སྐད་ཡིག ངའི་སྙིང་གི་ནོར་བུ།

རྩོམ་པ་པོ།:ཡི་དམ་སྐྱབས། 2011-05-08
མཚོ་སྔོན་པོ་དྲ་བ།

སློབ་གྲྭ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།
སློབ་རིམ། དམའ་འབྲིང་།
རུས་མིང་།  ཡི་དམ་སྐྱབས།
འཛིན་གྲྭ།   དམའ་འབྲིང་གསུམ་པའི་འཛིན་གྲྭ་གསུམ་པ།

 སྐད་ཡིག   ངའི་སྙིང་གི་ནོར་བུ།

                  
                       ཡི་དམ་སྐྱབས། 

(༡)

 སྐད་ཡིག གནམ་འདེགས་གངས་རིའི་གཙུག་རྒྱན་ན་འཚེར་བའི་ངོ་མཚར་གསེར་གྱི་ཉི་ཟླ་ཟུང༌།
 སྐད་ཡིག བྲེ་སེར་འབྲོང་གི་རྭ་རྩེ་ལས་མཆེད་པའི་མི་འཇིགས་འོད་ཀྱི་གོང་བུ་ཞིག
 སྐད་ཡིག ཆོལ་གསུམ་བོད་མིའི་སྙིང་དབུས་ན་རྒྱུ་བའི་རིགས་ཞེན་ལ་རྒྱའི་ཟུངས་ཁྲག་ཡིན།
 རེད་ཡ།  སྐད་ཡིག་ནི་ང་ཚོའི་བྲང་ཁོག་ན་ལྡིང་བཞིན་པའི་སྙིང་གསོན་པོ་དང་ང་ཚོའི་མགྲིན་ངག་ན་འབྱིན་བཞིན་པའི་ལ་རྒྱའི་གདུང་དབྱངས་ཡིན་ལ། ང་ཚོའི་ལུས་ཀྱི་རྩ་ལམ་རེ་རེ་ཉུལ་བཞིན་ཁྲག་གི་འཁོར་བསྐྱོད་དུ་རྒྱུ་ལ་སེམས་ཀྱི་ཟབ་ས་རུ་འཛུལ་བཞིན་ཡོད་པས། ང་ཚོས་དམར་པོ་ཁྲག་གི་ཤ་གསེང་དང་དཀར་པོ་དུང་གི་རུས་གསེང་ན་ཡབ་མེས་ཚོའི་ཤ་དྲོད་ཡལ་མེད་པ་ཚོར་བྱུང༌།    དེར་བརྟེན་ང་ཚོའི་སླར་ཡང་བསམ་གཞིགས་ཀྱི་སྒྲོན་མེ་སྦར་སྟེ་གངས་ཅན་ཨ་མའི་སྦྲ་ནག་གི་ཐུ་་་་་འོག་ནས་མར་དྲི་དང་རྩམ་དྲི་ཐུལ་བའི་བླ་སྲོག་གི་རིན་ཐང་དུས་རབས་ཀྱི་མཁའ་དབྱིངས་ནས་་འོད་དུ་བསྒྲོན་དགོས།

(༢)

  ཆོས་རྒྱལ་སྲོང་བཙན་གྱི་ཐུགས་དགོངས་ཀྱི་མཁའ་དབྱིངས་ནས་འཆར་རྟོགས་ཀྱི་ཐིགས་པ་རེ་རེ་དང་ཐོན་མི་ཨ་ནུ་ཡི་བློ་གྲོས་ཀྱི་འཁྱུག་རྩལ་དང་བརྩོན་འགྲུས་ཀྱི་ཟེགས་མ་རེ་རེ་ལས་ཆེས་ཐོག་མའི་ཚེ་སྲོག་གི་ཁྱེའུ་མི་ཡུལ་གྱི་ཡང་རྩེར་འཁྲུངས་པ་ནས་བཟུང༌། བཙན་པོའི་རིམ་བྱོན་གྱི་གཏམ་རྒྱུད་ཀྱི་ཁ་བ་ལྷོད་ཀྱིས་བབས་པ་དང་བོན་སྒྲུང་ལྡེའུ་གསུམ་གྱི་བསིལ་རླུང་ཐོལ་གྱིས་གཡུགས་ཤིང༌། སུས་ཀྱང་རྟོགས་མི་སྲིད་པའི་གཉན་པོ་གསང་བའི་མདུད་རྒྱ་རབ་ཏུ་གྲོལ་ནས།  བཙན་པོའི་ཟིལ་ཤུགས་ཀྱི་མེ་ལྕེ་ས་ཆེན་གྱི་རྔམ་ཁ་ནས་དྲག་ཏུ་འཕྱུར།  མཐོ་སྒང་བའི་མཚན་སྙན་གྱི་རླུང་རྟ་འཛམ་གླིང་གི་མཁའ་དབྱིངས་སུ་སྤུར། ཁྱོད་རང་འཛམ་གླིང་གི་ཡང་རྩེར་གཞིས་སྡོད་ཀྱི་ཁྱིམ་གཞི་ཆགས་པའི་མི་རིགས་འདིའི་ཚེ་སྲོག་གི་གཟུང་ཐག་ཏུ་གྱུར། སྐད་ཡིག་གི་ཉི་གཞོན་གསར་བ་ས་ཆེན་གྱི་ཡང་རྩེར་འཆར་ནས་ཉི་ཟླའི་འོད་སྣང་ལ་བརྒྱུས་ཏེ་དུས་རབས་འདིའི་སྒྲོན་མེ་བཞིན་འོད་སྟོང་གི་གཟི་བྱིན་འཕྲོ།

(༣)

 སྐད་ཡིག མཐོ་སྒང་གི་ཡང་རྩེ་ན་འོད་ཀྱིས་བསྒྲོན་པའི་རྟག་བརྟན་གྱི་མར་མེ་ཚེ་འབར།
 སྐད་ཡིག ཡབ་ཆེན་གྱི་ངག་སྒོ་ལས་འཁྲུངས་བའི་གདོད་མ་ཡི་ངག་རྟ་སྙན་མོ།
 སྐད་ཡིག ཡུམ་ཆེན་གྱི་ལག་ཟུངས་ལས་བྱུང་བའི་གསེར་མདོག་གི་མར་ལོ་སེར་པོ།
 སྐད་ཡིག་ཡོད་པ་ནས་བཟུང༌། བཅུ་ཕྲག་རིག་གནས་ཀྱི་འདབ་བརྒྱ་ལྷུག་པོར་གྲོལ་ཅིང༌། སྲོལ་རྒྱུན་རིག་གནས་ཀྱི་བང་མཛོད་
   ཤེས་བྱའི་བརྟས་སོང༌།
 སྐད་ཡིག་ཡོད་པ་ནས་བཟུང༌། སུམ་གཉིས་དབང་དུ་བསྡུས་པའི་ལོ་རྒྱུས་ཀྱི་མཛེས་རིས་ལ་བཀྲག་མདངས་འཚེར་ཤིང༌།  
   བཙན་པོ་ཧྲག་དམག་གི་ཞབས་རྗེས་ས་ཆེན་གྱི་ཡང་རྩེར་དཔར།
 སྐད་ཡིག་ཡོད་པ་ནས་བཟུང༌། གངས་རིའི་ཆོས་སྲིད་རིག་གནས་ཀྱི་ཉི་ཟླའི་འོད་སྣང་ས་ཆེན་གྱི་དབུ་རྩེ་རུ་འཆར་ཞིང༌། ངོ་
   མཚར་ཞིང་ཡིད་དུ་འོང་བའི་ལྷ་སྒྲུང་ལྟ་བུའི་ལོ་རྒྱུས་ཀྱི་རླབས་ཕྲེང་དྲག་ཏུ་འཕྱོ།
 ཨ། སྐད་ཡིག་ཡ། ཡོད་ཚད་ཁྱོད་ལ་བརྒྱུས་བའི་ལོ་རྒྱུས་ཀྱི་ཟུངས་ཁྲག་གམ་མཚར་སྡུག་གི་རྨི་ལམ་ཨེ་ཡིན།

(༤)

  དུས་རབས་གསར་བའི་ཚན་རྩལ་གྱི་ཚ་རླབས་ས་ཆེན་གྱི་པང་ཁར་འཁྱུད་ཅིང༌། གྲང་རླུང་རྒོད་པའི་སྨུག་རུམ་ཁྲོད་ན་
                         འཕར་སྤྱང་གི་ངུ་ཟུག་འདྲེས་པས།  ཁྱོད་ཀྱིས་གཅེས་བའི་སྲོག་ལ་འཇབ་རྒོད་དང་རྡོག་བརྫིས་ཐེབས།
  དུས་དེ་ནས་བཟུང༌། ང་ཚོའི་དམར་པོ་སྙིང་གི་ན་ཟུག་གི་ཁྲག་དྲོན་རྦ་རླབས་བཞིན་དྲག་ནས་དྲག་ཏུ་འཕྱོ།
  དུས་དེ་ནས་བཟུང༌། ང་ཚོའི་དཀར་པོ་རུས་ཀྱི་གས་ཆག་གི་སྲུབས་ཀ་ཆེ་ནས་ཆེ་རུ་ཕྱིན།
  དུས་དེ་ནས་བཟུང༌། ང་ཚོས་ཀ་མེད་སུམ་ཅུའི་གཤོག་ཟུང་བརྐྱངས་ཏེ་འབྱུང་འགྱུར་གྱི་མཁའ་དབྱིངས་སུ་བསྐྱོད་ཅིང༌།  
                         གཡའ་དག་པའི་འབྱུང་འགྱུར་གྱི་མཁའ་དབྱིངས་ན་སྤྲིན་དཀར་གྱི་སྡོངས་གྲོགས་ཡོད་པས། ང་ཚོའི་ཤེས་རིག་
                         གི་ལང་ཚོ་ལ་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་ང་ཚོའི་མདུན་ལྗོངས་ལ་དྲོད་ཁོལ་གྱི་མེ་དཔུང་འཁྲིགས།
  དུས་དེ་ནས་བཟུང༌། ང་ཚོས་ཉམས་སླ་བའི་ཚེ་སྲོག་འདིའི་གསོན་ཤུགས་ཀྱི་ཁ་དོག་སྦྱིན་དགོས། ང་ཚོས་ཉམ་ཐག་པའི་བླ་
                         སྲོག་ལ་སྟོབས་ཤུགས་ཀྱིས་མེ་ལྕེ་སྦར་དགོས། ད་དུང་མི་རིགས་འདིའི་རུས་རྐང་ན་རྒྱུ་བའི་ཡབ་མེས་ཀྱི་དྲོད་
                         ཁོལ་མ་ཡལ་བའི་ཁྲག་དྲོན་འདིའི་བཞུར་རྒྱུན་འབྱུང་འགྱུར་གྱི་ཤམ་བྷ་ལར་འདྲེན་དགོས།  དེ་དུས་ཁྱོད་ཀྱི་ཚེ་
                         སྲོག་ལ་སྔར་ལས……