའི་རིང་ཚད་ལ་སྨི123དང་ཞེང་ཚད་ལ་སྨི87། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ10701ཡོད་ལ། གོས་སྐུ་ཆེན་མོ་འདི་འཛམ་གླིང་གི་ཆེས་ཆེ་བའི་གོས་སྐུར་བདེན་སྤྲོད་བྱས།

བདེན་སྤྲོད་དཔང་ཡིག་གནང་བ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...