སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་གྱིས་སྒོར་ཁྲི90བཏོན་ནས་ནང་བསྟན་གྲྭ་བཙུན་གསོ་སྦྱོང་འཛིན་གྲྭ15བསྒྲུབ་རྩིས་ཡོད་པ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-2-16 9:03:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

མཚོ་ལྷོ་ཁུལ་གྱིས་རོགས་དངུལ་སྒོར་ཁྲི90བཏོན་ནས་བོད་བརྒྱུད་ནང་བསྟན་གྲྭ་བཙུན་གསོ་སྦྱོང་འཛིན་གྲྭ15བསྒྲུབ་རྩིས་ཡོད་པ།
     གསར་འགོད་པས་རྒྱུས་ལོན་པ་ལྟར་ན། 2017ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་གལ་ཆེའི་ལོ་ཞིག་ཡིན། རང་ཁུལ་གྱིས《  ཞིང་ཆེན་ཏང་ཨུའི་འཐབ་སྒྲིལ་པུའི་ཆོས་ལུགས་ལས་རིགས་མི་སྣའི་གསོ་སྦྱོང་འཆར་འགོད》  དང《  མཚོ་ལྷོ་ཁུལ་གྱི་2016—2020ལོའི་ཆོས་ལུགས་ལས་རིགས་མི་སྣའི་གསོ་སྦྱོང་འཆར་གཞི》  ཡི་བླང་བྱ་ལྟར། མུ་མཐུད་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་མི་སྣའི་བསམ་པའི་གོ་རྟོགས་དང་ཆབ་སྲིད་བྱང་ཚད། བྱ་བའི་ཆུ་ཚད་སོགས་ཇེ་མཐོར་བཏང་སྟེ། ལྔ་བཟང་འཆམ་མཐུན་དགོན་སྡེ་དང་གསུམ་བཟང་གྲྭ་བཙུན་སློབ་གསོའི་དཔྱད་འདེམས་བྱ་འགུལ་ལ་གཅིིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་བྱ་ཆེད། ཁུལ་བོད་བརྒྱུད་ནང་བསྟན་ག་ྲ྄བཙུན་གསོ་སྦྱོང་ལྟེ་གནས་ཀྱིས་གསོ་སྦྱོང་བྱ་བའི་ཕྱོགས་ཡོངས་ལ་དམིགས་ཏེ་དགོན་སྡེ་དོ་དམ་ཞབས་ཞུ་བཟང་བོ་བསྒྲུབ་པར་གྲ་སྒྲིག་བཟང་བོ་བྱེད་བཞིན་འདུག

འབྲེལ་ཡོད་འགོ་ཁྲིད་དང་གསོ་སྦྱོང་འཛིན་གྲྭའི་གྲྭ་བཙུན།
     2017ལོར།མཚོ་ལྷོ་ཁུལ་བོད་བརྒྱུད་ནང་བསྟན་གྲྭ་བཙུན་གསོ་སྦྱོང་ལྟེ་གནས་ཀྱིས་གསོ་སྦྱོང་གི་ཁ་གཏད་ཡུལ་མི་འདྲ་བར་དམིགས་ནས་བསྡོམས་པའི་མ་དངུལ་སྒོར་ཁྲི90བཏང་སྟེ། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པའི་བླུ་སྤྲུལ་འཛིན་གྲྭ་ཐེངས2དང་།  དཔེ་ཁྲིད་དགེ་རྒན་གསོ་སྦྱོང་འཛིན་གྲྭ་ཐེངས་གཅིག  གྲྭ་བཙུན་གསོ་སྦྱོང་འཛིན་གྲྭ་ཐེངས5  དགོན་སྡེའི་དོ་དམ་པའི་ཁོངས་མིའི་གསོ་སྦྱོང་འཛིན་གྲྭ་ཐེངས2    དགོན་སྡེའི་རྩིས་གཉེར་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་གཅིག   དགོན་སྡེའི་དོ་དམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས2   ཆོས་ལུགས་ལས་རིགས་མི་སྣའི་ཡུལ་ཕྱིའི་ལྟ་སྦྱོང་འཛིན་གྲྭ་ཐེངས2བཅས་བསྡོམས་པའི་གསོ་སྦྱོང་འཛིན་གྲྭ15སྟེ། ཆ་སྙོམས་ཟླ་རེར་གསོ་སྦྱོང་འཛིན་གྲྭ2རེ་དང་འཛིན་གྲྭ་རེར་སློབ་མ80ཡས་མས་གསོ་སྦྱོང་བྱ་རྩིས་ཡོད།

ནང་ལོག་ཏུ་རྟོག་ཞིབ་གསོ་སྦྱོང་དུ་སོང་བའི་མཉམ་པར།
     གསོ་སྦྱོང་སློབ་ཁྲིད་སྐོར་ནས་གཙོ་བོ་རྩ་ཁྲིམས་དང་སྲིད་ཇུས་སྒྲོག་སྤེལ།  དགོན་སྡེའི་ནང་ཁུལ་གྱི་དོ་དམ་དང་སློབ་གསོ་སོགས་བརྗོད་བྱར་བཟུང་ནས་མཚོ་ལྷོ་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་པའི་རྩ་ཁྲིམས་སློབ་སྦྱོང་དང་།  རྩ་ཁྲིམས་བརྩི་སྲུང་བྱེད་པའི་རང་རྟོགས་རང་བཞིན་ཇེ་མཐོར་གཏོང་བ།  ཆོས་ལུགས་ལས་རིགས་མི་སྣའི་རྩ་ཁྲིམས་འདུ་ཤེས་དང་།  སྤྱི་དམངས་འདུ་ཤེས།ཁྲིམས་ལུགས་འདུ་ཤེས་ཇེ་བརྟན་དུ་གཏོང་བ།  རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་བརྩི་སྡོམ་སྲུང་སྒོས་བརྟན་རླིང་འགན་སྲུང་དང་དགོན་སྡེ་འཆམ་མཐུན་སྲ་བརྟན་ཡོང་བར་ནུས་པ་གལ་ཆེན་འདོན་ངེས་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...