སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལྷ་བ་མོ་བ་རྩིས་པ་གསུམ། འཇིག་རྟེན་ཁམས་ཀྱི་རྫུན་རྐྱལ་གསུམ་ཞེས་པར་་ལྟ་ཚུལ་ཅི།
རྩོམ་པ་པོ། ཤེས་རབ་བསྟན་དར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-23 10:00:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ལྷ་བ་མོ་བ་རྩིས་པ་གསུམ་བརྫུན་རྐྱལ་ཡིན་ཟེར་ན་དོན་དངོས་དང་འགལ་ཏེ་དཔེར་ན་རྒྱ་སྐད་ཅི་ཡང་མི་ཤེས་པར་ཡུལ་ལྷ་བབས་ན་རྒྱ་སྐད་ཤར་མར་བཤད་ཅིང་རང་ཉིད་མ་གཏོགས་པས་མི་ཤེས་པའི་གསང་བ་ལྷ་བབས་ན་ཤ་ར་ར་བཤད་ཐུབ་ཅིང་། ལྕགས་ཁེམ་གྱིས་བསློག་མི་ཐུབ་པའི་ས་རྡོ་ལྷ་བབས་ན་ལྷ་བའི་ལག་པས་སླ་མོས་བསློག་ཐུབ་པ་དག་དངོས་སུ་མཐོང་ན་དེར་ཡིད་ཆེས་མི་བྱེད་ག་མེད་ཡིན། མོ་བ་ཞིག་གིས་མི་ཞིག་གི་ལོ་ངོ་སུམ་ཅུའི་སྔོན་གྱི་གནས་ཚུལ་རང་གིས་ཀྱང་བརྗེད་པ་དག་མོ་བཏབ་སྟེ་གསལ་བོར་བཤད་དེ་ཁོ་ལ་དྲན་བསླང་བ་དང་། ཡང་ང་ཚོའི་སྡེ་བའི་ཁྱིམ་ཚང་ཞིག་ཏུ་ང་བརྒྱད་ལོར་ཕ་མས་གྱང་གསེབ་ཏུ་སྐུ་ཞིག་སྦས་པ་ཕ་མ་འདས་པས་སུས་ཀྱང་མི་ཤེས་ནའང་མོ་བ་དེས་མོ་བཏབ་སྟེ་རྟགས་བརྒྱབས་པ་ལས་བསློགས་ཏེ་ཐོན་པ་བདག་གིས་དངོས་སུ་མཐོང་། ཡང་རྩིས་པས་རྩིས་ཕྲེང་འགའ་བརྒྱབས་ན་ཚན་རིག་གི་སྔོན་ཐོན་ལག་རྩལ་སྤྱད་ན་མ་གཏོགས་པའི་མི་ཤེས་པའི་ཉི་འཛིན་ཟླ་འཛིན་སྐར་ཆ་ཙམ་ཡང་མ་ནོར་བར་ཤེས་ཐུབ་པ་དག་མཐོང་ན་སུ་ཞིག་གིས་དེ་དག་རྫུན་རྐྱལ་དུ་སྨྲ། འོན་ཀྱང་ལྷ་བ་མོ་བ་རྩིས་པ་རྫུན་མ་མང་བོས་རྒྱུ་ནོར་ཁོ་ནར་དམིགས་ཏེ་མང་ཚོགས་བསླུས་པས་རྫུན་རྐྱལ་ཞེས་པའི་ཁ་དཔེ་དེ་བྱུང་མོད་ཆོས་ལུགས་ཀྱི་ཆོ་ག་ཚད་ལྡན་ལྟར་བསྒྲུབས་ན་སྤྱི་ཚོགས་སྟེང་དུ་ཆེས་དགོས་མཁོ་ལྡན་པ་ཞིག་ཡིན་པ་སྨོས་མ་དགོས་ལ་ད་ལྟའི་དུས་ལྷ་བ་མོ་བ་རྩིས་པ་བརྫུན་མ་འབྱུང་བཞིན་པ་འདིས་ཀྱང་སྤྱི་ཚོགས་སྟེང་དུ་ཉེར་མཁོ་ཆེ་བ་གསལ་བཤད་བྱས་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...