སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མང་རྫོང་མཐའ་བ་སྡེ་བས་བྱ་ལོ་བསུ་བའི་མདའ་སྟོན་སྤྲོ་ཚོགས་བསྡུས་པ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-2-10 10:27:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

མང་རྫོང་མཐའ་བ་སྡེ་བས་བྱ་ལོ་བསུ་བའི་མདའ་སྟོན་སྤྲོ་ཚོགས་བསྡུས་པ།
     སྤྱི་ཟླ2པའི་ཚེས8ཉིན། གསར་འགོད་མང་རྫོང་མཐའ་བ་སྡེ་བའི་མདའ་རྩེད་ཁང་དུ་སོང་བ་ན། སྡེ་བའི་མདའ་རྩེད་ཁང་དུ་མདའ་འཕེན་འགྲན་བསྡུར་གྱི་བྱ་འགུལ་སྤེལ་གྱིན་འདུག། སྡེ་བའི་རྒན་དར་གཞོན་རྣམས་དེ་རུ་འཛོམས་ནས་མདའ་འཕེན་འགྲན་སྡུར་ལ་ལྟ་བཞིན་འདུག

མདའ་བོའི་ཉམས་འགྱུར།
     གསར་འགོད་པས་དེ་རུ་ཡོད་པའི་སྡེ་བའི་ཧྲུའུ་ཅི་འཇམ་དཔལ་ལ་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན།  གསར་དུ་ལེགས་འགྲུབ་བྱུང་བའི་མདའ་རྩེད་ཁང་འདི་ནི2015ལོར་རང་རྫོང་གི་མཐོ་སྒང་མཛེས་སྡུག་གྲོང་སྡེ་འཛུགས་སྐྲུན་ཁྲོད་ཀྱི་ལས་གཞི་རྣམ་གྲངས་ཤིག་ཡིན་པ་དང་།  རྫོང་ཡོངས་སུ་སྡེ་བ་རིམ་པར་འདི་ལྟ་བུའི་མདའ་རྩེད་ཁང་གཅིིག་མ་གཏོགས་མེད།མདའ་རྩེད་ཁང་འདིས་སྡེ་བའི་ན་གཞོན་རྣམས་ལ་མདའ་རྩལ་ངོམས་སའི་གར་སྟེགས་ཤིག་བསྐྲུན་པ་ཙམ་མ་ཡིན་པར། ལོ་རེར་ལོ་སར་གྱི་རིག་རྩལ་སྣ་ཚོགས་འཁྲབ་སྦྱོང་བྱས་ནས་སྡེ་བའི་དམངས་ཁྲོད་རིག་གནས་དར་སྤེལ་དང་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད་ཟེར།

བུ་སྐྱེན་པོའི་མཐེབ་རྩལ་འདི་ན་ངོམ།
     དགོང་མོའི་ཆུ་ཚོད8དང་ཕྱེད་ཀའི་སྟེང་མདའ་བ་རྣམས་སྡེ་བའི་གཞུང་ཁང་དུ་འཛོམས་ནས་མདའ་སྟོན་བསུ་བའི་རིག་རྩལ་དགོང་ཚོགས་འཚོགས་འགོ་བརྩམས། སྡེ་བའི་སྨན་ཤར་དག་གིས་ལུས་ལ་གོས་རྒྱན་སྤྲོས་ནས་གར་གྱི་སྟངས་སྟབས་མངོན་པ་དང་། གླུ་བ་གླུ་མ་དག་གིས་དྲུག་འགྱུར་ངག་གི་དབྱངས་རྟས་ཁྲོམ་པ་ཡོངས་སྤྲོ་དགའི་དཔལ་ལ་རོལ་སོང་། འདིས་སྡེ་བའི་མང་ཚོགས་རྣམས་ལ་མིག་གི་ལྟད་མོ་གྱ་ནོམ་པ་ཞིག་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་གླུ་ལེན་གར་རྩེད་སོགས་རིག་རྩལ་བྱ་འགུལ་མང་པོས་སྡེ་བ་ཡོངས་ལ་ལོ་སར་གྱི་རྣམ་པས་ཁེངས་སོང་།

མདའ་སྟོན་སྐབས་ཀྱི་རིག་རྩལ་འཁྲབ་སྟོན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...