༄༅༎ལྷོ་ཁ་ས་ཁུལ་གྱི་སྒྲོལ་མ་ལའི་བཤད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-05-11 09:58:23 ཀློག་གྲངས།:
ལ་དེ་སྒྲོལ་མ་ལ་ཡི་ལ་རྩེ་ན།
དར་ལ་དཀར་པོ་བཟང་སེ་བཟང་།
དེ་ཚོ་དར་དཀར་མ་རེད་ཐང་དཀར་རེད།
ཐང་དཀར་བྲག་སྟོད་ཕྱོགས་ལ་བཟང་སེ་བཟང་།

ལ་དེ་སྒྲོལ་མ་ལ་ཡི་ལ་དཀྱིལ་ན།
དར་ལ་སྔོན་པོ་བཟང་སེ་བཟང་།
དེ་ཚོ་དར་སྔོན་མ་རེད་ཁུ་བྱུག་རེད།
ཁུ་བྱུག་མོན་གྱི་ཕྱོགས་ལ་བཟང་སེ་བཟང་།

ལ་དེ་སྒྲོལ་མ་ལ་ཡི་ལ་གཤམ་ན།
དར་ལ་སེར་པོ་བཟང་སེ་བཟང་།
དེ་ཚོ་དར་སེར་མ་རེད་ངང་སེར་རེད།
ངང་སེར་མཚོ་སྟོད་ཕྱོགས་ལ་བཟང་སེ་བཟང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།