汉文主页

 

 

     

༄༅།། ཀོས་ནན་བོད་ཀྱི་བརྩེགས་དྲུབ་སྒྱུ་རྩལ་ཁང་ཟི་ལིང་ནས་དངོས་སུ་བཙུགས་པ།

------------------------------------------------------------------------------------------------------------------------------------------------
རྩོམ་པ་པོ་རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། རྩོམ་སྒྲིག་པ་ལྡོང་བླ། ཡོང་ཁུངས་མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།2009-6-24 9:32:17

 


 

    
    ཉེ་ལམ།མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་ཟི་ལིང་ནསཀོས་ནན་བརྩེགས་དྲུབ་སྟེ་མཚོ་སྔོན་མཚོ་ལྷོ་གནས་སྐོར་ཚོང་ཟོག་མཚམས་སྦྱོར་ཚོགས་འདུདངདུང་དཀར་བོད་ཀྱི་བརྩེགས་དྲུབ་ཚན་རྩལ་ཚད་ཡོད་ཀུང་ཟི་བོད་ཀྱི་རིག་གནས་སྒྱུ་རྩལ་ཁངགི་སྒོ་འབྱེད་པའི་མཛད་སྒོ་བསྡུས།
    བོད་ཀྱི་བརྩེགས་དྲུབ་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་བརྩེགས་དྲུབ་ཁྲོད་ཤུགས་རྐྱེན་ཅུང་ཆེ་བའི་སྒྱུ་རྩལ་གྱི་རིགས་ཤིག་ཡིན།ཉེ་བའི་ལོ་འགའི་རིང་།ཀོས་ནན་བོད་ཀྱི་བརྩེགས་དྲུབཀྱིས་བཟོ་རྩལ་ཞིབ་ཚགས་ལྡན་པ་དང་གསོན་ཉམས་ལྡན་པ།བརྗོད་དོན་འབུར་ཐོན་ཡིན་པ།རྣམ་པ་དམིགས་བསལ་ཡིན་པ་སོགས་ཀྱི་ཁྱད་ཆོས་ཀྱིས་རང་ཉིད་ཀྱི་ཚོང་རྟགས་གསར་འཛུགས་བྱས་ཏེ།བཟོ་རྩལ་མཛེས་རྩལ་ཆེད་ལས་པ་དང་མཁས་པའི་གཟེངས་བསྟོད་དང་གདེངས་འཇོག་ཆེན་པོ་ཐོབ་པ་མ་ཟད།ཞིང་ཆེན་རིམ་པའི་དངོས་པོ་མིན་པའི་ཤུལ་བཞག་རིག་གནས་མིང་མཛོད་དུ་བདམས།མིག་སྔར།རྫོང་ཡོངས་ཀྱི་ཤང་གྲོང༦གི་ཁྲོད་ཤང་གྲོང༤ཡི་སྡེ་བ་དང་ཚོ་བས་བོད་ཀྱི་བརྩེགས་དྲུབ་ལས་རིགས་གཉེར་བཞིན་ཡོད་ལ།ཕུན་སུམ་ཚོགས་པའི་བོད་ཀྱི་བརྩེགས་དྲུབ་སྒྱུ་རྩལ་པའི་ཐོན་ཁུངས་དང་ཧ་ཅང་གཏིང་ཟབ་པའི་བོད་ཀྱི་བརྩེགས་དྲུབ་རིག་གནས་ཡོད་པས་བོད་ཀྱི་བརྩེགས་དྲུབ་ཀྱི་ཕ་ཡུལ་ཞེས་འབོད་བཞིན་ཡོད། །

 

 
 


དྲ་ཚིགས་འདིའི་པར་དབང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་ལ་དབང་བས་ཕན་ཚུན་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།



Copyright @ 2001 amdotibet.com Inc. All rights reserved


དྲ་ཚིགས་དཔང་རྟགས།
: མཚོ ICP དཔང 07500060

ཡིག་ཟམ།amdotibet@126.com