སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་ནང་གི་བོད་ཀྱི་ཤོམ་པའི་འགྲན་བསྡུར་སྐབས་དང་པོ་མདོ་སྨད་ཀན་ལྷོ་རུ་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-7-21 9:07:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


རྒྱལ་ནང་གི་བོད་ཀྱི་ཤོམ་པའི་འགྲན་བསྡུར་སྐབས་དང་པོ་མདོ་སྨད་ཀན་ལྷོ་རུ་བསྡུས།


བོད་ཀྱི་ཤོམ་པའི་འགྲན་བསྡུར།

     ཉེ་སྔོན། ཀྲུང་གོའི་སྐབས་དང་པོའི་བོད་ཀྱི་ཤོམ་པའི་འགྲན་བསྡུར་དེ་མདོ་སྨད་ཀན་ལྷོའི་གཙོས་གྲོང་ཁྱེར་དུ་བསྡུས་ཤིང་། མཛུབ་སྟོན་དགེ་རྒན་གདུགས་དཀར་ཡག་དང་དབང་སྒྲོན་མཚོ་གཉིས་འགྲན་ཁུལ་དངོས་ལ་ཐོན་ཏེ་ཤོམ་འགྲོ་མི་སྣ་དག་གི་གདོང་གི་རྣམ་འགྱུར་དང་ལུས་ཀྱི་ཉམས་འགྱུར། འགྲན་བསྡུར་གྱི་དོ་སྣང་བྱ་ཡུལ་བཅས་ཀྱི་ཐད་ལ་མཛུབ་སྟོན་དང་སྦྱོང་བརྡར་གང་ལེགས་བྱས།

བོད་ཀྱི་ཤོམ་པའི་འགྲན་བསྡུར།

བོད་ཀྱི་ཤོམ་པའི་འགྲན་བསྡུར།
     ཐེངས་འདིའི་ཤོམ་འགྲོ་བ་དག་ཁག་གཉིས་སུ་དགར་ཡོད་དེ། ཁག་གཅིག་ནི་གདུགས་དཀར་ཡག་དང་། གཅིག་ཤོས་ནི་དབང་སྒྲོན་མཚོ་ཡིན་ལ། ཁག་སོ་སོར་ཤོམ་འགྲོ་བ70ལྷག་ཡོད། མཛུབ་སྟོན་དགེ་རྒན་གཉིས་ཀྱིས་ཉིན་གཉིས་རིང་ཤོམ་འགྲོ་བ་ཚོ་ཤོམ་འགྲོའི་སྦྱོངས་བརྡར་བྱས་རྗེས། སྤྱི་ཟླ7པའི་ཚེས14ནས་15ཉིན་ཁོ་ཚོ་དངོས་སུ་ཐོག་མའི་ཤོམ་འགྲོའི་འགྲན་བསྡུར་དུ་ཞུགས་པ་ཡིན།

ཤོམ་པའི་འགྲན་བསྡུར།


ཤོམ་པའི་འགྲན་བསྡུར།

     ཐེངས་འདིར་དཔྱད་འདེམས་པ་མདོ་སྨད་ཡུལ་དུ་སྐད་གྲགས་ཆེ་བའི་མདོ་འཛིན་པ་རྒན་ཚེ་མགོན་དང་གླུ་མ་གྲགས་ཅན་ནམ་གྱོན་གོས་ཇུས་འགོད་མཁན་ཨ་ཅག་ལྷ་མོ། ལྷ་སའི་ཡུལ་གྱི་གླུ་བ་བསྟན་འཛིན་ཆོས་འབྱོར་གསུམ་གདན་དྲངས་ཡོད་ལ། ཁོང་ཚོས་དྲང་བདེན་དང་དང་གཟབ་ནན་སྒོས་ཐེངས་འདིའི་ཤོམ་འགྲོ་དང་རྒྱན་གོས་སོགས་ཀྱི་ཐད་ལ་དཔྱད་འཇོག་གནད་དུ་ཐིངས་པ་དང་གཏམ་བརྗོད་ཕུན་སུམ་ཚོགས་པ་སྤེལ།


བོད་ཀྱི་ཤོམ་པའི་འགྲན་བསྡུར།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...