སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་གྱི་རྫོང་ལྔའི་རྫོང་དཔོན་ལ་བཅར་འདྲི་བྱས་པའི་ཆེད་སྒྲིག་ལེ་ཚན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-2-25 17:23:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཟླ2པའི་ཚེས23ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་ཚོགས་འདུ་ཐེངས་བཞི་བ་གཟབ་རྒྱས་ངང་ཚོགས།

     ཟླ2པའི་ཚེས24ཉིན། དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པ་གཟབ་རྒྱས་ངང་ཚོགས།


གུང་ཧོ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དཔལ་ལྡན།

    གུང་ཧོ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དཔལ་ལྡན་གྱིས་བཤད་རྒྱུར། གྲོང་ཁྱེར་གསར་སྐྲུན་བྱས་ནས་ད་ལྟའི་བར། གུང་ཧོ་རྫོང་གིས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་ནི་གུང་ཧོའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་དཔལ་ཡོན་འཕེལ་རྒྱས་སུ་འགྲོ་བའི་རྨང་གཞིར་བཟུང་སྟེ། དངོས་བོ་དང་བསམ་བློ་གཅིག་གྱུར་ཡོང་བར་འབད། གྲོང་རྡལ་དང་ཞིང་སྡེ་མཉམ་བསྲེས་སྒོས་འཐབ་ཇུས་རང་བཞིན་གྱི་བཟོ་སྐྲུན་ལ་སྐུལ་འདེད་བྱས་ཏེ། གྲོང་ཁྱེར་གསར་སྐྲུན་བྱེད་པའི་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། 


ཁྲི་ཀ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གནམ་ལྷ།

    ཁྲི་ཀ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གནམ་ལྷས་བཤད་རྒྱུར། ཁྲི་ཀ་རྫོང་གི་གཞན་དང་མི་མཚུངས་པའི་ས་བབ་ཀྱི་ཁྱད་ཆོས་གཞིར་བཟུང་ནས། ང་ཚོས་གོ་སྐབས་དམ་འཛིན་སྒོས་མཁར་ལྔ་མཉམ་སྐྲུན་གྱི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གསར་བ་དར་སྤེལ་བྱེད་པའི་བྱ་བའི་བསམ་ཕྱོགས་བཏོན་ཏེ། ཡུལ་སྲོལ་བཟང་བོ་ཞིག་ཆགས་པ་དང་ས་ཁོངས་སུ་གད་སྙིགས་ཀྱི་འབག་བཙོག་མེད་པ། སྐྱེ་ཁམས་སླར་གསོ་བཅོས་སྐྱོང་སོགས་ཀྱི་བྱ་འགུལ་སྤེལ་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཐོ་རུ་བཏང་བ་དང་། ཤང་གྲོང་དོ་དམ་ཚད་ལྡན་དང་མཁར་གྲོང་བྱེད་ནུས་འཐུས་ཚང་། སྡོད་གནས་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། ཞིང་ཆེན་རིམ་པའི་དག་གཙང་གི་རྫོང་མཁར་དང་ཁུལ་རིམ་པའི་དཔལ་ཡོན་གྱི་མཁར་གྲོང་། རྫོང་རིམ་པའི་ནགས་ཚལ་ཅན་གྱི་གྲོང་ཁྱེར་སོགས་ཀྱི་མཚན་སྙན་བླངས་ནས་གསར་སྐྲུན་ལ་གྲུབ་འབྲས་བཟང་བོ་ཞིག་ལོན་པར་རྨང་གཞི་བརྟན་པོ་བཏིང་།


ཀོས་ནན་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཚེ་ཁོ་སྐྱིད།

    ཀོས་ནན་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཚེ་ཁོ་སྐྱིད་ཀྱིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་ནང་། ཀོས་ནན་རྫོང་གིས་སྐར་རིམ་ཅན་གྱི་དོ་དམ་ལ་སྐུལ་འདེད་ནན་མོ་བྱས་ཏེ། ཁྱིམ་ཚང་ཕྱུགས་ར19དང་ཆེད་ལས་མཉམ་ལས་ཁང12གསར་འཛུགས་བྱས་ནས་མཉམ་ལས་ཁང10མ་རྐང་རང་བཞིན་གྱི་ལམ་ལུགས་ཅན་དུ་བསྒྱུར་བ་དང་། ཀོས་ནན་རྫོང་ཕ་ནོར་ནོར་གནག་ཐོན་ལས་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། ནུས་ལྡན་གྱི་ཆེད་ལས་མཉམ་ལས་ཁང་མཉམ་འབྲེལ་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཙུགས། ཁྱད་ཆོས་དྲུག་ལྡན་གྱི་ཞིང་ཕྱུགས་ལས་དཔེ་སྟོན་གླིང་ལ་འཕེལ་རྒྱས་ཡོང་བར་འབད་དེ། སྣེ་ཁྲིད་ལྡན་པའི་ཁེ་ལས་དང་ཁྱིམ་ཚང་ཕྱུགས་ར། མང་ཚོགས་གསུམ་ལྡན་གྱི་མཉམ་ལས་རྣམ་པས་ས་ཁུལ་གྱི་ཡོང་སྒོ་མཐོར་འདེགས་སུ་གཏོང་བར་ནུས་པ་ཐོན།


ཞིན་ཧེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་བ་རྡོ།

    ཞིན་ཧེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་བ་རྡོས་བཤད་རྒྱུར། སྙན་ཞུའི་ཁྲོད་ད་ལོའི་ཁུལ་ཡོངས་ཀྱི་དོན་ཆེན་བརྒྱད་ཀྱི་འགན་འཁྲི་བཀོད་འདོམས་བྱས་ཤིང་། དེའི་ཁྲོད་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་དང་ཡུལ་སྲོལ་གོམས་གཤིས་གཙོར་བཟུང་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ནུས་ཤུགས་ཡོད་དགུ་བཏོན་པ་དེ་ཞིན་ཧེ་རྫོང་གི་གནས་བབ་དང་མང་ཚོགས་ཀྱི་རེ་འདུན་དང་ཧ་ཅང་འཚམ། ཡུལ་སྲོལ་གོམས་གཤིས་ཇེ་ལེགས་སུ་གཏོང་བ་དེས་རོང་འབྲོག་མང་ཚོགས་ཀྱི་བསམ་པའི་གོ་རྟོགས་དང་ཀུན་སྤྱོད་ཀྱི་སྤུས་ཚད། རིག་གནས་ཀྱི་བྱང་ཚད་མཐོ་རུ་བཏང་སྟེ། མང་ཚོགས་རང་འགུལ་གྱིས་ཐོན་སྐྱེད་འཛུགས་སྐྲུན་ཁྲོད་ཞུགས་ནས་གྲོང་གསེབ་དར་སྤེལ་གཏོང་བར་རྒྱབ་སྐྱོར་ཆེན་པོ་ཐོབ།


ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཏེན་རའེ་ཡུས།

    ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཏེན་རའེ་ཡུས་བཤད་རྒྱུར། འདས་པའི་ལོ་གཉིས་ཀྱི་རིང་། དབུལ་ཐར་མཁྲེགས་གཏོར་ལ་གྲུབ་འབྲས་བཟང་བོ་ཞིག་ལོན་ཆེད། ཐུན་ཏེ་རྫོང་གིས་རྫོང་གི་གནས་བབ་དང་བསྟུན་ནས་གསར་གཏོད་ཀྱི་ཐབས་ལམ་གསར་བ་སྤྱད་དེ། ཆེད་ལས་ཅན་གྱི་རོང་འབྲོག་མང་ཚོགས་སྐྱེད་སྲིང་བྱས་ནས་ཐོན་ལས་ལ་སྣེ་ཁྲིད་དང་སྡེ་བ་གཅིག་ལ་ཐོན་རྫས་གཅིག་ཐོན་པ། གནད་འཁེལ་དབུལ་སྐྱོར་ལ་ཤུགས་བརྒྱབ་ནས་གྲོང་གསེབ་དར་སྤེལ་དུ་གཏོང་བར་ནུས་པ་གལ་ཆེན་ཐོན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...