• ཨ་རིག་དགོན་ཆེན་དགའ་ལྡན་ཆོས་འཕེལ་གླིང་ནི་མདོ་ལ་རྫོང་མཁར་ནས་ཤར་ཕྱོགས་སུ་སྤྱི་ལེ35ཙམ་ཡོད་པའི་ཨ་རིག་ཡུལ་ཚོ་མི་དམངས་སྲིད་གཞུང་གི་ཉེ་འདབས་སུ་ཡོད།དགོན་པར་གྲྭ་ཤག་བཞི་བཅུ་ལྷག་དང་བླ་གྲྭ་སུམ་ཅུ་ལྷག་ཡོད་ལ།ཆོས་ཐོག་གི་སྐོར་ལ་སྔར་སྲོལ་ལྟར་རྒྱ་ལོ་སྨོན་ལམ།བཞི་བའི་སྨྱུང་ཆེན།དྲུག་པའི་མཆོད་པ།དབྱར་གནས་ཆེན་མོ།དགུ་བའི་མ་ཎི།བཅུ་བའི་ལྔ་མཆོད་སོགས་ཡོད་ཅིང་།ཆོས་ཐོག་མེད་པའི་སྐབས་སུའང་རྒྱུན་ཇ་འཚོགས་ནས་མ་ཎི་དང་བསང་གསེར་སྐྱེམས་བཅས་ཡོད།...

    2020-07-24 10:03:24 ངེད་དྲ་བ། 91
  • ཇིར་དགེ་དགོན་བཀྲ་ཤིས་ཆོས་འཕེལ་གླིང་ཟེར་བའི་ཇིར་དགེ་དགོན་བཀྲ་ཤིས་ཆོས་འཕེལ་གླིང་ཟེར་བའི་དགོན་པ་དེ་ནི་ཇིར་དགེ་ཇ་སག་ལྷ་མགོན་ཚེ་རྒྱལ་ཟེར་བས་སྤྱི་ལོ1865ལོར་རང་གིས་འགྲོ་སོང་བཏང་ཐོག་རང་འོག་ཡུལ་མི་སྐུལ་སློང་བྱས་ཏེ།དང་ཐོག་སོག་པོ་ར(རྨ་ཆུར་ནུབ་ཟིན)སྡེ་བར་དགོན་གཞི་བཟུང་ཞིང་།ཕྱིས་སུ་ཁམས་སྟག་ཤམ་བློ་བཟང་ཐབས་མཁས་རྒྱ་མཚོ་ཞུ་བས་ཧོ་ལོ་སི་སྡེ་བར་སྤར་བ་དང་།ཚལ་རྔ་འགག་ཆུ་མཛོད་བསྐྱིལ་རྗེས་ཧོ་ལི་སི་སྡེ་བའི་དད་ལྡན་མང་ཚོགས་ཀྱིས་ད་ལྟའི་བེར་སྐྱིད་ལུང་བ་རུ་སྤར་ནས་བསྐྱར་དུ་བཞེངས་པ་ཞིག་ཡིན།...

    2020-06-12 11:17:58 མི་གསལ། 277
  • གར་རི་དགོན་པ་་ནི་ལྷ་ས་གྲོང་ཁྱེར་ཉང་བྲན་ཕུར་གནས་ཡོད་ཅིང་།ཡུལ་དེར་ས་དཔྱད་ཕུན་སུམ་ཚོགས་པོ་ཡོད་པ་སྟེ།དད་ལྡན་རྣམས་ཀྱིས་བཞེད་སྲོལ་དུ་རྒྱབ་རི་སྒྲོལ་མ་རང་བྱོན།ཤར་རི་འཇམ་དབྱངས་ཀྱི་བླ་རི།འོག་གི་རི་བོ་གནས་རྟེན་བྲག་རི།ནུབ་རི་བདེ་མཆོག་ཕོ་བྲང་བྲག་ལ་སྒོ་ཡོད་པ།རི་ཆུ་རྩི་ཤིང་མེ་ཏོག་སོགས་ཀྱིས་མཛེས་ཤིང་ཉམས་དགའ་བ།མེ་ཏོག་པད་མ་བཞད་པ་ལྟ་བུའི་དབུས་སུ་དགོན་པ་ཕྲ་ཆེམ་མེར་གནས་ཡོད།...

    2020-06-08 09:53:18 མི་གསལ། 63
  • རྒྱུད་སྨད་ཀྱི་ཤར་དུ་རྨེ་རུ་དགོན་པ་དེ་གནས་ཡོད།མ་དགོན་ནི་ལྷ་ས་གཙུག་ལག་ཁང་གི་ཤར་སྒོ་སེ་ར་ལྟག་སྒོའི་འགྲམ་དུ་ཡོད་པའི་རྨེ་རུ་རྙིང་པ་ཞེས་པ་དེ་ཡིན།...

    2020-05-28 09:31:07 མི་གསལ། 56
  • ༄༅།།བཞི་སྡེ་དགའ་ལྡན་བསམ་གཏན་གླིང་།

    བཞི་སྡེ་དགའ་ལྡན་བསམ་གཏན་གླིང་ཞེས་པ་དེའི་གནས་ཡུལ་ནི་ཚེ་སྨོན་གླིང་གི་ནུབ་ངོས་སུ་ཡོད།ཚལ་པ་ཁྲི་དཔོན་དགའ་སྡེ་བཟང་པོས་ར་མོ་ཆེ་གཙུག་ལག་ཁང་དུ་མཆོད་འབུལ་ཞུ་ཆེད་བཞི་གྲྭ་བཙུགས་པས་མིང་བཞི་སྡེ་ཞེས་འབོད་པར་གྲགས།...

    2020-05-08 10:20:50 མི་གསལ། 92
  • སྐྱོར་མོ་ལུང་དགོན་དེ་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་བརྡལ་གྱི་ཁོངས་སུ་ཡོད།ཐོག་མར་བཀའ་གདམས་ཆོས་རྒྱུན་གྱི་མཆོད་རྟེན་སྟར་འཕྲེང་གི་རཱ་བས་སྐྱོར་མ་ལྟ་བུ་ཡོད་པས་སྐྱོར་མོ་ལུང་ཞེས་འབོད།དེ་སྔ་བོད་དུ་བསྟན་པ་ཕྱི་དར་གྱི་དུས་མངའ་རིས་གུ་གེའི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་དང་།ལྷ་བླ་མ་བྱང་ཆུབ་འོད་སོགས་ཀྱིས་རང་སྲོག་བློས་བཏང་གིས་དཀའ་བ་དུ་མ་སྤྱད་ནས།རྒྱ་གར་ཤར་ཕྱོགས་བྷང་གྷ་ལ་ནས་པཎྜིཏ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་དྲངས་ནས་བཀའ་གདམས་ཀྱི་ཆོས་ལུགས་དར་འགོ་ཚུགས།དེ་ནས་ཡུན་རིང་མ་སོང་བར་སྦལ་ཏི་དགྲ་བཅོམ་པ་བརྩོན་འགྲུས་དབང་ཕྱུག་མཆོག་གིས་བོད་རབ་བྱུང་བཅུ་གསུམ་པའི་ས་གླང་ལོ་སྤྱི་ལོ༡༡༦༩ལོར་སྐྱོར་མོ་ལུང་དགོན་ཕྱག་བཏབ།...

    2020-04-21 10:04:50 མི་གསལ། 69
  • ཚེ་སྨོན་གླིང་དགོན་པ་དེ་ལྷ་ས་གཙུག་ལག་ཁང་གི་བྱང་ངོས་སུ་གནས་ཡོད་ཅིང་།དེ་ཡང་ལྷ་སའི་གླིང་ཁག་བཞིའི་ཡ་རྒྱལ་ཡིན་པ་དང་།ཐོག་མར་ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐུ་གཤེགས་རྗེས་བོད་ཀྱི་སྲིད་སྐྱོང་གནང་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པར་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ཕྱག་རོགས་ཞུས་མྱོང་ཡོད་པ་མ་ཟད།མན་ཆིང་གོང་མ་ཆན་ལུང་གི་བཀའ་ཕབ་པ་ལྟར་པེ་ཅིང་དུ་ཕེབས་པས་རྒྱ་བོད་མི་རིགས་གཉིས་ཀྱི་མཛའ་མཐུན་ལ་ཕན་འབྲས་དང་མཛད་རྗེས་བླ་ན་མེད་པ་འཇོག་གནང་མཛད།...

    2020-04-14 09:19:14 མི་གསལ། 72
  • དེ་ཡང་བསྟན་རྒྱས་གླིང་ནི་ལྷ་ས་གཙུག་ལག་ཁང་གི་ཉེ་འགྲམ་ནུབ་བྱང་དུ་གནས་ཡོད་ཅིང་དེ་ཡང་ལྷ་སར་ཡོད་པའི་གླིང་བཞིའི་ནང་དེ་སྔ་གཞི་རྒྱ་ཆེ་ཤོས་ཡིན་པ་དང་།བོད་རབ་བྱུང་བཅུ་གསུམ་པའི་མེ་གླང་སྤྱི་ལོ་༡༧༥༧ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་སྐུ་གཤེགས་རྗེས་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས་དེ་མོ་འཇམ་དཔལ་དགེ་ལེགས་རྒྱ་མཚོར་ཧོ་ཐོག་ཐུ་ནོ་མིན་ཧན་གྱི་གོ་མིང་གནང་ཏེ་ཧོ་ཐོག་ཐུ་ཞེས་པ་སོག་སྐད་ཡིན།...

    2020-03-27 11:22:41 མི་གསལ། 83
  • རྗེ་ཀུན་དགའ་དོན་གྲུབ་ཀྱིས་རབ་བྱུང་བརྒྱད་པའི་ཤིང་རྟ་སྤྱི་ལོ་༡༤༧༤ལོར་རྒྱུད་ཀྱི་བཤད་སྒྲ་བཙུགས་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ཟེར།...

    2020-03-24 10:30:02 མི་གསལ། 106

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།