༄༅། །བསོད་ནམས་ཆོས་དར།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-03-25 14:45:00 ཀློག་གྲངས།:
བསོད་ནམས་ཆོས་དར། མིང་གཞན་བརྩོན་འགྲུས་རྒྱལ།  སྤྱི་ལོ1959ལོའི་བོད་ཟླ10ཚེས20ཉིན་འཕན་པོ་སྐྱིད་ལུང་དུ་སྐྱེས།  སྤྱི་ལོ1987ལོ་ནས་རྩོམ་ཡིག་འབྲི་འགོ་ཚུགས་ཤིང་ད་བར་ཚགས་པར་དང་དུས་དེབ་རིགས་མི་འདྲ་བའི་ཐོག་སློབ་གསོ་སློབ་ཁྲིད་སྐོར་གྱི་དཔྱད་རྩོམ་གཙོ་བོར་གྱུར་བའི་རྩོམ་ཡིག་སྣ་ཚོགས་དགུ་ཅུ་ལྷག་ཙམ་སྤེལ་ཡོད་ལ། སྔ་རྗེས་སུ《སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྩོམ་ཡིག་སྦྱོང་བའི་མྱུར་ལམ》ཞེས་པ་དང་། 《ལྷ་ས་ཁུལ་གྱི་གཉེན་སྒྲིག་ལམ་སྲོལ་འཇིག་རྟེན་དགའ་བའི་གཏམ》ཞེས་པ།《གཞོན་ནུ་ལོ་ཆུང་གི་ཀུན་སྤྱོད་སློབ་གསོའི་བལྟ་དེབ》ཅེས་པ།《འཕན་ཡུལ་གྱི་གནས་བཤད་ངོ་མཚར་རིག་གནས་ཀྱི་བང་མཛོད》ཅེས་པ་སོགས་དེབ་བཞི་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་ཞུས། རྩོམ་ཡིག་དེ་དག་ལས་དམིགས་བསལ་གྱི་བྱ་དགའ་འགའ་ཞིག་ཐོབ་པ་ནི།  སྤྱི་ལོ1994ལོར་ལྗོངས་ཡོངས་ཀྱི་རྩོམ་ཡིག་འགྲན་བསྡུར་ནང་བྱ་དགའ་རིམ་པ་གསུམ་པ་དང་། 1997ལོར་ལྷ་ས་སྐྱིད་ཆུའི་དར་མའི་རྩོམ་ཡིག་འགྲན་བསྡུར་ནང་བྱ་དགའ་རིམ་པ་དང་པོ། སྤྱི་ལོ1998དང2004ལོ་སོ་སོར་གྲོང་ཁྱེར་ལྷ་སའི་སློབ་ཁྲིད་དཔྱད་རྩོམ་གྱི་འགྲན་བསྡུར་ནང་བྱ་དགའ་རིམ་པ་གཉིས་པ་དང་གསུམ་པ། སྤྱི་ལོ2011ལོར་ལྗོངས་ཞིང་ལྔའི་མཐུ་སྟོབས་རྡོ་རྗེའི་རྟགས་མའི་སློབ་གསོའི་དཔྱད་རྩོམ་གྱི་བྱ་དགའ་རིམ་པ་དང་པོ་ཐོབ། ལོ་དེ་དག་ནང་སློབ་གསོ་སློབ་ཁྲིད་ཀྱི་བྱ་རིམ་ཁྲོད་དམིགས་བསལ་གྱི་བྱ་དགའ་འགའ་ཞིག་ཐོབ་པ་ནི་སྤྱི་ལོ1985ལོར་བོད་ལྗོངས་ཞིང་སྦོལ་ཐིང་གི་ཕུལ་བྱུང་དགེ་རྒན་དང་། སྤྱི་ལོ1995ལོར་ལྗོངས་ཡོངས་ཀྱི་ཕུལ་བྱུང་དགེ་རྒན།  སྤྱི་ལོ1996ལོར་གྲོང་ཁྱེར་ལྷ་སའི་ཕུལ་བྱུང་དགེ་རྒན། སྤྱི་ལོ2001ལོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་དང་ལྗོངས་ཡོངས་ཀྱི་ཕུལ་བྱུང་དགེ་རྒན། སྤྱི་ལོ2004ལོར་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལྟའི་མི་སྣ། སྤྱི་ལོ2006ལོར་བོད་ལྗོངས་ཀྱི་དམིགས་བསལ་རིམ་པའི་དགེ་རྒན་ལ་བདམས་ཐོན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཀྱང་ལོངས་སྤྱོད་ཐོབ་པ་བཅས་སོ། ། སྤྱི་ལོ1975ལོ་ནས་སློབ་ཁྲིད་དགེ་རྒན་བྱས་ཤིང2009ལོར་དགེ་རྒན་ནས་ལས་བསྐྱུར་ངལ་གསོ་ཞུས།
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།