སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་སྤྱིའི་གསུམ་བརྒྱད་བུད་མེད་དུས་ཆེན་ལ་རོལ་བ།
རྩོམ་པ་པོ། སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ། Michung དུས་ཚོད། 2017-3-20 14:03:00 རྩོམ་ཁུངས། མི་གསལ། ཀློག་གྲངས།
རིག་རྩལ་འཁྲབ་སྟོན།
     བསིལ་རླུང་འཇམ་པོས་རང་བྱུང་ཁམས་ལ་དཔྱིད་ཀྱི་བུ་མོ་ཚུར་བསུ་དུས་ལས་རིགས་སོ་སོའི་སྐྱེས་མ་ཡོངས་ཀྱིས་རང་རང་སར༢༠༡༧ལོའི་རྒྱལ་སྤྱིའི་གསུམ་བརྒྱད་བུད་མེད་དུས་ཆེན་དགའ་བ་དང་སྤྲོ་བའི་ཀློང་ནས་བསུ་བཞིན་མཆིས། གནམ་འོག་གི་སྐྱེས་མ་ཚོའི་བཀྲ་ཤིས་དུས་བཟང་གི་ཉིན་མོ་འདིར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཀྱང་སྐྱེས་མ་དགེ་བཟོ་བའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་བྱ་བར་སྤོབས་ཤུགས་ལྡན་པ། ཕན་ཚུན་མཐུན་སྒྲིལ་གྱི་འབྲེལ་བ་དམ་ཞིང་དཔུང་རྡང་ལྷན་སྦྲེལ་སྒོས་སློབ་གསོའི་ལས་རྐང་དུ་ཤ་འབད་རུས་འབད་བྱེད་པའི་འདུན་པ་སློང་བ་བཅས་ཀྱི་ཆེད་དུ་དུས་ཆེན་བསུ་བའི་རིག་རྩལ་སྤྲོ་ཚོགས་ཤིག་བསྡུས།
རིག་རྩལ་འཁྲབ་སྟོན།

སློབ་གྲྭའི་མགོ་ཁྲིད་རྣམ་པའི་རྩ་འཛུགས་འོག་ཏུ། ཟླ་འདིའི་ཚེས་བརྒྱད་ཀྱི་སྔ་དྲོར་དགེ་བཟོ་བ་ཡོངས་སློབ་གྲྭའི་རྩལ་སྦྱོང་ར་བ་ནས་མཉམ་གཅིག་ཏུ་གདན་འཛོམས་ཏེ་རྒྱལ་སྤྱིའི་གསུམ་བརྒྱད་བུད་མེད་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་ཞིག་གཟབ་རྒྱས་ངང་ཚོགས། དགའ་སྟོན་དུ་ལོ་རིམ་སོ་སོས་རང་རང་གི་ལྷན་སྐྱེས་ཀྱི་ཡོན་ཏན་ལས་ཐོན་པའི་གླུ་དང་གླུ་དབྱངས་རྩེད་རིག་སོགས་སྣ་འཛོམས་རང་བཞིན་གྱི་རྩེད་མོ་སྣ་ཚོགས་པ་གྲ་སྒྲིག་བྱས་འདུག ཐོག་མར་དམངས་གླུ་སྙན་མོ་ཞིག་གིས་དགའ་སྟོན་གྱི་ཡོལ་རས་ཕྱེ་བ་དང་མཉམ་དུ་མདོ་འཛིན་པའི་རྩེད་མཚར་རང་བཞིན་གྱི་སྐད་ཆས་ཟུར་བརྒྱན་ཏེ་སྤྲོ་ཚོགས་དངོས་སུ་མགོ་བརྩམས། གཅིག་ལས་གཅིག་ལྷག་གི་ལོ་རིམ་སོ་སོའི་སྣ་ཚོགས་རྩེད་མོས་ཕན་ཚུན་འགྲན་བསྡུར་གྱི་རྣམ་པར་བསྒྱུར་བ་སྟེ། འགུག་ལུགས་མི་གཅིག་པའི་དམངས་གླུ་དང་། སྙན་འཇེབས་ཀྱི་སྒྲ་དབྱངས་དང་བསྟུན་པའི་ཨ་རྩེད་དང་རྩེད་རིག ཀ་པེད་དང་རྣོ་སྦྲེང་འབུད་རྡུང་སོགས་སེམས་པ་འཁྱོམ་པའི་རྩེད་མོའི་རྣམ་གྲངས་སོ་སོས་དེར་འདུས་ལྟ་མཁན་པ་ཡོངས་ལ་རང་དབང་མེད་པར་ལྷང་ལྷང་ཐལ་མོའི་རྡེབ་སྒྲ་དང་ཡིད་འགུག་གི་ཀི་སྒྲ་མཚམས་མེད་དུ་ལྷང་ལྷང་ངང་མཆེད་དུ་བཅུག་པ་མ་ཟད། སློབ་རའི་ཁྱོན་ཀུན་དགའ་སྤྲོའི་འཛུམ་མདངས་ཀྱི་མེ་ཏོག་ལྷུག་པོར་བཞད་དུ་བཅུག

རིག་རྩལ་འཁྲབ་སྟོན།

  རེབ་འདིའི་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་གྱིས་དགེ་རྒན་རྣམ་པའི་ལྗིད་ཏིག་ཏིག་གི་བྱ་བའི་བྲེལ་ཟིང་ལ་སྙོམ་སྒྲིག་གི་ནུས་པ་ཐོན་པ་མ་ཟད། ལས་ཀའི་ངལ་དུབ་སེལ་ཞིང་ཆད་སྣང་གི་སྨུག་པ་སེམས་ཀྱི་རི་རྩེ་ནས་ཁད་ཀྱིས་ཡལ། མ་ཟད་རེབ་འདིའི་དགེ་བཟོ་བ་མཉམ་འབྲེལ་གྱི་རྩེད་མོ་སྣ་ཚོགས་ཀྱིས་དགེ་བཟོ་བ་ཚང་མའི་མཛའ་འབྲེལ་གྱི་བརྩེ་བའི་གསེར་སྐུད་སྔར་ལས་ཇེ་ཟབ་ཏུ་བཏང་ཞིང་། རྗེས་མུར་སློབ་གསོའི་ལས་དོན་ལ་ཧུར་བརྩོན་བསྐྱེད་པའི་སེམས་ཤུགས་བརྟན་པོ་གནང་བའི་ཁར་སློབ་གྲྭའི་དགེ་བཟོ་བ་ཡོངས་གོང་བུ་གཅིག་འགྲིལ་དང་དུས་བསྟུན་མདུན་བསྐྱོད་ཀྱི་ངར་ཤུགས་དྲག་པོ་ཞིག་ཀྱང་ཞར་ལ་སྐྱེས་སུ་བཅུག་གོ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...