སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དྷརྨ་ཁུགས་ནང་བསྟན་ཆོས་ལུགས་ཀྱི་གནའ་ཤུལ།
རྩོམ་པ་པོ། ལྷ་ཚེ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-16 9:19:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ཀྲུང་གོའི་ནུབ་རྒྱུད་ཀྱི་ཐཱ་ཁི་ལ་མཱ་ཀན་བྱེ་ཐང་ཆེན་མོའི་ལྷོ་འགྲམ་དུ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ལྔའི་ནང་གསེས་ཏེ་ཧུ་ཐེན་ཞེས་པ་ཆགས་ཡོད་ཅིང་། ཚང་མས་ཤེས་གསལ་ལྟར། ཧུ་ཐེན་ནི་གཡང་ཊི་ཐོན་སྐྱེད་བྱེད་ས་ཡིན་ལ། གནའ་བོའི་མིང་དུ་གྲགས་པའི་ནང་བསྟན་ལྟེ་གནས་ཤིག་ཀྱང་ཡིན། གནའ་དུས་སུ་དེར་ནུབ་ཡུལ་སངས་རྒྱས་ཀྱི་ཞིང་ཞེས་གྲགས་ཤིང་མིང་ལ་ལི་ཡུལ་ཟེར། དཔྱད་ཡིག་ལས་བཀོད་པ་ལྟར་ན། ལི་ཡུལ་ནི་ནང་བསྟན་དར་བར་ངེས་པར་བརྒྱུད་དགོས་པའི་གནས་ཤིག་ཡིན།
     ལོ་ངོ་སྟོང་གི་རྗེས་སུ། ནང་བསྟན་རིམ་བཞིན་ཉམས། ད་ནས་ཡར་རྩིས་ན་ལོ་བརྒྱའི་སྔོན་དུ། ཕྱིའི་རྒྱལ་ཁབ་ཀྱི་མྱུལ་དཔྱད་རུ་ཁག་འགས་ཞིན་ཅང་དུ་མྱུལ་དཔྱད་བྱེད་དུས། ཧུ་ཐེན་ས་ཁུལ་དུ་ནང་བསྟན་གྱི་ཤུལ་བཞག་མང་པོ་རྙེད་ཅིང་། རིན་ཐང་བྲལ་བའི་ནང་བསྟན་གྱི་རིག་དངོས་མང་པོ་སྔོག་འདོན་བྱས་ཏེ། ནུབ་ཡུལ་སངས་རྒྱས་ཀྱི་ཞིང་གི་རྣམ་པ་ཕྱི་ལ་ངོམ་། ལོ་ངོ20སྔོན་དུ། འབྲོག་དམངས་ཤིག་གིས་ཧུ་ཐེན་ཚུ་ལུ་རྫོང་དྷརྨ་ལུང་ཡུལ་ཚོའི་ཤར་ལྷོའི་ཕྱོགས་ཀྱི་དྷརྨ་ལུང་ཤར་འགྲམ་དུ་ལྕང་དམར་རྩ་བ་སློག་དུས་བསམ་ཡུལ་ལས་འདས་པར་བཟོ་སྐྲུན་རྒྱུ་ཆའི་ཤུལ་དང་ལྡེབས་རིས་ཧྲབ་ཧྲིབ་རྙེད།
     2002ལོའི་སྟོན་ཀར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་གནའ་རྫས་རྟོག་དཔྱད་ཞིབ་འཇུག་གླིང་གི་ཞིན་ཅང་རུ་ཁག་གིས་གནའ་ཤུལ་འདིར་གནའ་རྫས་སྔོག་འདོན་བྱས། གནའ་ཤུལ་འདི་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་སྤྱི་ལེ5ཡི་མཚམས་སུ་ཡོད་ལ། ས་གནས་དེ་གས་གནས་དེར་ཐོ་ཕུ་ལུ་ཁེ་ཏུན་ཟེར། གཏིང་ཚད་ལ་སྨི3ཡོད་པའི་བྱེ་མའི་འོག་ཏུ། རིང་ཚད་ལ་སྨི2དང་ཞེང་ཚད་ལ་སྨི1.7ཡོད་པའི་ཤིང་རུས་འདམ་གྱང་གི་འཛུགས་སྐྲུན་གནའ་ཤུལ་རྙེད་ཅིང་། སྒོ་ལྷོ་ལྟ་ཡིན་པ་དང་། སྒོ་ལ་ཁ་གཏད་ཀྱི་བྱང་གི་གྱང་གཏིང་དུ་ཆོས་སྐུ་ཞིག་བཞེངས་ཡོད་པ་དང་། ཕྱོགས་བཞིའི་ཞིག་རལ་གྱང་ལྡེབས་སུ་ད་དུང་ནང་བསྟན་ལྡེབས་རིས་མང་པོ་འདུག་ལ། འདི་ནི་ནང་བསྟན་གྱི་དགོན་སྡེ་ཆུང་ཆུང་ཞིག་རེད།
     དེ་མིན། གནའ་རྫས་རྟོག་ཞིབ་རུ་ཁག་གིས་དགོན་སྡེ་ཆུང་ཆུང་འདིའི་ནུབ་ཏུ་ཧ་ལམ་སྨི70ཡི་སར། ད་དུང་དགོན་སྡེ་ཞིག་དང་གྲྭ་ཤག་རྙེད་པ་དང་། འདི་ནི་ཅུང་ཆེ་བའི་དགོན་པ་ཞིག་ཡིན་ལ། ཤར་དུ་ཧ་ལམ་སྤྱི་ལེ10ཡི་སར་ད་དུང་དགོན་སྡེ་གཉིས་བྱུང་བ་མ་ཟད་ལྡེབས་རིས་ཀྱང་མང་དུ་བྱུང་།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...