汉文主页

 

 

     

༄༅།། ༢༠༠༩ལོའི་མཚོ་སྔོན་ཉ་གཟིགས་ཚེ་ཐར་གཏོང་བའི་བྱ་འགུལ་སྤེལ་རྒྱུ་རེད།

------------------------------------------------------------------------------------------------------------------------------------------------
རྩོམ་པ་པོ་ལྡོང་བླ། རྩོམ་སྒྲིག་པ་ལྡོང་བླ། ཡོང་ཁུངས་མཚོ་སྔོན་པོ་དྲ་བ། དུས་ཚོད།2009-6-24 10:34:52

 


 

        དེ་རིང་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ཟླ་འདིའི་ཚེས་༢༧ཉིན་རྐང་ཚ་རྫོང་གིས་འོམ་ཆུའི་འགྲམ་རྒྱུད་ནས་སྐབས་གསུམ་པའི་ཉ་གཟིགས་ཚེ་ཐར་གཏོང་བའི་བྱ་འགུལ་སྤེལ་རྒྱུ་རེད།
    བོད་ཀྱིས་སེམས་ཅན་ཚེ་ཐར་གཏོང་བའི་ཁུངས་ནི་མདོ་ལ་གཏུགས་ཡོད་དེ། དེ་ཡངགསེར་འོད་དམ་པ་མདོ་སྡེ་དབང་བོའི་རྒྱལ་པོལས། རྒྱུ་དང་རྐྱེན་གཉིས་ཀྱིས་ཚེ་རིང་བར་འགྱུར་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་སྤངས་པ་དང་། ཁ་ཟས་རབ་ཏུ་སྦྱིན་པའོཞེས་དང་། སྲོག་གཅོད་གོང་ན་སྡིག་གཞན་མེདཅེས་པ་ལྟ་བུའི་དགོངས་བཅུད་ལས་བྱུང་བ་རེད། ཚེ་ཐར་གཏོང་བའི་དགོས་པ་ནི་གོང་གི་མདོ་ཁུངས་དེ་ལས་མ་འདས་མོད། ཆོ་གའི་དབང་གིས་དགོས་པ་གཞན་དག་ཀྱང་མང་པོ་བྱུང་ཡོད་ཅིང་། ཚེ་ཐར་གྱི་ཆོ་ག་འདི་བོད་དུ་འབྱུང་རྐྱེན་ནིཡུ་མོ་བྱིན་འབྲེགསོགས་ལ་འབྲེལ་ཡོད། ཕྱིས་སུ་མགོན་ར་དང་ལྷ་གཡག་ཅེས་ཡུལ་ལྷ་གཞི་བདག་གི་ཆེད་ཚེ་ཐར་གཏོང་བ་དང་། རི་རྒྱ་ཀླུང་རྒྱ་ནི་ད་ལྟ་སྣོད་བཅུད་དོ་སྙོམསཀྱི་གཞུང་ལུགས་སུ་འདྲེན་གྱིན་ཡོད་པས། བོད་ཀྱིས་ཚེ་ཐར་གཏོང་བའི་ཆོ་ག་འདི་འཇིག་རྟེན་དུ་ཡུན་རིང་གནས་པའི་རྟེན་འབྲེལ་ཡང་ཚང་ངོ་།

 

 
 


དྲ་ཚིགས་འདིའི་པར་དབང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་ལ་དབང་བས་ཕན་ཚུན་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།



Copyright @ 2001 amdotibet.com Inc. All rights reserved


དྲ་ཚིགས་དཔང་རྟགས།
: མཚོ ICP དཔང 07500060

ཡིག་ཟམ།amdotibet@126.com