སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྲོལ་ཡིག་དྲིལ་སྒྲོག སྐད་ཡིག་དར་སྤེལ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-6-13 15:19:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
     གསར་འགོད་པས་རྒྱུས་ལོན་པ་ལྟར་ན། སྤྱི་ཟླ6པའི་ཚེས12ཉིན། བྲག་དཀར་རྫོང་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་རྫོང་དུང་དཀར་ཐང་ཆེན་དུ་གཅིག་བསྡུས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ལུགས་དྲིལ་སྒྲོག་དང་སློབ་གསོའི་སྲོལ་ཡིག་སོགས་འབྲེལ་ཡོད་སྲོལ་ཡིག་དྲིལ་སྒྲོག་བྱེད་པའི་བྱ་འགུལ་སྤེལ།
    ཁྲིམས་ལུགས་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་ཁྲོད་བྲག་དཀར་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་རྒྱ་ཆེའི་མང་ཚོགས་དང་ལས་བྱེད་པ་ཡོངས་ལ་བོད་རྒྱ་ཡིག་རིགས་གཉིས་ཀའི་ལམ་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་དང་། ཁྲིམས་ལུགས་རྒྱུན་ཤེས་སོགས་ཀྱི་དྲིལ་བསྒྲགས་ཡིག་ཆ་བསྡོམས་པས1286བཀྲམ་ཞིང་འཕྲེད་བྱང་སྣ་ཚོགས་བཀལ་བར་མ་ཟད། ལས་བྱེད་མི་སྣས་ཁྲིམས་ལུགས་རྒྱུན་ཤེས་སོགས་གསལ་འགྲེལ་བྱས་ཏེ་དེར་འདུས་མང་ཚོགས་ཡོངས་ཀྱི་ཁྲིམས་ལུགས་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་།
     ཐེངས་འདིའི་ཁྲིམས་ལུགས་དྲིལ་བསྒྲགས་བྱས་པས་རྒྱ་ཆེའི་མང་ཚོགས་དང་ལས་བྱེད་ཡོངས་ཀྱི་དགའ་བསུ་ཐོབ་པ་དང་། ཕན་ནུས་ཡོད་པའི་སྒོ་ནས་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་བརྟན་པོ་བྱས་ནས། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་ལུགས་རྒྱུན་ཤེས་སྐོར་ལ་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏང་བ་སོགས་ཀྱི་ཐད་ལ་བྱེད་ནུས་མི་དམན་པ་ཐོན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...