སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅། ། ལེའུ་གསུམ་པ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། admin དུས་ཚོད། 2009-9-17 11:46:38 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 དོན་ཚན་བཅུ་གཉིས་པ། དད་ལྡན་སྤྱི་དམངས་ཀྱི་མཉམ་སྡེབ་ཀྱི་ཆོས་ལུགས་བྱེད་སྒོ་དེ་སྤྱིར་བཏང་བྱས་ན་ཐོ་འགོད་བྱས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ(དགོན་སྡེ་དང ཏའོ་ཅའོ་དགོན་པ དབྱི་སི་ལན་ཕྱག་ཁང གནམ་བདག་ཆོས་ལུགས་སོགས་ཀྱི་ཆོས་ཁང་བཅས་དང་དེ་བཞིན་གཏན་འཇགས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གཞན་དག)དུ་སྤེལ་དགོས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལམ་ཡང་ན་ཆོས་ལུགས་ཀྱི་ཚོགས་པས་སྒྲིག་འཛུགས་བྱས་ནས་ཆོས་ལུགས་ལས་རིགས་མི་སྣའམ་ཡང་ན་ཆོས་ལུགས་དེ་རང་གི་གཏན་འབེབས་དང་འཚམ་པའི་མི་སྣ་གཞན་དག་གིས་གཙོ་སྐྱོང་བྱས་ཏེ་ཆོས་ལུགས་ཀྱི་ཆོག་དང་ཆོས་ཁྲིམས་ལྟར་སྤེལ་དགོས།
 དོན་ཚན་བཅུ་གསུམ་པ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྲབས་འཛུགས་བྱ་རྒྱུ་དེ་ཆོས་ལུགས་ཚོགས་པས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་འཛུགས་རྩིས་ཡོད་པའི་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་སྙན་ཞུ་འབུལ་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་སྙན་ཞུ་འབྱོར་བའི་ཉིན་སུམ་ཅུའི་ནང་ཚུན་དུ་མོས་མཐུན་ཡོད་ཚེ་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་ཞིབ་མཆན་འགོད་རྒྱུར་འབུལ་དགོས།
 གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་གྱི་སྙན་ཞུ་འབྱོར་བའི་ཉིན་སུམ་ཅུའི་ནང་ཚན་དུ་དགོས་སྡེ་དང༌། ཏའོ་ཅའོ་དགོན་པ། དབྱི་སི་ལན་ཕྱག་ཁང༌། གནམ་བདག་ཆོས་ལུགས་སོགས་ཀྱི་ཆོས་ཁང་བཅས་འཛུགས་རྒྱུའི་མོས་མཐུན་བྱ་རྩིས་ཡོད་ཚེ་ཞིབ་བཤེར་གཏན་འབེབས་ཀྱི་བསམ་འཆར་བཏོན་ནས་ཞིང་ཆེན་དང༌། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་ཞིབ་མཆན་འགོད་རྒྱུའི་སྙན་ཞུ་འབུལ་དགོས། གཏན་འཇགས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གཞན་དག་འཛུགས་རྒྱུའི་ཐད་ཆོག་མཆན་འགོད་པའམ་ཡང་ན་ཆོག་མཆན་མི་འགོད་རྒྱུའི་ཐག་གཅོད་བྱེད་དགོས།
 ཞིང་ཆེན་དང༌། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་སྤེལ་ཡུལ་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་དགོན་སྡེ་དང༌། ཏའོ་ཅའོ་དགོན་པ། དབྱི་སི་ལན་གྱི་ཕྱག་ཁང། གནམ་བདག་ཆོས་ལུགས་སོགས་ཀྱི་ཆོས་ཁང་བཅས་སུ་འཛུགས་རྒྱུའི་མོས་མཐུན་ཐོབ་པའི་སྙན་ཞུ་འབྱོར་བའི་ཉིན་སུམ་ཅུའི་ནང་ཚུན་དུ་ཆོག་མཆན་སྤྲད་རྒྱུའམ་ཡང་ན་ཆོག་མཆན་མི་སྤྲད་རྒྱུའི་ཐག་གཅོད་བྱེད་དགོས།
 ཆོས་ལུགས་ཚོགས་པས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་འཇུགས་རྒྱུའི་རེ་ཞུར་ཆོག་མཆན་ཐོབ་རྗེས་གཞི་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྲབས་འཛུགས་ཀྱི་ལས་དོན་ཁག་སྒྲུབ་ཆོག
 དོན་ཚན་བཅུ་གཞི་པ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་འཛུགས་པར་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་པ་སྟེ།
 (གཅིག)འཛུགས་རྒྱུའི་དམིགས་ཡུལ་དེ་སྲོལ་ཡིག་འདིའི་དོན་ཚན་གསུམ་པ་དང་བཞི་པའི་གཏན་འབེབས་ལས་མི་འགལ་བ་དང༌།
 (གཉིས)ས་གནས་དེ་རང་གི་དད་ལྡན་སྤྱི་དམངས་ལ་རྒྱུན་དུ་ནས་མཉམ་སྡེབ་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་བའི་དགོས་མཁོ་ཡོད་པ།
 (གསུམ)ཆོས་ལུགས་ཀྱི་བྱེད་སྒོ་གཙོ་སྐྱོང་བྱེད་པའི་ཆོས་ལུགས་ལས་རིགས་མི་སྣའམ་ཡང་ན་ཆོས་ལུགས་དེ་རང་གི་གཏན་འབེབས་དང་འཚམས་པའི་མི་སྣ་གཞན་དག་ཡོད་པ།
 (བཞི)དགོས་ངེས་ཀྱི་མ་དངུལ་ཡོད་པ།
 (ལྔ)ཁྱབ་ཚུལ་ལུགས་མཐུན་ཡིན་ཞིང༌། ཉེ་འཁོར་གྱི་ཚན་པ་དང་ཡུལ་མིའི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་འགོག་རྐྱེན་མི་བཟོ་བ་བཅས་སོ།
 དོན་ཚན་བཅོ་ལྔ་པ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ལ་ཆོག་མཆན་བཀོད་ནས་གྲབས་འཇུགས་བྱེད་པ་དང་ཆབས་ཅིག་སྐྲུན་ཟིན་རྗེས་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་རེ་འདུན་ཞུས་ནས་ཐོ་འགོད་བྱེད་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་རེ་ཞུ་འབྱོར་བའི་ཉིན་སུམ་ཅུའི་ནང་ཚུན་དུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དེར་དོ་དམ་བྱེད་པའི་རྩ་འཛུགས་དང་སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུ་སོགས་ཀྱི་གནས་ཚུལ་ཐད་ཞིབ་བཤེར་གཏན་འབེབས་བྱས་ནས་ཆ་རྐྱེན་དང་འཚམ་པ་རྣམས་ཐོ་བཀོད་ནས鉄ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ཐོ་འགོད་ལག་འཁྱེར鉅སྤྲོད་དགོས།
 དོན་ཚན་བཅུ་བདུན་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་དོ་དམ་རྩ་འཛུགས་བཙུགས་ཏེ་དམངས་གཙོའི་དོ་དམ་བྱེད་དགོས་པ་དང༌། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་རྩ་འཛུགས་ཀྱི་ཁོངས་མི་རྣམས་དམངས་གཙོའི་གྲོས་མོལ་བྱས་ནས་འདེམས་ཐོན་བྱས་རྗེས་སྤེལ་ཡུལ་དེའི་ཐོ་འགོད་དོ་དམ་ལས་ཁུངས་ས་ཐོ་འགོད་སྙན་སེང་ཞུ་དགོས།
 དོན་ཚན་བཅོ་བརྒྱད་པ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ནང་ཁུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང༌། ཁྲིམས་སྲོལ། སྒྲིག་སྲོལ་བཅས་

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...