ཨ་མ་ལགས། བུ་མོས་ཁྱེད་ཀྱི་བཀའ་དྲིན་བརྗེད་མི་སྲིད།

རྩོམ་པ་པོ།:ལྷ་བྱམས་སྒྲོལ་མ། 2011-05-08
མཚོ་སྔོན་པོ་དྲ་བ།

སློབ་གྲྭ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།
སློབ་རིམ། སློབ་ཆུང་།
རུས་མིང་། ལྷ་བྱམས་སྒྲོལ་མ།
འཛིན་གྲྭ། ལོ་རིམ་ལྔ་བའི་འཛིན་གྲྭ་དགུ་བ།                       


ཨ་མ་ལགས། བུ་མོས་ཁྱེད་ཀྱི་བཀའ་དྲིན་བརྗེད་མི་སྲིད།

               —— གསུམ་བརྒྱད་བུད་མེད་དུས་ཆེན་ལ་ཕུལ་བ།

                    ལྷ་བྱམས་སྒྲོལ་མ།

  ཨ་མ་ལགས། ཁྱེད་ཀྱི་ལུས་ཕུང་བདེ་ཐང་ཡིན་ནམ། བུ་མོ་ང་རྒྱང་རིང་གི་སློབ་གྲྭའི་ནང་དུ་བསྡད་ཡོད་ཀྱང་སེམས་ཁོང་ན་དུས་རྒྱུན་རང་དབང་མེད་པར་ཁྱེད་ཀྱི་བཀའ་སྡུག་དང་བྱམས་བརྩེ་དྲན་བྱུང༌།
  ཆུང་དུས་ནས་བཟུང༌། ཁྱེད་ཀྱིས་དཀའ་བ་བརྒྱ་ཕྲག་ལ་མ་བསམས་པར་ང་རང་གཉོར་སྐྱོང་གང་ལེགས་བྱས་ཏེ་ནར་སོན་དུ་བཅུག  ད་ལྟ་ང་རང་མོ་ལོ་བཅུ་བཞི་རེད། ཨ་མ་ལགས།  ཁྱེད་ཀྱི་དཀའ་ངལ་ཡང་ཅུང་ཙམ་ཤེས་སོང༌། ངས་ཁྱེད་ལ་སྐད་ཆ་ཞིག་བཤད་འདོད་སྐྱེས།  སྐད་ཆ་དེ་ནི་བུ་མོའི་སེམས་ནས་ཁྱེད་ནི་འོད་ཟེར་ལམ་ལམ་འཚེར་བའི་ཉི་ཟླ་ཞིག་དང་མཚུངས་པར། ནམ་ཡང་ངའི་སེམས་ཁོང་ན་འཆར་འདུག  ཁྱེད་ནི་དངོས་གནས་སངས་རྒྱས་ཤིག་དང་མཚུངས་ལ། ནམ་ཡང་ང་ལ་སློབ་གསོ་གང་མང་ཞིག་བཏང་ནས་མི་གཞི་ཅི་འདྲ་ཞིག་བྱེད་པའི་གོམ་སྣེ་བཟང་བོའི་ལམ་རིམ་བསྟན་པ་རེད།
  ཨ་མ་ལགས། ཁྱེད་མེད་ན་ད་ལྟ་གནམ་ལྡིང་ས་ལྡིང་བྱེད་པའི་བུ་མོ་ང་ཡང་གང་ན་ཡོད། བུ་མོ་ངས་ཨ་མ་ཁྱེད་ཀྱིས་བདག་སྐྱོང་དང་བྱམས་སྐྱོང་བྱས་པ་རྣམས་ཉིན་མཚན་རེས་མོས་སུ་ཡིད་ལ་བཟུང་སྟེ། ནམ་ཡང་བརྗེད་ཐབས་མེད།
ཨ་མ་ལགས།  ངས་ཁྱེད་ཀྱི་བདག་སྐྱོང་དང་བྱམས་སྐྱོང་ལ་དྲིན་ལན་འཇལ་རྒྱུ་ཡིན།  དྲིན་ལན་དེ་ཇི་ལྟར་འཇལ་ཟེར་ན། ངས་སློབ་སྦྱོང་གི་མཇུག་འབྲས་བཟང་བོ་བླངས་ཏེ་འཇལ་རྒྱུ་དེ་རེད། ཁྱེད་ཀྱིས་བལྟས་ནའང་དེ་ཡིན་སྲིད།
  ཨ་མ་ལགས། བུ་མོའི་སེམས་ན་ཁྱེད་ལ་བཟང་ཆ་ལས་ངན་ཆ་ཞིག་རྩ་བ་ནས་བཟུང་མེད། བུ་མོའི་སེམས་ནས་ཁྱེད་ནི་མི་སུ་ལའང་བསྡུར་ཐབས་མེད་ལ་འགྲན་ཐབས་ཀྱང་མེད་པས།  ཁྱེད་ཀྱི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད་དོ། །