སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅། །ལེའུ་བཞི་པ། ཆོས་ལུགས་ལས་རིགས་མི་སྣ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། admin དུས་ཚོད། 2009-9-17 9:31:10 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
དོན་ཚན་ཉེར་བདུན་པ། ཆོས་ལུགས་ཚོགས་པས་ངོས་འཛིན་བྱས་པ་དང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་ཐོ་འགོད་སྙན་སེང་ཞུས་པ་བརྒྱུད་ཆོས་ལུགས་ལས་རིགས་མི་སྣས་ཆོས་ལུགས་ཆོས་དོན་གྱི་བྱེད་སྒོ་སྤེལ་ཆོག
 བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཐད་ནང་བསྟན་ཆོས་ལུགས་ཚོགས་པའི་མཛུབ་ཁྲིད་འོག་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལྟར་སྒྲུབ་པ་དང་ཆོས་ལུགས་སྤེལ་ཡུལ་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ནམ་ཡང་ན་ཆོས་ལུགས་སྤེལ་ཡུལ་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྒྱུའི་སྙན་སེང་ཞུ་དགོས། གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་དེ་གནམ་བདག་ཆོས་ལུགས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་ཐོ་འགོད་སྙན་སེང་ཞུ་དགོས།
 དོན་ཚན་ཉེར་བརྒྱད་པ། ཆོས་ལུགས་ལས་རིགས་མི་སྣས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཆོས་ལུགས་ཀྱི་འགན་གཙོ་བོ་ཁུར་བའམ་ཡང་ན་དེ་ནས་བྲལ་སྐབས་ཆོས་ལུགས་འདིའི་ཆོས་ལུགས་ཚོགས་པའི་མོས་མཐུན་ཐོབ་རྗེས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་ཐོ་འགོད་སྙན་སེང་ཞུ་དགོས།
 དོན་ཚན་ཉེར་དགུ་པ། ཆོས་ལུགས་ལས་རིགས་མི་སྣས་ཆོས་ལུགས་བྱེད་སྒོ་གཙོ་སྐྱོང་བྱེད་པ་དང༌། ཆོས་ལུགས་ཆོ་ཁ་སྒྲུབ་པ། ཆོས་ལུགས་ཀྱི་དཔེ་གཞུང་ལེགས་སྒྲིག་བྱེད་པ། ཆོས་ལུགས་རིག་གནས་ཞིབ་འཇུག་བྱེད་པ་སོགས་ཀྱི་བྱེད་སྒོར་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་རྒྱུ་ཡིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...