སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅། ། ལེའུ་དང་པོ། སྤྱིའི་རྩ་འཛིན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། admin དུས་ཚོད། 2009-9-22 9:59:45 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
    དོན་ཚན་དང་པོ། སྤྱི་དམངས་ཀྱི་ཆོས་དད་རང་མོས་འགན་ལེན་དང༌། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་མཐུན་སྦྱོར་ལ་སྲུང་སྐྱོང༌། ཆོས་ལུགས་ལས་དོན་གྱི་དོ་དམ་ཚད་ལྡན་ཡོང་བ་བཅས་ཀྱི་ཆེད་དུ་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ལ་གཞིགས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།
    དོན་ཚན་གཉིས་པ། སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་དབང་ཆ་ཡོད། རྩ་འཛུགས་སམ་ཡང་ན་མི་སྒེར་གང་རུང་གིས་སྤྱི་དམངས་ལ་ཆོས་ལུགས་ལ་དད་པ་བྱེད་དུ་འཇུག་པའམ་ཡང་ན་ཆོས་ལུགས་ལ་དད་པ་བྱེད་དུ་མི་འཇུག་པའི་བཙན་ཤེད་བྱེད་མི་ཆོག་པ་དང་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་སྤྱི་དམངསགཤམ་དུ་ཆོས་དད་སྤྱི་དམངས་ཞེས་བརྗོད་རྒྱུསམ་ཡང་ན་ཆོས་ལ་དད་པ་མི་བྱེད་པའི་སྤྱི་དམངས་ལ་མཐོང་ཆུང་བྱེད་མི་རུང༌། ཆོས་དད་སྤྱི་དམངས་དང་ཆོས་ལ་དད་པ་མི་བྱེད་པའི་སྤྱི་དམངས། ཆོས་ལུགས་མི་འདྲ་བར་དད་པ་བྱེད་མཁན་གྱི་སྤྱི་དམངས་བཅས་དབར་ཕན་ཚུན་བརྩི་བཀུར་དང་འཆམ་མཐུན་མཉམ་གནས་བྱེད་དགོས།
    དོན་ཚན་གསུམ་པ། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་སྲུང་སྐྱོང་དང་ཆོས་ལུགས་ཚོགས་པ་དང༌། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ། ཆོས་དད་སྤྱི་དམངས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ་ཡིན། ཆོས་ལུགས་ཚོགས་པ་དང༌། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ། དད་ལྡན་སྤྱི་དམངས་བཅས་ཀྱིས་རྩ་ཁྲིམས་དང༌། བཅའ་ཁྲིམས། ཁྲིམས་སྲོལ་དང་སྒྲིག་སྲོལ་བཅས་ལ་སྲུང་བརྩི་ཞུས་ནས་རྒྱལ་ཁབ་གཅིག་གྱུར་དང༌། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱེད་དགོས།
    རྩ་འཛུགས་སམ་ཡང་ན་མི་སྒེར་གང་རུང་ཞིག་གིས་ཆོས་ལུགས་སྤྱད་དེ་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་དང༌། སྤྱི་དམངས་ཀྱི་གཟུགས་གཞི་བདེ་ཐང་ལ་གནོད་འཚེ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་བཀག་འགོག་བཅས་བྱེད་མི་ཆོག་པ་དང་དེ་བཞིན་རྒྱལ་ཁབ་ཀྱི་ཁེ་ཕན་དང༌། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་བཅས་ལ་གནོད་འཚེ་གཏོང་བའི་བྱེད་སྒོ་གཞན་དག་སྤེལ་མི་ཆོག
    དོན་ཚན་བཞི་པ། ཆོས་ལུགས་ཁག་གིས་རང་ཚུགས་རང་གཉེར་གྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་དང་ཆོས་ལུགས་ཚོགས་པ་དང༌། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་ལུགས་ལས་རིགས་མི་སྣ་བཅས་ཀྱིས་མཛའ་གྲོགས་འདྲ་མཉམ་གྱི་རྨང་གཞིའི་ཐོག་ཕྱི་ཕྱོགས་སྤེལ་རེས་བྱེད་དགོས་ཤིང་རྩ་འཛུགས་སམ་ཡང་ན་མི་སྒེར་གཞན་དག་གིས་ཕྱི་ཕྱོགས་དཔལ་འབྱོར་དང་རིག་གནས་སོགས་མཉམ་ལས་དང་སྤེལ་རེས་བྱེད་སྒོའི་ནང་ཟུར་སྣོན་གྱི་ཆོས་ལུགས་ཆ་རྐྱེན་དང་ལེན་བྱེད་མི་ཆོག
    དོན་ཚན་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་སྲིད་འཛིན་དོ་དམ་བྱེད་དགོས་པ་དང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་རང་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ཁྲིམས་ལྟར་འབྲེལ་ཡོད་ཀྱི་སྲིད་འཛིན་དོ་དམ་ལས་དོན་གྱི་འགན་འཁུར་དགོས།
    རིམ་ཁག་མི་དམངས་སྲིད་གཞུང་གིས་ཆོས་ལུགས་ཚོགས་པ་དང༌། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ།ཆོས་དད་སྤྱི་དམངས་བཅས་ཀྱི་བསམ་འཆར་ཉན་དགོས་པ་དང་ཆོས་ལུགས་དོ་དམ་ལས་དོན་མཐུན་སྦྱོར་བྱེད་དགོས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...