སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་གྱིས་ཕུལ་བྱུང་གྲྭ་བཙུན་གཟེངས་བསྟོད་ཚོགས་འདུ་བསྡུས་པ།།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Michung དུས་ཚོད། 2017-3-1 8:34:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།

གཟེངས་བསྟོད་ཚོགས་འདུའི་ཡུལ་དངོས།
     སྤྱི་ཟླ2པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་དགོན་སྡེ་དང་ཕུལ་བྱུང་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་བསྡུས།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད་པ་དང་།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རིན་ཆེན་རྣམ་རྒྱལ་ཚོགས་འདུ་ལ་ཞུགས།
     གཟེངས་བསྟོད་ཚོགས་འདུ་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་གདངས་དབྱངས་ཁྲོད་འགོ་བརྩམས་པ་དང་།  ཚོགས་འདུས2016ལོའི་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་དགོན་སྡེ་གསར་འཛུགས་བྱ་བའི་ཁྲོད་འབུར་ཏུ་ཐོན་པའི་དགོན་པ10དང་གྲྭ་བཙུན20ལ་གཟེངས་བསྟོད་ཆེན་པོ་གནང་།  དུས་མཚུངས་སུ་ཞིང་ཆེན་ཡོངས་ཀྱི་དགོན་སྡེའི་སྤྱི་ཚོགས་དོ་དམ་དཔྱད་ཞིབ་ལེགས་གྲས་ས་ཁུལ་དང་ལས་ཁུངས་ལ་གཟེངས་བསྟོད་གནང་།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་གཟེངས་རྟགས་གནང་བཞིན་པ།
     མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན།  མཚོ་སྔོན་གྱིས2013ལོར་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཁྲོད་འཆམ་མཐུན་དགོན་སྡེ་གསར་འཛུགས་བྱེད་པའི་བྱ་འགུལ་སྤེལ་བའི་ཚུན་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་རྒྱབ་སྐྱོར་ཐོབ་ནས་རྒྱལ་གཅེས་ཁྲིམས་སྐྱོང་གི་འདུ་ཤེས་མངོན་གསལ་གྱིས་ཇེ་མཐོར་སོང་ལ།  རྒྱལ་གཅེས་མདུན་སྐྱོད་ཀྱི་ནུས་པ་སྔར་བས་ཇེ་ཆེར་སོང་ལ།  དགོན་སྡེ་དོ་དམ་གྱི་ཆུ་ཚད་དང་རྨང་གཞི་སྒྲིག་ཆས།  སྤྱི་བའི་ཞབས་ཞུ་བཅས་མཐོར་འདེགས་བྱུང་ནས་འཆམ་མཐུན་དགོན་སྡེའི་དཔེ་སྟོན་བྱེད་ནུས་ཉིན་རེ་བཞིན་མངོན་གསལ་དུ་སོང་བས།  ཕན་ནུས་ལྡན་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྐུལ་འདེད་ཐོབ་ཡོད།

ཕུལ་བྱུང་དགོན་སྡེ་དང་གྲྭ་བཙུན་ལ་གཟེངས་རྟགས་གནང་བ།
     མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན།  རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཐབས་དངོས་འབེབས་བྱས་ཏེ།  ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་དང་ཤུགས་ཆེན་པོས་དགོན་སྡེ་དོ་དམ་ཁྲོད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱས་ནས།  སྔར་ལས་ལྷག་པའི་སྒོ་ནས་འཆམ་མཐུན་དགོན་སྡེ་འཛུགས་སྐྲུན་བྱ་འགུལ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་དགོས།  རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་མི་སྣས་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས།  ཀྲུང་གོའི་རང་བཞིན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་རྒྱལ་གཅེས་ཆོས་གཅེས་དང་སྡོམ་སྲུང་ཁྲིམས་སྲུང་།  འབད་བརྩོན་སྒོམ་རྒྱག  མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞབས་ཞུ་བཅས་ཐད་ཀྱི་དཔེ་སྟོན་བྱས་ཏེ།  ཧུར་བརྩོན་གྱིས་ཞིང་ཆེན་ཡོངས་སུ་འཆམ་མཐུན་དགོན་སྡེ་གསར་འཛུགས་དང་ཕུལ་བྱུང་གྲྭ་བཙུན་བརྩོན་ལེན་བྱེད་པའི་ཁ་དབུགས་བསྐྲུན་ནས།  མཚོ་སྔོན་གྱིས་མི་གྲངས་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་ཀྱི་ཞིང་ཆེན་དུ་བསྒྱུར་བར་བྱས་རྗེས་འཇོག་དགོས།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...