སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བསེ་ཚང་བློ་བཟང་དཔལ་ལྡན་གྱི་རིག་གཞུང་དཔྱད་བརྗོད་ལན་ཀྲུའུ་ནས་བསྡུས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Michung དུས་ཚོད། 2017-1-17 8:34:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

བསེ་ཚང་བློ་བཟང་དཔལ་ལྡན་རིག་གཞུང་དཔྱད་བརྗོད་ལན་ཀྲུའུ་ནས་བསྡུས་པ།
     2017ལོའི་སྤྱི་ཟླ1པོའི་ཚེས16ཉིན་གྱི་ཕྱི་དྲོ། ཀན་སུའུ་ཞིང་ཆེན་ལན་ཀྲུའུ་གྲོང་ཁྱེར་བདེ་མལ་གསོལ་མགྲོན་ཁང་དུ། སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་མི་རིགས་སློབ་གསོའི་མཛད་འཕྲིན་བསྐྱངས་ནས་བགྲང་བྱ་བཞི་བཅུ་ལོན་པ་དང་འབྲེལ་ཁོང་གི་རིག་གཞུང་དགོངས་གཞིར་དཔྱད་བརྗོད་སྤེལ་བའི་མཛད་སྒོ་བསྡུས།
མི་རིགས་སློབ་གསོ་ལ་རྨང་འདིང་སྐབས་ཀྱི་ལྷན་འཛོམས་འདྲ་པར།
     ཐེངས་འདིའི་དཔྱད་བརྗོད་ཚོགས་སྟེང་དུ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་དོན་གྲུབ་དབང་འབུམ་དང་། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སྤྱིའི་འགན་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་བེ་ཕིན། སློབ་གཙོ་ཁྲིན་ཧྥུའུ་རོང་། སློབ་གཙོ་གཞོན་པ་རྡོར་ཕྲུག མཚོ་སྔོན་ཞིང་ཆེན་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོ་བཅས་ཀན་ཅུའུ་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ། སློབ་གསོ་ཐིན། རིག་གནས་ཐིན། ཞིང་ཆེན་མི་རིགས་ལས་དོན་ལྷན་ཚོགས་བཅས་ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་ལས་ཁུངས་ཀྱི་དབུ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་ཡོད།

ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སྤྱིའི་འགན་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་དོན་གྲུབ་དབང་འབུམ།

ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་བེ་ཕིན།

ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རྡོར་ཕྲུག་གིས་ཁོང་གི་མཛད་རྣམ་ངོ་སྤྲོད་བྱེད་བཞིན་པ།
     དཔྱད་བརྗོད་ཚོགས་འདུ་ལ་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་གཙོ་ཁྲིན་ཧྥུ་རོང་གིས་འགོ་འཛིན་བྱས་ཤིང་། ཏང་ཨུའི་ཧྲུའུ་ཅི་ལིས་བེ་ཕིན་གྱིས་ཤིས་ཚིག་ཕུལ། སློབ་གཙོ་གཞོན་པ་རྡོར་ཕྲུག་ལགས་ཀྱིས་སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་རིག་གཞུང་ཞིབ་འཇུག་ཕྱག་རྗེས་གཙོ་བོ་ངོ་སྤྲོད་བྱས། གཞན་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་དོན་གྲུབ་དབང་འབུམ་དང་། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་སོགས་གདན་ཞུས་སྐུ་མགྲོན་རྣམས་ཀྱིས་གཏམ་བཤད་སྤེལ།

ཚོགས་འདུའི་ཡུལ་དངོས།

ཚོགས་འདུའི་ཡུལ་དངོས།

ཚོགས་འདུའི་ཡུལ་དངོས།

ཚོགས་འདུའི་ཡུལ་དངོས།
     ཐེངས་འདིའི་ཚོགས་སྟེང་དུ་ཞིང་ཆེན་ཕྱི་ནང་ཀུན་ནས་ཕེབས་པའི་སྐུ་མགྲོན་བརྒྱ་ཕྲག་ལྷག་འདུས་ཤིང་། སློབ་དཔོན་ཆེན་མོ་བཟེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་མི་རིགས་སློབ་གསོའི་མཛད་འཕྲིན་བསྐྱང་ནས་བགྲང་བྱ་བཞི་བཅུ་ལོན་པ་དང་ཁོང་གི་བླ་ན་མེད་པའི་རིག་གཞུང་ཞིབ་འཇུག་ལ་དཔྱད་བརྗོད། གསུང་འབུམ་གདམས་བསྒྱུར་དང་ཕྱག་བྲིས་བརྙན་དཔར། བསེ་སྐུ་ཕྲེང་དྲུག་པའི་རྣམ་ཐར་སྔ་ཕྱིར་དཔར་སྐྲུན་གནང་བར་དཔྱད་བརྗོད་སྤེལ་བར་མ་ཟད། དམ་པ་ཁོང་གིས་མི་རིགས་སློབ་གསོའི་ལས་དོན་དང་བོད་ཀྱི་ཤེས་རིག་འཕེལ་རྒྱས་ལ་མཛད་རྗེས་ངོ་མཚར་གནང་བ་ལ་བཀའ་དྲིན་བླ་ལྷག་ཏུ་ཞུས། །



འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...