སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་སྒྲིལ་དང་མི་རིགས་ཆོས་ལུགས་བྱ་བའི་གྲོས་ཚོགས་བསྡུས་པ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-3-20 11:55:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


འཐབ་ཕྱོགས་གཅིག་སྒྲིལ་དང་མི་རིགས་ཆོས་ལུགས་བྱ་བའི་གྲོས་ཚོགས་བསྡུས་པ།

       གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ3པའི་ཚེས3ཉིན། མཚོ་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་སྒྲིལ་དང་མི་རིགས་ཆོས་ལུགས་བྱ་བའི་གྲོས་ཚོགས་བསྡུས་པ་རེད།  གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་འཐབ་སྒྲིལ་པུའུ་ཀྲང་དང་མི་རིགས་ཆོས་ལུགས་བྱ་བའི་ཨུ་ལྷན་གྱི་འགོ་གཙོའི་གྲོས་ཚོགས། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བཅས་ལ་སློབ་སྦྱོང་ལེགས་པོ་བྱས་ཤིང་། 2016ལོའི་འཐབ་ཕྱོགས་གཅིག་སྒྲིལ་དང་མི་རིགས་ཆོས་ལུགས་བྱ་བར་སྤྱི་སྡོམ་བྱས་པ་མ་ཟད། 2017ལོའི་བྱ་བ་གཙོ་བོ་དག་ལ་བཀོད་སྒྲིག་ཞིབ་མོ་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་འཐབ་སྒྲིལ་པུའུ་ཀྲང་ཀུན་བཟང་གིས་གཏམ་བཤད་པ་དང་།  ཁུལ་དཔོན་གཞོན་པའམ་སྤྱི་བདེ་ཅུའུ་ཀྲང་བང་ཡོང་བུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། བསྡོམས་པས་མི140ལྷག་ཚོགས་འདུ་ལ་ཞུགས།


ཚོགས་འདུའི་ཡུལ་དངོས།   

     ཚོགས་འདུའི་སྟེང2016ལོའི་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་དགོན་སྡེ་གསར་འཛུགས་བྱ་བའི་ཁྲོད་འབུར་ཏུ་ཐོན་པའི་དགོན་པདང་གྲྭ་བཙུན་ལ་གཟེངས་བསྟོད་ཆེན་པོ་གནང་།  དུས་མཚུངས་སུ་ཁུལ་ཡོངས་ཀྱི་དགོན་སྡེའི་སྤྱི་ཚོགས་དོ་དམ་དཔྱད་ཞིབ་ལེགས་གྲས་ས་ཁུལ་དང་ལས་ཁུངས་ལ་གཟེངས་བསྟོད་གནང་།


འཐབ་སྒྲིལ་པུའུ་ཀྲང་ཀུན་བཟང་གིས་གཏམ་བཤད་བཞིན་པ།

       ཀུན་བཟང་གིས་བསྟན་དོན།  ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཁྲོད་འཆམ་མཐུན་དགོན་སྡེ་གསར་འཛུགས་བྱེད་པར་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་རྒྱབ་སྐྱོར་ཐོབ་ནས་རྒྱལ་གཅེས་ཁྲིམས་སྐྱོང་གི་འདུ་ཤེས་མངོན་གསལ་གྱིས་ཇེ་མཐོར་སོང་ལ།  རྒྱལ་གཅེས་མདུན་སྐྱོད་ཀྱི་ནུས་པ་སྔར་བས་ཇེ་ཆེར་སོང་བ།  དགོན་སྡེ་དོ་དམ་གྱི་ཆུ་ཚད་དང་རྨང་གཞི་སྒྲིག་ཆས།  སྤྱི་བའི་ཞབས་ཞུ་བཅས་མཐོར་འདེགས་བྱུང་ནས་འཆམ་མཐུན་དགོན་སྡེའི་དཔེ་སྟོན་བྱེད་ནུས་ཉིན་རེ་བཞིན་མངོན་གསལ་དུ་སོང་བས། ཁུལ་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྐུལ་འདེད་ཐོབ་ཡོད།


ཁུལ་ཡོངས་ཀྱི་དགོན་སྡེའི་སྤྱི་ཚོགས་དོ་དམ་དཔྱད་ཞིབ་ལེགས་གྲས་ས་ཁུལ་དང་ལས་ཁུངས་ལ་གཟེངས་རྟགས་གནང་བ།

         ཀུན་བཟང་གིས་ནན་གྱིས་བསྟན་དོན།  རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཐབས་དངོས་འབེབས་བྱས་ཏེ།  ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་དང་ཤུགས་ཆེན་པོས་དགོན་སྡེ་དོ་དམ་ཁྲོད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པ། འཆམ་མཐུན་དགོན་སྡེ་འཛུགས་སྐྲུན་བྱ་འགུལ་འཕེལ་རྒྱས་སུ་གཏོང་བར་སྔར་ལས་སྐུལ་འདེད་བྱེད་དགོས།  རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་མི་སྣས་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས།  ཀྲུང་གོའི་རང་བཞིན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་རྒྱལ་གཅེས་ཆོས་གཅེས་དང་སྡོམ་སྲུང་ཁྲིམས་སྲུང་།  འབད་བརྩོན་སྒོམ་རྒྱག  མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞབས་ཞུ་བཅས་ཐད་ཀྱི་དཔེ་སྟོན་བྱས་ཏེ།  ཧུར་བརྩོན་གྱིས་ཁུལ་ཡོངས་སུ་འཆམ་མཐུན་དགོན་སྡེ་གསར་འཛུགས་དང་ཕུལ་བྱུང་གྲྭ་བཙུན་བརྩོན་ལེན་བྱེད་པར་དོན་སྙིང་གལ་ཆེན་ལྡན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...