སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གཅན་རོང་བསྟན་འཛིན་གྱི་རྩོམ་བཏུས་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Michung དུས་ཚོད། 2017-1-9 10:23:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས།

གཅན་རོང་བསྟན་འཛིན་གྱི་རྩོམ་བཏུས་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།
     སྤྱི་ལོ2017ལོའི་ཟླ1ཚེས6ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་། རྨ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། རྨ་ལྷོ་ཁུལ་སློབ་གསོ་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་སློབ་གསོ་བ་གྲགས་ཅན་གཅན་རོང་བསྟན་འཛིན་གྱི་རྩོམ་བཏུས་བགྲོ་གླེང་ཚོགས་འདུ་དེ་ཟི་ལིང་གི་ཐེན་ཉན་ཀིའི་གསོལ་ཁང་ནས་གཟབ་རྒྱས་ངང་བསྡུས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།
     ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་ཟུར་པ་དབྱང་ཆོན་བའེ། དེང་རབས་བོད་ཀྱི་སློབ་གསོ་ཆེད་མཁས་པ་ཁྲོ་བོ་རྒྱལ་མཚན་སོགས་ཞིང་ཆེན་ཕྱི་ནང་གི་སློབ་གསོ་ཆེད་མཁས་པ་ཉི་ཤུ་ལྷག་ཞུགས་ཏེ་རང་རང་གི་ལྟ་ཚུལ་ལྷུག་བརྗོད་གནང་སྟེ་དུས་ཡུན་ཆུ་ཚོད་བཞི་ལྷག་གི་རིང་ལ་གཏམ་བཤད་དང་བགྲོ་གླེང་རྒྱ་ཆེར་སྤེལ།

དེང་རབས་བོད་ཀྱི་སློབ་གསོ་ཆེད་མཁས་པ་ཁྲོ་བོ་རྒྱལ་མཚན་གྱིས་གཏམ་བཤད་གནང་བཞིན་པ།
     གཅན་རོང་བསྟན་འཛིན་ལགས་ཀྱི་དེབ་ཕྲེང་བཅུ་གཅིག་གི་བདག་ཉིད་ཅན་གྱི་རྩོམ་བཏུས་འདི་ལ་བོད་ཡིག་གི་དེབ་ཕྲེང་བཅུ་དང་རྒྱ་ཡིག་དེབ་ཕྲེང་གཅིག་སྟེ། ཁྱོན་དེབ་ཕྲེང་བཅུ་གཅིག་དང་ལས་ཚན200ཡོད། ཤོག་གྲངས3900དང་། ཡིག་འབྲུ་ཁྲི་200ཙམ་ཞིག་ཡོད། འདི་དག་ཆེ་ཕྱོགས་ནས་བཤད་ན། སློབ་གསོ་སློབ་ཁྲིད་ཀྱི་སྐོར་དང་། རྣམ་ཐར་བསྟན་རྩིས་ཀྱི་སྐོར། ནང་སེམས་ཀྱི་འཚོལ་སྙེག་སྟེ་ནང་དོན་རིག་པའི་ཞིབ་འཇུག་གི་སྐོར་གསུམ་གྱིས་གྲུབ་པ་ཡིན།

ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་ཟུར་པ་དབྱང་ཆོན་བའེ་ཡིས་གཏམ་བཤད་གནང་བཞིན་པ།

ཞིང་ཆེན་སྲིད་གྲོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་མཁར་རྩེ་རྒྱལ་གྱིས་བགྲོ་གླེང་ལ་མགོ་འཛིན་བྱེད་བཞིན་པ།

རྨ་ལྷོ་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རིན་ཆེན་རྡོ་རྗེས་བགྲོ་གླེང་ལ་མགོ་འཛིན་བྱེད་བཞིན་པ།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡུལ་ལྷ་ཐར་གྱིས་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་བདྨ་ལྷུན་འགྲུབ་ཀྱིས་གཏམ་བཤད་གནང་བཞིན་པ།

གཅན་རོང་བསྟན་འཛིན་གྱིས་འབྲེལ་ཡོད་ཆེད་མཁས་པ་ལྷན་རྒྱས་ལ་ཁ་བཏགས་སྒྲོན་བཞིན་པ།

ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་ཕེབས་པའི་ཆེད་མཁས་པ་ལྷན་རྒྱས་ཀྱི་མཉམ་པར།
     ཐེངས་འདིའི་བགྲོ་གླེང་སྟེང་དུ་འབྲེལ་ཡོད་ཆེད་མཁས་མི་སྣ་དག་གིས་རྒན་གཅན་རོང་བསྟན་འཛིན་གྱི་མཛད་རྗེས་ལ་བསྟོད་བསྔགས་དང་། རྩོམ་བཏུས་འདི་ལས་འཕྲོས་པའི་མྱོང་སྣང་། སློབ་གསོ་ལ་གཞོལ་དགོས་ཚུལ་གྱི་ཆོད་སེམས། ཞིབ་འཇུག་གི་ཐད་ལ་མིག་རྒྱང་རིང་དགོས་ཚུལ། འཚོལ་སྙེག་གི་ལམ་ཁ་གསར་བ་བདམས་ཤེས་དགོས་ཚུལ་སོགས་གདམས་ངག་གི་གྲུ་ཆར་བུམ་པ་གང་བྱོའི་ཚུལ་ལྟར་ཆགས་ཏེ་མ་འོངས་འབྱུང་འགྱུར་གྱི་སྤྱི་ཚོགས་དང་། ད་ལྟའི་འཕེལ་རྒྱས་ཀྱི་སྤྱི་ཚོགས་གང་ལ་མཚོན་ནའང་ཁོ་བོས་རང་གི་ནུས་པས་རང་གི་རིགས་ལ་སྲི་ཞུ་ཅུང་ཙམ་བསྒྲུབས་པ་འདིས། སློབ་གསོ་འཕེལ་རྒྱས་དང་རིག་གཞུང་འཕེལ་རྒྱས། ཆོས་ལུགས་ཞིབ་འཇུག་སོགས་ཀྱི་ཐད་ལ་ཕན་ཐོགས་ངེས་ཅན་རེ་ཡོང་དགོས་ཚུལ་གྱི་བཀྲ་ཤིས་སྨོན་འདུན་གྱི་ཁ་གཡང་ཁྲོད་ནས་རེབ་འདིའི་བགྲོ་གླེང་ཚོགས་འདུ་བདེ་ལེགས་ངང་མཇུག་བསྡུས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...