སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མང་རྫོང་མདོ་རྩེ་ཁིས་སྔོན་གྱི་དར་ལྕོག་བསྐྱར་བཅོས་བྱས་པ།
རྩོམ་པ་པོ། འབུམ་བྱམས་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-10-10 10:13:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


བསྐྱར་བཅོས་མ་བྱས་གོང་གི་རྣམ་པ།


བསྐྱར་བཅོས་མ་བྱས་གོང་གི་རྣམ་པ།

   མང་རྫོང་མགོ་མང་གྲོང་རྡལ་ནས་ལྷོ་ཕྱོགས་སུ་སྤྱི་ལེ30ཙམ་གྱི་ས་ན་མདོ་རྩེ་ཁིས་སྔོན་ཞེས་པའི་ཉག་ཁ་དེ་ཡོད། གནས་དེ་ན་ལམ་འགྲོ་བ་དང་ས་ཕྱོགས་དེ་དག་དང་ཐག་ཉེ་བའི་རུ་སྡེ་མང་པོ་ནས་འོང་བའི་དད་ལྡན་མང་ཚོགས་རྣམས་ཀྱིས་ཉག་ཁིས་འདིར་དར་ལྕོག་རིགས་འདྲ་མིན་སྣ་ཚོགས་ཤིག་འཐེན་ནས་བགྲང་བྱ་མང་པོ་ཞིག་འགོར། དེར་དར་ལྕོག་འདོགས་སྟངས་ལ་ཁ་ཕྱོགས་དང་དུས་ཚོད། བཀོད་སྒྲིག་སོགས་ཅི་ཡང་མེད་པར་རང་སྣང་གང་འདོད་དུ་བཏགས་པའི་རྐྱེན་གྱིས་ས་དེ་གའི་ཁོར་ཡུག་བཙོག་སྐྱོན་དང་འགྲུལ་བཞུད་བདེ་འཇགས་ལ་གནོད་པ་ཅུང་ཐེབས་པས། མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱིས་མང་རྫོང་མི་དམངས་སྲིད་གཞུང་དང་རྫོང་ཆོས་ལུགས་ཅུའུ། མགོ་མང་སྲིད་གཞུང་སོགས་ལ་ཡར་ཞུ་ཞུས་རྗེས། སྤྱི་ལོ2017ལོའི་ཟླ8པའི་ཚེས18ཉིན་མཐུན་ཚོགས་འདིའི་ཚོགས་མི410ལྷག་གིས་མདོ་རྩེ་ཉག་ཁིས་ཧྲིལ་བོར་ཁྱབ་ཡོད་པའི་རྙིང་ཧྲུལ་ཅན་གྱི་དར་ལྕོག་དང་ས་འོག་ན་གདན་ལྟར་ཆགས་པའི་དར་ལྕོག་རུལ་བ་དེ་དག་གཙང་མར་བླངས་ནས་ཁོར་ཡུག་དེ་སྔར་ལས་མཛེས་ཤིང་གྲ་དག་པར་བྱས། འདི་ནི་གཅིག་ནས་ང་ཚོས་ཡང་དག་པའི་ཏང་གི་བྱེད་ཕྱོགས་ལག་བསྟར་དུ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་ལ་བརྩི་འཇོག་བྱས་པ་དང་། གཉིས་ནས་ང་ཚོ་དད་ལྡན་པ་མང་ཚོགས་ལ་རྗེས་མར་དར་ལྕོག་འདོགས་སླ་བའི་དུས་ཚོད་ཅིག་བསྐྲུན་པ་ཡིན།


བསྐྱར་བཅོས་བྱས་རྗེས་ཀྱི་རྣམ་པ།


བསྐྱར་བཅོས་བྱས་རྗེས་ཀྱི་རྣམ་པ།

     སྤྱི་ལོ2017ལོའི་ཟླ9བའི་ཚེས10ཉིན་ནས་སྤྱི་ཟླ10བའི་ཚེས6བར་དུ། མཐུན་ཚོགས་འདིའི་ཚོགས་མི400ལྷག་གིས་དཀའ་བ་དང་དུ་བླངས་ནས་བྲག་དང་རྡོ་ཅན་གྱི་ས་དོང46ཡོད་པ་དེ་ཚད་གཞི་ལྟར་བརྐོས་ཤིང་། སྤྱི་ཟླ10བའི་ཚེས6ཉིན་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱི་སྤྱིའི་ཚོགས་གཙོ་རུ་སྔུན་སྤྲུལ་སྐུ་དང་ཚོགས་གཙོ་དོན་གྲུབ་རྒྱལ་སོགས་དང་སྨད་གཞི་ས་ཆའི་རྒན་རབས་ཚན་ཆུང་སོགས་མི800ལྷག་འཛོམས་ཏེ། དར་ལྕོག་ནི་ཆེས་མཐོ་ས་ནས་དར་གདང་ཆེན་པོ7འཕྲེད་དུ་འཐེན་ཡོད་ལ་རིང་ཚད་ཕོ་འདོམ80དང་། འགབ་ཀྱི་གཞུང་ལམ་ཕན་ཚུན་དུ་དར་སྡོང་རིང་བོ་རེ་དང་འཁོར་ལོའི་དབྱིབས་ཀྱི་དར་གདང་བཅས་ཡོད་ལ། འདི་ནི་གྱེན་རྩེང་ཡིན་ལ་རིང་ཚད་ཕོ་འདོམ8ཅན་དང་ཕོ་འདོམ1ཅན་ཡིན་པ་རེད། དེ་མིན་གཞུང་ལམ་གཡས་གཡོན་གཉིས་ན་བསང་ཁྲི་རེ་ཡོད་པས། ས་ཕྱོགས་སོ་སོའི་སྐུ་མགྲོན་དད་ལྡན་རྣམས་དང་ས་འདི་གའི་དད་ལྡན་མང་ཚོགས་སོགས་ལ་དར་ལྕོག་འདོགས་པ་དང་བསང་གཏོང་བ་བཅས་ལ་སྟབས་བདེ་ཆེན་པོ་བཟོས་ཡོད། ཉིན་དེར་ཁ་དོག་སྣ་ཚོགས་ཀྱི་དར་ལྕོག་མང་པོ་ཞིག་འཐེན་རྗེས་དར་ལྕོག་འཐེན་པའི་རབ་གནས་མཛད་སྒོ་སྤེལ་བ་དང་། མཐུན་ཚོགས་ཀྱི་ཚོགས་གཙོ་རྣམས་ཀྱིས་ཞལ་བརྡ་གལ་ཆེན་མང་པོ་གནང་།

མཉམ་པར།
ཆེད་ཞུ།
     སླད་མར་ཕྱོགས་སོ་སོའི་སྐུ་མགྲོན་རྣམས་དང་ས་འདི་གའི་དད་ལྡན་མང་ཚོགས་རྣམས་ཀྱིས་ཆེས་མཐོ་སའི་དར་ལྕོག་འཕྲེད་འདོགས་དེ་ལ་ཕོ་འདོམ80དང་། གཞུང་ལམ་གཡས་གཡོན་དུ་ཡོད་པའི་དར་ལྕོག་གྱེན་རྩེང་རིང་བོར་ཕོ་འདོམ8དང་གྱེན་རྩེང་ཐུང་ངུར་ཕོ་འདོམ1བཅས་ཡོད་ལ། ད་དུང་བསང་ཁྲིའང་གཞུང་ལམ་གཡས་གཡོན་གཉིས་སུ་ཡོད་ལ་བསང་ཕུད་སྐབས་འགྱིག་ཁུག་དང་མཆོད་ཆང་ཤུན་པ་སོགས་གད་སྙིགས་ཅི་ཡོད་གནས་འདི་ནས་མི་འཕེན་པར་མི་རང་ཉིད་ཀྱིས་རང་གི་གད་སྙིགས་ལ་བདག་བྱས་ཏེ་ཁྱེར་རྒྱུ་དང་། གཞན་ཡང་དར་ལྕོག་གང་འདོད་དུ་མི་འདོགས་པ་དང་རླུང་རྟ་སོགས་མི་སྤུར་བར་གལ་ཆེ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...