སྲས་མོའི་ལོག་ཕེབས།༼༡༽ ཡབ་གཞིས་པཎ་རིག་འཛིན་དབང་མོ་མཚོ་སྔོན་པོ་དྲ་བར་གདན་ཕེབས་གནང་ཞིང་ཤིས་ཚིག་བསྩལ།
རྩོམ་པ་པོ། རྡོ་རྗེ་རབ་བརྟན། རྩོམ་སྒྲིག་པ། admin དུས་ཚོད། 2008-6-7 10:47:46 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
   གནམ་ལོ་གསར་ཚེས་ཀྱི་དཔྱིད་ཟླ་དང་པོའི་ཚེས་ལྔ་ནི་གཟའ་སྐར་འཕྲོད་སྦྱོར་གྱི་ཉི་བཟང་སྐར་བཟང་སྟེ་མགྲོན་བསུ་གསོལ་སྟོན་གྱི་ལས་ལ་འཇུག་ལེགས་པའི་ཉིན་མོ་ཞིག་ཡིན། ཏག་ཏག་སྐབས་འདི་ལ་མཚོ་སྔོན་པོའི་ལྷོ་འགྲམ་དུ་ལྷུན་གྱིས་ཆགས་པའི་མཐོ་སྒང་གི་གྲོང་རྡལ་ཆུང་བ་ཆབ་ཆ་རུ་དགའ་ཞིང་གུས་པའི་སྐུ་མགྲོན་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྲས་མོ་ཡབ་གཞིས་པཎ་རིག་འཛིན་དབང་མོ་བསུས་བྱུང་།

   ལོ་སར་གྱི་སྐབས་སུ། ཞོང་ཧྭ་རྫོང་བིས་མདོ་དགོན་དང་མཚོ་ལྷོ་ཁུལ་པཎ་ཆེན་བདེ་སྐྱིད་དགོན་གྱི་གདན་ཞུས་ལྟར། སྲས་མོ་ཡབ་གཞིས་པཎ་རིག་འཛིན་དབང་མོ་རང་གི་ཕ་ཡུལ་དུ་ལོག་ནས་པཎ་ཆེན་སྐུ་ཕྲེང་བཅུ་བ་སྐུ་འཁྲུངས་ནས་བགྲང་བྱ་བདུན་ཅུ་ལོན་པའི་རྗེས་དྲན་བྱ་འགུལ་ལ་ཞུགས་པ་དང་།  ལོ་ངོ་ཉི་ཤུའི་རིང་ལ་མཇལ་འཕྲད་མ་ཐུབ་པའི་ཡུལ་མི་སྤུན་ཟླ་རྣམས་དང་ལྷན་དུ་འཛོམས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཕེབས་པའི་བར་གསེང་དུ་སྲས་མོ་ཡབ་གཞིས་པཎ་རིག་འཛིན་དབང་མོ་མཚོ་སྔོན་པོ་དྲ་ཚིགས་སུ་གདན་ཕེབས་གནང་ཞིང་། མཚོ་སྔོན་པོ་དྲ་བའི་ལས་བྱེད་མི་སྣ་ཡོངས་ལ་ལོ་སར་གྱི་བཀྲ་ཤིས་སྨོན་འདུན་ཞུས། སྲས་མོས་མཚོ་སྔོན་པོའི་དྲ་ངོས་ལ་ཞིབ་གཟིགས་གནང་རྗེས་བཤད་རྒྱུར། “མཚོ་སྔོན་པོའི་དྲ་ངོས་བསྒྲུབས་པ་ཤིན་ཏུ་ཡག་པོ་འདུག  ཐུན་མོང་མ་ཡིན་པའི་ཁྱད་ཆོས་འཛོམས་ཡོད། ང་པེ་ཅིང་དུ་ཡོད་དུས་སྔ་མོ་ནས་མཚོ་སྔོན་པོ་དྲ་བ་བཟོས་ཡོད་པ་གོ་ཐོས་བྱུང་ཡོད། དེ་རིང་ང་དངོས་སུ་འདིར་ཡོང་བར་དགའ་སྤྲོ་ཞེ་དྲག་སྐྱེས་ཀི་ཡོད།”



    ཡབ་གཞིས་པཎ་རིག་འཛིན་དབང་མོས་དགའ་མགུའི་ངང་ཆེད་དུ་མཚོ་སྔོན་པོ་དྲ་བར“མཚོ་སྔོན་པོའི་རླབས་ཕྲེང་གི་གཟེགས་མ་རེ་རེ་ཕྱོགས་ཀྱི་སྐྱེ་རྒུ་མིག་གི་དཔལ་དུ་འཕྱོ་བར་སྨོན”ཞེས་ཤིས་ཚིག་གནང་ཞིང་། “ངས་ཡི་གེ་འདི་འདྲ་ཞིག་བྲིས་ནས་མཚོ་སྔོན་པོ་དྲ་བར་གནང་བ་ནི། མཚོ་སྔོན་པོ་དྲ་བས་འུ་ཅག་བོད་ཁུལ་གྱི་འབངས་མི་རྣམས་ལ་ཆ་འཕྲིན་བརྗེ་རེས་ཀྱི་སྟེགས་བུ་ཞིག་བསྐྲུན་ཐུབ་པའི་རེ་བ་ཡིན། དེ་དང་ཆབས་ཅིག་ནང་ལོག་གི་མི་རྣམས་དང་། འཛམ་གླིང་ཡོངས་ཀྱི་མི་རྣམས་ལ་བོད་ཀྱི་རིག་གནས་རྒྱུས་ལོན་བྱེད་དུ་འཇུག་དགོས”ཞེས་བརྗོད།

    མཚོ་སྔོན་པོ་དྲ་བ་གསར་འཛུགས་མཁན་ཚེ་ལོ་ལགས་ཀྱིས་སྲས་མོ་འཁོར་དང་བཅས་པ་མཚོ་སྔོན་པོ་དྲ་བར་གདན་ཕེབས་གནང་བར་རྟེན་འབྲེལ་ཞུས་པ་དང་།  མཚོ་སྔོན་པོ་དྲ་བའི་གནས་ཚུལ་ངོ་སྤྲོད་རགས་བསྡུས་བྱས། ཁོས་བཤད་རྒྱུར། “གནམ་ལོ་གསར་ཚེས་ཀྱི་དུས་འདིར། སྲས་མོ་འཁོར་དང་བཅས་པ་རྒྱལ་ས་པེ་ཅིང་ནས་ཕ་ཡུལ་དུ་ལོག་ཅིང་། མདོ་སྨད་ཆབ་ཆ་གྲོང་རྡལ་དུ་ཕེབས་ཏེ་མཚོ་སྔོན་པོ་དྲ་ཚིགས་སུ་གདན་བཞུགས་གནང་བར་དགའ་མགུ་ཡི་རང་བྱེད་པ་ཡིན། ལྷག་པར་དུ་སྲས་མོ་ལགས་ཀྱིས་བྲེལ་ཟིང་གི་ཁྲོད་ནས་མཚོ་སྔོན་པོ་དྲ་བར་ཤིས་ཚིག་གནང་བར་ངས་ལས་བྱེད་མི་སྣ་ཡོངས་ཀྱི་ཚབ་བྱས་ཏེ་སྙིང་ཁུང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། དེ་དང་ཆབས་ཅིག་སྲས་མོ་འཁོར་དང་བཅས་པའི་ས་བྱི་ལོའི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།”

  • སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་བརྩམས་ཆོས་ལེགས་སྒྲིག་བྱེད་པ།
  • མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཚད་རིམ་ཇེ་མཐོར་སོང་བ།
  • ཕུན་ཚོགས་དབང་རྒྱལ་གྱི་བརྩམས་ཆོས་ཤིག་ཉི་ཧོང་སྐད་དུ་བསྒྱུར།
  • དགེ་རྒན་དོར་ཞིས་ཧྲོའོ་ཀོན་ནན་ཧྭ་དགོན་པར་འཆད་ཁྲིད་གནང་།
  • རྒྱལ་ཁབ་སློབ་གསོ་སྐུལ་ཁྲིད་ཚོགས་པས་མཚོ་ལྷོར་རྟོག་ཞིབ་བྱེད་པ།
  • དཀར་མཛེས་འབའ་གཞས་སློབ་གྲྭའི་སློབ་གསེང་ལུས་རྩལ་དུ་སྤྱད།
  • ཁྲི་ཀ་བཅའ་སྡོད་སློབ་གྲྭས་སྣ་འཛོམས་ཤེས་བྱའི་འགྲན་སྡུར་སྤེལ་བ།
  • བོད་ལྗོངས་ཀྱི་སྒྲ་ལྡན་མདའ་མོ་དར་ཁྱབ་ཆེན་པོ་བྱུང་བ།
  • བཙན་ལྔའི་སྔ་མ་བཞི་བྱོན་ཚུལ་སྐོར་རགས་ཙམ་གླེང་བ།
  • མཐོ་སྒང་དུ་དཔྱིད་ཀའི་ས་ཞིང་རྨོ་འདེབས་ཀྱི་བྱེད་སྒོ་སྤེལ་པ།
  • མཚོ་སྔོན་བོད་ཁུལ་སློབ་གསོའི་ཐད་མ་དངུལ་འབོར་ཆེན་བཏང་།
  • བོད་ཀྱི་སྦྲ་གུར་སྐོར་ངོ་སྤྲོད་རགས་ཙམ་བྱེད་པ།
  • པདྨ་ཚེ་བརྟན་གྱི་འཁྲབ་གཞུང《དབུགས་ལྒང》ལ་བྱ་དགའ་ཐོབ་པ།
  • 《ཨ་ཅག ཟླ་ངོགས་སུ་བསྐྱོད་པ》དངོས་སུ་ཚོང་རར་བཀྲམ་པ།
  • བོད་ལྗོངས་གསོ་རིག་སྲུང་སྐྱོབ་དང་དར་རྒྱས་ཆེན་པོ་བྱུང་བ།
  • ལྷོ་ཁའི་སྐད་གཉིས་དགེ་རྒན་ཟབ་སྦྱོང་གཞི་གནས་ལས་འགོ་ཚུགས།
  • བོད་ཀྱི་སྦྲ་གུར་སྐོར་ངོ་སྤྲོད་རགས་ཙམ་བྱེད་པ།
  • པདྨ་ཚེ་བརྟན་གྱི་འཁྲབ་གཞུང《དབུགས་ལྒང》ལ་བྱ་དགའ་ཐོབ་པ།
  • 《ཨ་ཅག ཟླ་ངོགས་སུ་བསྐྱོད་པ》དངོས་སུ་ཚོང་རར་བཀྲམ་པ།
  • མཚོ་བོད་མཐོ་སྒང་སྐྱེ་ཁམས་ཁྲིམས་སྐྱོང་གི་ཆེད་དཔེ་སྤེལ་པ།
  • འཁྲབ་ཁྲིད་པ་ནོར་བུ་དགྲ་འདུལ་ལ་བྱ་དགའ་ཐོབ་པ།
  • བོད་ལྗོངས་བོད་སྨན་ཁང་བསྐྱར་སྐྲུན་བྱ་བ་འགོ་བརྩམས་པ།
  • སེམས་ཀྱི་ཉི་ཟླའི་གནས་མཆོག་ཁ་བ་དཀར་པོ།
  • ཏུང་ཧོང་དང་དར་སྐུད་ཚོང་ལམ་ཞེས་པའི་རིག་གཞུང་འཆད་ཁྲིད།
  • འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་ཕུ་མ་བྱང་ཐང་ཆ་ཚང་སློབ་ཆུང་།
  • དཔའ་རིས་རྫོང་དུ་མཐོ་འབྲིང་གི་སློབ་ཡོན་མི་ལེན་པར་བྱས།
  • 《གནའ་བོའི་བོན་གྱི་ཡི་གེ་རིག་མཛོད》པར་བསྐྲུན་བྱས་པ།
  • ཁྲི་ཀ་རྫོང་གི་དགེ་རྒན་གསར་བའི་སློབ་ཁྲིད་ལ་དཔྱད་འཇོག་བྱས།
  • 《གེ་སར》རིག་གནས་སྲུང་སྐྱོབ་ཁུལ་བསྐྲུན་པའི་སྐོར་གླེང་བ།
  • གླུ་བ་བཀྲ་ཤིས་ཉི་མའི《སྤྲིན་པའི་ཁྲོད་ཀྱི་གདང་ལ》འགྲེམ་སྤེལ་བྱེད་ལ་ཉེ།
  • ལྷོ་བྲག་སྲས་མཁར་དགུ་ཐོག་མཚམས་སྦྱོར་མདོར་བསྡུས།
  • གནམ་མཚོའི་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ས་ཚུགས་བསྐྲུན་པ།
  • ༄༅།།རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་སྨོན་ལམ་དལ་འབྱོར་གྲུ་ཆེན་ཞེས་བྱ་བ་བཞུགས་སོ།།
  • བོད་རིགས་ཀྱི་གནའ་བོའི་གླུ་གཞས།
  • སྲས་མོའི་ལོག་ཕེབས།༼༡༽ ཡབ་གཞིས་པཎ་རིག་འཛིན་དབང་མོ་མཚོ་སྔོན་པོ་དྲ་བར་གདན་ཕེབས་གནང་ཞིང་ཤིས་ཚིག་བསྩལ།
  • ཚེ་རིང་ནོར་བུ་ལགས་ལ་ཐེངས་ལྔ་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་རྗེས་ཆོས་གྲོགས་དྲྭ་བས་བཅར་འདྲི་བྱས་པ།
  • བྱམས་བུད་མེད་རྩོམ་རིག་བྱ་དགའི་མཛད་སྒོ་ཟི་ལིང་ནས་བསྡུས།
  • བོད་ཀྱི་ཐ་སྙད་གསར་བའི་ཤེས་བྱའི་འགྲན་ཚོགས།
  • བོད་ཀྱི་དབང་མཛད་བཅུའི་སྐབས་ཀྱི་ཤེས་རིག
  • བསང་ཡིག་དགེ་མཚན་པདྨོ་བཞད་པའི་ཉི་མ།
  • ༄༅།།《གུང་ཧོའི་སྲིད་དོན》བོད་ཡིག་གི་པར་གཞི་དང་པོ་སྒྲིག་སྒྱུར་བྱས་ནས་དངོས་སུ་འགྲེམ་སྤེལ་བྱས་པ།
  • མཐོ་སྒང་གི་ནོར་ནག་སྐོར་ཅུང་ཙམ་བརྗོད་པ།
  • ༄༅ །།མཚོ་ལྷོའི་རོང་ཁུལ་བུད་མེད་ཀྱི་རྒྱན་ཆ།
  • བོད་ཀྱི་གླུ་བ་གླུ་མ་ཚོའི་ལྷན་གཞས་ཆེད་བསྒྲིགས་གསར་བ།
  • ༄༅། ། ལེའུ་དང་པོ། སྤྱིའི་རྩ་འཛིན།
  • ༄༅ །།དམར་པོའི་ཞིང་ཁམས།
  • སྐབས་དྲུག་པའི་ཁྲི་ཀའི་རྨ་ཆུ་རིག་གནས་གནས་སྐོར་དུས་ཆེན་གྱི་འགོ་ཚུགས།
  • བོད་དུ་གསུང་རབ་ཐོག་མར་དར་ཚུལ།