སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅།།སྐུ་འབུམ་དགོན་པའི་བཙན་ཁང་ཆེན་མོ་ཞིག་གསོ་བྱས་པའི་ཞལ་འདེབས་རྡོ་རིང་།
རྩོམ་པ་པོ། ཆབ་འགག་རྟ་མགྲིན། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-12 10:29:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


རྡོ་རིང་འདི་ནི་སྤྱི་ལོ1906ལོ་ཙམ་ལ་བཞེངས་པ་ཞིག་ཡིན། རྡོ་རིང་འདིའི་བཞེངས་ཡུལ་ནི་སྐུ་འབུམ་དགོན་པའི་བཙན་ཁང་ཆེན་མོའི་ནང་རོལ་ཡིན།

     ༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག ། བདུད་བཞིའི་དཔལ་བཅོམ་ཡང་དག་རྫོགས་སངས་རྒྱས། ཉོན་མོངས་རིམས་ནད་དྲུང་འབྱིན་དམ་པའི་ཆོས། རིག་གྲོལ་མཛོད་འཛིན་འཕགས་མཆོག་དགེ་འདུན་སྡེ། བསླུ་མེད་སྐྱབས་གསུམ་དམ་པས་དགེ་ལེགས་སྩོལ། ཅེས་ཡུལ་ཁྱད་པར་ཅན་ལ་བརྟེན་ནས་ཤིས་པ་བརྗོད་པའི་ཚིག་གིས་མདུན་བསུས་ཏེ། བྲི་བར་བྱ་བ་ནི། དེ་ཡང་བཙན་ཁང་ཆེན་མོ་ཞིག་གསོས་གསེར་ཟངས་ཀྱི་རྒྱ་ཕིབས་གསར་བཞེངས་ཀྱི་དཀར་ཆག་ལས་དཀར་ཐིག་ཞལ་འདེབས་ཀྱི་རིམ་པ་ཟུར་དུ་དགོད་གསུངས་པ་ལྟར་གཏོང་ཕོད་ཀྱི་ཕྱག་རྒྱ་རབ་ཏུ་ཡངས་པའི་བླ་ཆེན། དཔོན་ཆེན། སྡེ་འདིའི་བཀའ་རབ་འབྱམས་པ། དགེ་འདིན་མང་དང་། གཞན་ཡང་ཕྱོགས་ཉེ་རིང་གི་སྦྱིན་བདག་རྣམས་ཀྱིས་དད་པས་ཀུན་ནས་བསླངས་ཏེ་ཞལ་འདེབས་ཕུལ་པ་མཐའ་དག་བྲིར་མི་ལང་ཞིངཆེ་ཁག་ཙམ་ཁྲིགས་ཆགས་སུ་འགོད་པ་ལ། ཐོག་མར་ཡབ་རྗེ་ཨ་ཀྱཱ་ཧོ་ཐོག་ཐུ་རིན་པོ་ཆེར་དགོངས་བསྟུན་ཏེ་ཞལ་ལན་ལེགས་པར་གནང་བ་དང་ཆབས་ཅིག་དངུལ་སྲང་ལྔ་བཅུ་གནང་། གསེར་ཏོག་ནོ་མོན་ཧན་ཧོ་ཐོག་ཐུ་རིན་པོ་ཆེ་ནས་དངུལ་སྲང་སུམ་བརྒྱ་དང་དོ་གནང་། ཨར་ཧོར་ཆེན་ཚ་ཀན་དར་ཧན་ཧོ་ཐོག་ཐུ་རིན་པོ་ཆེ་ནས་དངུལ་སྲང་བརྒྱ་དང་དོན་བདུན་དང་ཞོ་ལྔ་གནང་། མཚན་བསྒྲགས་རིན་པོ་ཆེ་ནས་དངུལ་སྲང་བརྒྱ། སྐུ་གཞོགས་རྒྱ་ཡག་རིན་པོ་ཆེ་ནས་དངུལ་སྲང་བརྒྱ། སྟག་མཚར་ཧོ་ཐོག་ཐུ་རིན་པོ་ཆེ་ནས་དངུལ་སྲང་བརྒྱ། ཅོ་ནེ་མཁན་རིན་པོ་ཆེ་ནས་དངུལ་སྲང་བརྒྱ། གཟིམ་ཁང་སྐྲ་ལོ་ཐས་སྐུ་རིན་པོ་ཆེ་ནས་དངུལ་སྲང་ལྔ་བཅུ། སྐུ་གཞོགས་ཆེ་ཤོས་རིན་པོ་ཆེ་ནས་དངུལ་སྲང་བརྒྱ། གྲོ་ཚང་རིན་པོ་ཆེ་ནས་དངུལ་སྲང་ང་དྲུག་ཞོ་ལྔ། བཀྲ་ཤིས་མཁན་ཟུར་རིན་པོ་ཆེ་ནས་དངུལ་སྲང་ལྔ་བཅུ། དགེ་ཀྱཱ་རིན་པོ་ཆེ་ནས་དངུལ་སྲང་ང་གསུམ་། ཨན་ཇ་སུ་མཁན་ཏིན་པོ་ཆེ་ནས་དངུལ་སྲང་ལྔ་བཅུ། ཝུ་ཤི་དྲག་མཁན་ཟུར་རིན་པོ་ཆེ་ནས་དངུལ་སྲང་བརྒྱ། གནམ་སྔོན་ཧོ་ཐོག་ཐུ་རིན་པོ་ཆེ་ནས་དངུལ་སྲང་ལྔ་བཅུ། ཨ་ལ་ཤ་རྗེ་དྲུང་ཧོ་ཐོག་ཐུ་ནས་དངུལ་སྲང་ལྔ་བཅུ། མཁར་སྔོན་ཧུ་ཐོག་ཐུས་དངུལ་སྲང་ལྔ་བཅུ། ཆེ་ཤོས་ཡོངས་འཛིན་རིན་པོ་ཆེ་དང་ཞལ་དཀར་དཔོན་སློབ་རིན་པོ་ཆེ་ནས་དངུལ་སྲང་བརྒྱ། ཕེས་ཀྱཱ་རིན་པོ་ཆེ་ནས་དངུལ་སྲང་བརྒྱ། པཱ་གྲུ་རིན་པོ་ཆེ་ནས་དངུལ་སྲང་བརྒྱ། དཀར་ཆེན་དཔོན་སློབ་རིན་པོ་ཆེ་ནས་དངུལ་སྲང་ལྔ་བཅུ། ཆུ་དཀར་དཔོན་སློབ་རིན་པོ་ཆེ་ནས་སྲང་ལྔ་བཅུ། སྐུ་རྟེན་སྒེར་ནས་སྲང་ལྔ་བཅུ། མཛོད་དགེ་དཔོན་སློབ་ཚང་ནས་དངུལ་སྲང་ལྔ་བཅུ། ཨུ་ཅུ་མུ་ཆེན་གཡོན་རུའི་སྤྲུལ་སྐུ་བློ་བཟང་ལུང་རིགས་རྒྱ་མཚོས་སྲང་ལྔ་བཅུ། ཨ་ཀ་དཔོན་སློབ་ཚང་ནས་དངུལ་སྲང་ལྔ་བཅུ། ཤིང་བཟའ་ཕྱག་མཛོད་བློ་བཟང་ཉི་མས་སྲང་ལྔ་བཅུ། ཕུན་ཚོགས་གླིང་ཕྱག་མཛོད་བརྩོན་འགྲུས་རྒྱ་མཚོས་སྲང་ལྔ་བཅུ། དཔོན་ཁག་རྣམས་ནས་དཀར་ཐིག་ཡོང་ཐོ་ནི། ཨོར་དུ་ཟུ་ཧང་གིན་ཏཱ་བྷི་ཟི་ཆན་ཆི་མུན་ཨར་པིན་པཱ་ཡར་དངུལ་སྲང་ལྔ་བརྒྱ། པཱ་རིན་བྷ་ཟི་ཤོག་གི་ཐུས་ལག་ཆི་ཚེ་དཔག་སྐྱབས་དང་མེ་རིན་ཚེ་སྐྱབས་གཉིས་དངུལ་སྲང་ལྔ་བརྒྱ། ཨོར་དུ་ཟུ་ཧང་གི་ཤོག་གི་ཐའི་ཅི་ཤོ་ལོན་རྡོ་རྗེ་དངུལ་སྲང་དོན་ལྔ། པཱ་རིན་བྷ་ཟི་ཤོག་གི་ཡང་ཀྲུའུ་ཐེ་ཐེ་དངུལ་སྲང་ང་གཉིས། ཨུ་ཙུ་མུ་ཆེན་ཇུན་བྷི་ལི་དངུལ་སྲང་བརྒྱ། ཨུ་ཙུ་མུ་ཆེན་གཡས་རུ་ཐུས་ལག་ཆི་བདྷ་བཛྲ་དངུལ་སྲང་བཞི་བཅུ། དགེ་འདུན་མང་ནས་ཞལ་འདེབས་ཡོང་ཐོ་ནི། ཀླུ་འབུམ་རབ་འབྱམས་པ་ཡེ་ཤེས་བསྟན་དར་དངུལ་སྲང་བརྒྱ་དང་སྲང་དོ་ཞོ་གསུམ། མི་ཉག་རབ་འབྱམས་པ་ངག་དབང་བསམ་གྲུབ་སྲང་ལྔ་བཅུ། ཕྱོགས་པ་རབ་འབྱམས་པ་ཡེ་ཤེས་དོན་གྲུབ་སྲང་ང་གཅིག མི་ཉག་རབ་འབྱམས་པ་ངག་དབང་ཚུལ་ཁྲིམས་སྲང་ལྔ་བཅུ། ཀླུ་འབུམ་རབ་འབྱམས་པ་ངག་དབང་ཉི་མ་སྲང་ལྔ་བཅུ། ཕྱོགས་པ་རབ་འབྱམས་པ་དགེ་ལེགས་རྒྱ་མཚོས་སྲང་ལྔ་བཅུ། ཨོར་དུ་སུ་རབ་འབྱམས་པ་ལུང་རིགས་རྒྱ་མཚོས་སྲང་དྲུག་ཅུ། ཟི་ན་རབ་འབྱམས་པ་བློ་བཟང་དཔལ་འབྱོར་སྲང་ལྔ་བཅུ་དང་ཞོ་ལྔ། ཤིང་སྐྱོང་རབ་འབྱམས་པ་བཟོད་པ་བཟང་པོ་སྲང་ང་གཅིག ཤིང་སྐྱོང་རབ་འབྱམས་པ་ངག་དབང་དོན་གྲུབ་སྲང་ལྔ་བཅུ། ཟི་ན་རབ་འབྱམས་པ་བཀྲ་ཤིས་བཟང་པོ་སྲང་ལྔ་བཅུ། ཟི་ན་རབ་འབྱམས་པ་བློ་བཟང་ཆོས་འབྱོར་སྲང་ལྔ་བཅུ། ཕྱོགས་པ་རབ་འབྱམས་པ་བློ་བཟང་ཆོས་འཕེལ་སྲང་ལྔ་བཅུ། ཀླུ་འབུམ་རབ་འབྱམས་པ་དགེ་ལེགས་གྲགས་པ་སྲང་བཅུ། ཤིང་སྐྱོང་རབ་འབྱམས་པ་གྲགས་པ་རྒྱ་མཚོ་སྲང་ལྔ་བཅུ། ཀ་ཞུར་རབ་འབྱམས་པ་བློ་བཟང་བསྟན་འཛིན་སྲང་ལྔ་བཅུ། ཆི་ཀྱཱ་རབ་འབྱམས་པ་ངག་དབང་རྣམ་རྒྱལ་སྲང་ལྔ་བཅུ་དང་ཞོ་ལྔ། ཆི་ཀྱཱ་རབ་འབྱམས་པ་སངས་རྒྱས་ཆོས་བསྒྲགས་སྲང་ལྔ་བཅུ་དང་ཞོ་ལྔ། དགོན་པ་བཟོ་མའི་ཕྱག་མཛོད་བསྟན་པ་དར་རྒྱས་སྲང་བརྒྱ་དང་སྲང་གང་ཞོ་ལྔ། མི་ཉག་རབ་འབྱམས་པ་བློ་བཟང་ཡར་འཕེལ་སྲང་ལྔ་བཅུ། ལྷ་མོ་བདེ་ཆེན་དགེ་སློང་ཤེས་རབ་དར་རྒྱས་སྲང་ལྔ་བཅུ། མ་ཀྱཱ་དགེ་སློང་ཡེ་ཤེས་བཟང་པོ་སྲང་ལྔ་བཅུ། ཆེ་ཤོས་དགེ་སློང་དགེ་འདུན་བསམ་གཏན་སྲང་ལྔ་བཅུ། གོང་སྐྱ་དགེ་སློང་བསྟན་པ་དར་རྒྱས་སྲང་ལྔ་བཅུ། དྲེད་ཁོག་དགེ་སློང་ཚུལ་ཁྲིམས་རབ་རྒྱས་སྲང་ལྔ་བཅུ། ཆི་ཀྱཱ་དགེ་སློང་བསམ་གཏན་ཡར་འཕེལ་སྲང་ལྔ་བཅུ། ད་འདུག་དགེ་སློང་བློ་བཟང་ཉི་མ་སྲང་ལྔ་བཅུ། ད་འདུག་དགེ་སློང་བློ་བཟང་དོན་གྲུབ་སྲང་ང་གཅིག ཟི་ན་དགེ་སློང་སྦྱིན་པ་ནོར་བུ་སྲང་ལྔ་བཅུ། ལྕང་ར་དགེ་སློང་འཇམ་དབྱངས་དར་རྒྱས་སྲང་ལྔ་བཅུ། སེ་ཏན་དགེ་སློང་བློ་བཟང་འོད་ཟེར་སྲང་ང་གཉིས་ཞོ་ལྔ། ཟི་ན་དགེ་སློང་རྒྱལ་མཚན་དཔལ་ལྡན་སྲང་ལྔ་བཅུ། བྱ་ཁྱུང་དགེ་སློང་ཤེས་རབ་བསམ་གཏན་སྲང་ལྔ་བཅུ། མ་ཀྱཱ་དགེ་སློང་ཤེས་རབ་འཇམ་དབྱངས་སྲང་ང་གཉིས། ཁྱུང་ཀྱཱ་དགེ་སློང་ངག་དབང་ཤེས་རབ་སྲང་ལྔ་བཅུ། ལ་བུར་དགེ་སློང་བཟོད་པ་སྲང་ལྔ་བཅུ། ད་འདུག་དགེ་སློང་ཡེ་ཤེས་སྲང་ལྔ་བཅུ། རྡོ་ཤུལ་དགེ་ཚུལ་འབྲུག་རྒྱལ་སྲང་ལྔ་བཅུ། ཀམ་བུ་ལག་དགེ་སློང་བློ་བཟང་རིན་ཆེན་སྲང་ལྔ་བཅུ། ཀ་ཀྱཱ་བློ་བཟང་ཤེས་རབ་སྲང་ལྔ་བཅུ། ཚ་ཏིང་དགེ་སློང་གྲགས་པ་སྲང་ལྔ་བཅུ། ཁུར་ལུག་ཏཱ་བྷི་ཟི་མགོན་པོ་ཚེ་བརྟན། རྣམ་འདྲེན་ཆོས་འཁོར། ཐུས་ལག་ཆི་སྐལ་བཟང་དོན་གྲུབ། ཨ་མ་ནོ་ཡོན། བསམ་གཏན་དགེ་ཚུལ། ག་ལེ་ཧོ་ཤོ་ཇང་གི། ཐོགས་མེད་ཇ་སྲང་། རྣམ་སྲས་ཇ་སྲང་། དགེ་སློང་གསུང་དབྱངས། ཇ་སྲང་མེ་རིན། གསེར་གྱི་མུ་ཏིག བླ་མ་དགེ་ལེགས་ཡོན། ཆོས་འཛིན་མེ་རིན། དམ་ཆོས་མེ་རིན། ཧལ་ཐར་གཅོད་ཆི། གོ་མེ་ཇ་ལང་། དརྒོལ་བླ་མ་ཧས། བསམ་གཏན་དགེ་ཚུལ། ཕས་ཐན་ཏཱ་མེ་རིན། ཀོ་ཀོ་ཧོ་ཤོ་ཇང་གེ། ཁཱ་བནྡེ། ཐོགས་མེད་ཇང་གེ། པ་ཇོ་མེ་རིན། ཀུན་འདུ་ཅུང་ཇུན། རྡོ་རྗེ་ཇ་ལང་། བསྟན་པ་རྒྱ་མཚོ། རྡོ་རྗེ་བཀྲ་ཤིས། སྦྱིན་པ་ཛ་སང་། ཟླ་མེད། ལྷ་སྐྱབས། ཇ་སང་ཇང་གེ། ནོར་བུ་ཇ་སང་། ཡང་དགེ་ཚུལ། ཁུ་ཁུ་དགེ་ཚུལ། བསམ་གཏན་ཇ་ལང་། ཇང་གེ་འབྱུང་གནས། དཀོན་མཆོག་དག་པ་ནང་སོ། གནས་བརྟན་བནྡེ་རྣམས་སྲང་ལྔ་བཅུ་རེ། སྐལ་བཟང་གསུང་དབྱངས་སྲང་བརྒྱ། དགེ་སློང་བདེ་འབྱུང་སྲང་བརྒྱ། རུ་གསར་ཝང་ཡིན་ཟིན་སྲང་བརྒྱ། ཝང་ཁྲུ་ནེ་སྲང་བདུན་ཅུ། ཞན་ཀྱཱ་བཀྲ་ཤིས་ཙི་སྲང་བདུན་ཅུ། ར་ཁོ་ཡང་བཧའ་ཡུན་སྲང་ལྔ་བཅུ། དྲིན་ཧེ་པུ་ཚོ་ཏ་ཀོ་སྲང་བརྒྱ། ཀོན་ཝུན་ཅི་སྲང་བཞི་བཅུ། ཆུ་དཀར་ཐང་བཀྲ་ཤིས་ཚེ་རིང་སྲང་ལྔ་བཅུ། འདི་ལྟར་ཞལ་འདེབས་ཆེ་ལོངས་རྣམས་སོ་སོ་ནས་མཚན་ཐོན་པ་ལྟར་ལགས་ལ། མཚན་ཐོན་པ་སྒར་ཁག་རྣམས་ནས་ཁྱོན་དངུལ་སྲང་སྟོང་ཕྲག་གཅིག་དང་། དྲུག་བརྒྱ་དང་སྲང་དགུ་ཐོབ་པ་ཡོང་། དགེ་འདུན་མང་ནས་དངུལ་སྲང་ཉིས་སྟོང་དགུ་བརྒྱ་དང་བརྒྱད་ཅུ་གྱ་བཞི་དང་ཞོ་གསུམ་ཡོང་། ཉེ་སྐོར་རུ་གསར་དང་དྲེད་ཁོག་ཆུ་དཀར་ཐང་སོགས་ནས་དངུལ་སྲང་ལྔ་བརྒྱ་དང་སུམ་ཅུ་རྩ་གཅིག་དང་ཞོ་བརྒྱད་ཕུན་ལྔ་ཐོབ་པ་ཡོང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...