༄༅།།སི་ཁྲོན་འཛམ་ཐང་གི་བོད་སྤོས་ཁྲིད་སྦྱོང་ཁང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་དྲ་བ། དུས་ཚོད།:2020-01-15 10:47:26 ཀློག་གྲངས།:
བོད་སྤོས་བཟོ་བའི་རྫས།​​​​​​​
བོད་སྤོས​​​​​​​་བཟོ་བའི་རྫས།
སྤྱི་ཟླ1པོའི་ཚེས11ཉིན། གསར་འགོད་པ་སི་ཁྲོན་རྔ་བ་ཁུལ་འཛམ་ཐང་རྫོང་དུ་ལག་ཤེས་བཟོ་ལས་ཀྱི་ཐོན་སྐྱེད་གོ་རིམ་སྔོན་མ་ལྟར་ཡོད་པའི་བོད་སྤོས་ཁྲིད་སྦྱོང་ཁང་དུ་བསྐྱོད་དེ་སྲོལ་རྒྱུན་གྱི་བོད་སྤོས་བཟོ་རྩལ་ལ་བཅར་འདྲི་བྱས། བོད་སྤོས་ཀྱི་རྒྱུ་ཆ་ནི་གུར་གུམ་དང་། སུག་སྨེལ། ལི་ཤི། གླ་རྩི། ཙན་དན། ག་བུར། ལྕ་བ། གངས་ལྷ་མེ་ཏོག་སོགས་གྲགས་ཆེ་བའི་བོད་སྨན་སྣ་ཁ་བཅུ་ཕྲག་དང་དྲི་ཞིམ་རྩྭ་ཡིན་ཞིང་།  སྲོལ་རྒྱུན་བཟོ་རྩལ་ལ་འཐུ་བ་དང་། བདམས་གསེས། འཐག་པ། སྙོམས་པ། ཁུང་འབིགས་གླང་རྭ་ནས་བཙིར་བ། ཉི་སྐེམ་དང་། ཐུམ་རྒྱག་པ་སོགས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལས་རིམ་བཅུ་ཕྲག་ལས་གྲུབ་ཡོད་པ་དང་། སྤུས་ལེགས་བོད་སྤོས་ནི་ལོ་ངོ་སྟོང་རིང་གི་ཆད་མེད་རྒྱུན་འཛིན་དང་སྲོལ་རྒྱུན་གྱི་ལས་རིམ་རེ་རེས་གྲུབ་པ་ཞིག་ཡིན།
བོད་སྤོས་བཟོ་སྟངས།
སི་ཁྲོན་འཛམ་ཐང་གི་བོད་སྤོས་ཁྲིད་སྦྱོང་ཁང་གི་བོད་སྤོས​​​​​​​་བཟོ་སྟངས།
བོད་སྤོས།
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།