སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་གྱིས་ནང་བསྟན་དགོན་སྡེའི་དོ་དམ་པའི་ཁོངས་མི་ཡུལ་ཕྱི་རུ་ལྟ་སྐོར་སློབ་སྦྱོང་བྱ་འགུལ་སྤེལ་བ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2016-11-22 9:12:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

མཚོ་ལྷོ་ཁུལ་གྱིས་ནང་བསྟན་དགོན་སྡེའི་དོ་དམ་པའི་ཁོངས་མི་ཡུལ་ཕྱི་རུ་ལྟ་སྐོར་སློབ་སྦྱོང་བྱ་འགུལ་སྤེལ་བ།
     གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་གྱིས་རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་པའི་ཁོངས་མི་ནང་ལོག་ལ་སོང་ནས་མིག་རྒྱ་སྐྱེད་པ་དང་། སྔོན་ཐོན་གྱི་དོ་དམ་འདུ་ཤེས་ལ་སློབ་སྦྱོང་བྱས་ཏེ་དགོན་སྡེའི་དོ་དམ་ཆུ་ཚད་དང་ཕྱོགས་བསྡུས་སྤུས་ཚད་སྔར་ལས་ཇེ་མཐོར་གཏོང་ཆེད། 2016ལོའི་ཟླ11པའི་ཟླ་སྟོད་ལ། མཚོ་ལྷོ་ཁུལ་ཨུའི་འཐབ་སྒྲིལ་པུའུ་དང་ཁུལ་བོད་བརྒྱུད་ནང་བསྟན་གྲྭ་བཙུན་གསོ་སྦྱོང་ལྟེ་གནས་གཉིས་ཀྱིས་མཉམ་དུ2016ལོའི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་པའི་ཁོངས་མི109ཅང་སུའུ་དང་། ཀྲེ་ཅང་། ཧྲང་ཧེ་སོགས་སུ་ཉིན10རིང་ལ་ཡུལ་སྐོར་ལྟ་སྦྱོང་བྱེད་དུ་མངགས།

ནང་ལོགས་ཀྱི་དགོན་སྡེའི་དོ་དམ་པ་དང་བསམ་བློ་བརྗེ་རེས་བྱེད་བཞིན་པ།
     ལྟ་སྐོར་ཚོགས་པ་སྔ་རྗེས་སུ་རི་བོ་རྩེ་དགུ་དང་རི་བོ་གྲུ་འཛིན་སོགས་གདན་ས་གཙོ་བོ་དག་ལ་སོང་ནས་ས་གནས་ཀྱི་དགོན་སྡེའི་ནང་ཁུལ་དོ་དམ་སྐོར་ནས་ཕན་ཚུན་ལ་བསམ་བློ་བརྗེ་རེས་བྱས་ཤིང་། ཉམས་མྱོང་དང་བྱེད་ཐབས་བཟང་བོར་སློབ་སྦྱོང་བྱས་ནས་རང་ཁུལ་གྱི་དགོན་སྡེའི་དོ་དམ་བྱ་བའི་ཁྲོད་སྤྱོད་པར་གོ་སྐབས་ཡག་པོ་བསྐྲུན། དེ་མིན། ཧང་ཀྲོའུ་ཞི་ཧུའུ་མཚེའུ་དང་། ཧྲང་ཧེ་དུས་རབས་དངུལ་རྩའི་ལྟེ་གནས། བོའུ་ཀྲིན་ཏོང་ཧྲན་མཛེས་ལྗོངས་ཁུལ། ཀྲོང་ཧྲན་ལིན་སོགས་ཀྱི་རྔམ་བརྗིད་འཛུགས་སྐྲུན་དང་འབྲུ་ཆུའི་ལྷོ་རྒྱུད་ཀྱི་མཛེས་ལྗོངས་ལ་བལྟས་ནས་མེས་རྒྱལ་གྱི་དར་འབྱོར་རྒྱས་གསུམ་ལ་རོལ་མྱོང་བྱས།

ཐེངས་འདིའི་དགོན་སྡེའི་དོ་དམ་པའི་ཁོངས་མིའི་མཉམ་པར།
     ལྟ་སྐོར་སློབ་སྦྱོང་མཇུག་རྫོགས་རྗེས། ཡུལ་སྐོར་ལྟ་སྦྱོང་ཚོགས་པའི་ཁོངས་མི་རྣམས་ལ་དགོན་སྡེའི་དོ་དམ་འདུ་ཤེས་དང་དོ་དམ་བྱེད་ཐབས། དོ་དམ་གོ་རིམ་ཁྲོད་འབྲས་བུ་མི་དམན་པ་ཐོབ་པ་དང་། ཚང་མས་ཐེངས་འདིའི་སློབ་སྦྱོང་གི་འབྲས་བུ་དང་སྔོན་ཐོན་ཉམས་མྱོང་སོགས་མ་འོངས་བའི་བྱ་བའི་དངོས་ཀྱི་ཁྲོད་བཏོན་ནས་དགོན་སྡེའི་དོ་དམ་བྱ་བ་སྔར་ལས་བཟང་བོ་བསྒྲུབ་པའི་བསམ་ཚུལ་བསྟན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...